ཟླ་10ཚེས་16ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འགོ་ཚུགས་ཤིང་། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་གནང་བ་རེད།
རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་བརྙན་འཕྲིན་དང་དྲ་རྒྱ་སོགས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འགོ་ཚུགས་ཚོགས་ཆེན་གྱི་ཐད་གཏོང་བལྟས་པ་རེད།
བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལས། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་སྒུག་ཆེན་པོ་མཚོན་གྱི་ཡོད་ལ། འབྱུང་འགྱུར་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་སྔར་བས་གསལ་སྟོན་གནང་ཡོད་པ་ཚང་མར་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཚང་མས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡག་པོ་བླངས་ནས། ལས་དོན་སྒྲུབ་རིང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ལྷ་ས།





ཆབ་མདོ།






ལྷོ་ཁ།







མངའ་རིས།


གཞིས་རྩེ།




ཉིང་ཁྲི།




(པར་རིས་དང་བརྙན་ཐུང་ཚང་མ་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་གཞུང་ཕྱོགས་སྐད་འཕྲིན་ལས་དྲངས)