དབུ་ཤོག>ཆེད་སྒྲིག
  • ཕན་ཚུན་ལྟ་སྐྱོང་གིས་ས་མཐོའི་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-15

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད། ཁ་གཏད་བོད་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་རང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རོགས་སྐྱོར་དང་ལེན་ལས་དོན་ལ་དམིགས་ཏེ་བློ་ཁོག་ཆེན་པོས་གསར་གཏོད་དང་། ནང་དོན་འཛུགས་སྐྱོང་ལ་མཐོང་ཆེན། རང་འགུལ་དང་། ཧུར་ཐག གནད་སྨིན་བཅས་ཀྱི་སྒོ་ནས་རོགས་སྐྱོར་དང་ལེན་བཅས་བྱས་ཏེ་རང་ངོས་འཕེལ་རྒྱས་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་མ་ཟད། ལྗོངས་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཡང་བརྩམས་ཡོད།

    དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཤོག་ཟུང་བསྒར་བ།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཡིད་འོང་ཇ་རའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2000ལས་མེད་པས། ཡུལ་དེར་དབྱར་ཁར་ཚ་བ་ཆུང་བ་དང་། ཉེ་འཁོར་གྱི་ནགས་ཚལ་སྟུག་པ། ལོ་འཁོར་མོར་སྨུག་སྤྲིན་འཁྲིགས་པ་བཅས་ཀྱི་ཡུལ་ཁམས་ཀྱི་ཁྱད་ཆོས་ལྡན་ཡོད། ཇི་ལྟར་བྱས་ནས་ཞན་ཆ་སེལ་བ་དང་ཕན་འབྲས་ཆེ་རུ་བཏང་ནས་ཇའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱ་རྒྱུ་ནི་ཡུལ་དེའི་ཇའི་ཁྲོམ་རས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་འགྱུར་ཡོད།

    2013ལོའི་ཟླ་6པ་ནས་ད་བར་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག་ཡིད་འོང་ཇ་རས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་ཇ་བཟོའི་སྒྲིག་ཆས་དང་དེ་བཞིན་ཚད་ལྡན་ཅན་དང་ལས་རིམ་ཅན་གྱི་དོ་དམ་ཐོན་སྐྱེད་ལམ་སྲོལ་ནང་འདྲེན་བྱས་པ་རེད། ཡིད་འོང་ཇ་རས་ནུས་ལྡན་གྱི་ཞིང་ནང་གཡོག་བྱེད་སྟངས་ལ་བརྟེན་ནས་ཐོན་སྐྱེད་ལྷུ་ཚིགས་ཀྱི་ཟད་གྲོན་ཆུང་དུ་བཏང་བས། ཇའི་ཐོན་འབབ་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་ནས་ཇ་ལོ་འདེབས་འཛུགས་དང་། ཐོན་སྐྱེད། ལས་སྣོན། ཕྱིར་ཚོང་། ཡུལ་སྐོར་བཅས་དང་དེ་བཞིན་གསོ་སྦྱོང་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རྣམ་པའི་གཞུང་ཁོངས་ཞིང་ར་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། 2020ལོར་ཡིད་འོང་ཇ་རའི་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་2740ཟིན་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།

    ཡིད་འོང་ཇ་ར་དང་འདྲ་བར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རང་ལྗོངས་ཀྱི་ས་གནས་ཁག་གི་དཔལ་འབྱོར་ལའང་འཕེལ་རྒྱས་ཀྱི་གཤོག་ཟུང་བསྒར་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་བོད་སྐྱོར་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་རོགས་སྐྱོར་དང་ལེན་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ས་གནས་དེ་གའི་གོང་འཕེལ་ལྟ་བར་འགྱུར་ལྡོག་གཏོང་བ་དང་། གོང་འཕེལ་གྱི་དཀའ་གནད་སེལ་བ། གོང་འཕེལ་གྱི་བསམ་ཕྱོགས་གསལ་པོ་བཟོ་བ་བཅས་ལ་རྩེ་གཅིག་ཏུ་གཞོལ་བ། སྲིད་ཇུས་དང་། ཐོན་ཁུངས། རྗེས་ཐོན་ལེགས་ཆ་དེ་བོད་སྐྱོར་ཚན་པའི་མ་དངུལ་དང་། ལག་རྩལ། ཁྲོམ་ར་སོགས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱེད་རྒྱུར་དོ་སྣང་བཅས་བྱས་ནས་ཁྱབ་ཁོངས་ཆེན་པོ་དང་། ཁྱབ་རྒྱ་ཆེ་བ། རིམ་པ་མཐོ་བ་བཅས་ཀྱི་སྒོ་ནས་དཔལ་འབྱོར་ལག་རྩལ་མཉམ་ལས་བྱས་ཡོད། ཁ་གཏད་རོགས་སྐྱོར་འོག་རང་ལྗོངས་ཀྱིས་ཁྱད་ལྡན་ཞིང་འབྲོག་ལས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་ལྡན་པའི་ཐོན་ལས་ཁག་གཅིག་སྐྱེད་སྲིང་བྱས་ཏེ་མང་ཚོགས་དབུལ་པོ་ཁྲི་23བདེ་བླག་ངང་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་བྱས་ཁར། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཡང་བཏང་ཡོད།

    དམངས་འཚོ་ལེགས་གཏོང་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་པ།

    ཉེ་བའི་ལོ་ཤས་རིང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་དང་ལྗོངས་ཡོངས་ཀྱི་སྨན་དོན་མི་སྣས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། 2021ལོའི་ལོ་མཇུག་བར“1+7”རོགས་སྐྱོར་དང་ལེན་སྨན་ཁང་གི་སྨན་བཅོས་ནུས་པ་ཆེ་རུ་དང་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར་6གི་མི་དམངས་སྨན་ཁང་རིམ་གསུམ་ཀ་པ་རིམ་པའི་སྨན་ཁང་ལ་འཛུགས་གཏོད་ཐུབ་པ་དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་རིམ་གསུམ་ཁ་པ་རིམ་པའི་སྨན་ཁང་ལ་འཛུགས་གཏོད་ཐུབ་ཡོད། རང་ལྗོངས་སུ“ནད་ཆེན”400ལྷག་ཙམ་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང“ནད་འབྲིང”2400ལྷག་ཙམ་གྲོང་ཁྱེར་དང་ས་ཁུལ་ནས་སྨན་བཅོས་ཐུབ་སྟེ་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་སོང་ཡོད།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་སྲུང་སྐྱོང་དྲ་བ་ཞིག་བསླས་ཡོད། དེ་དང་ཆབས་ཅིག་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལེགས་སུ་གཏོང་རྒྱུར་སྒུལ་ཤུགས་ཀྱང་བསྣན་ཡོད།

    སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། རོགས་སྐྱོར་དང་ལེན་སློབ་གྲྭས་ལྗོངས་ཕྱིའི་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་སློབ་གསོ་སློབ་ཁྲིད་བྱེད་སྟངས་དཔྱད་གཞིར་བཟུང་སྟེ་སློབ་གྲྭའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བས་སློབ་གྲྭའི་ནང་རྒྱས་ཀྱི་གོང་འཕེལ་གོམ་སྟབས་བརྟན་པོས་མདུན་སྐྱོད་ཐུབ་པ་དང་། སློབ་གསོའི་འདུ་ཤེས་དང་། སློབ་ཁང་སློབ་ཁྲིད། དོ་དམ་བྱེད་སྟངས་བཅས་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་བ། སློབ་མའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ལས་རང་ལྗོངས་ཀྱི་དམངས་འཚོ་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་གནས་ཀྱི་སྒུལ་ཤུགས་བསྣན་པ།

    ཤེས་ལྡན་མི་སྣ་ནི་འཕེལ་རྒྱས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཡིན་ཞིང་། རང་ལྗོངས་ཀྱིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྲིད་ཇུས་ལ་རྒྱུས་མངའ་ཆེ་བ་དང་། ལས་སྒོ་བྱང་ཆུབ་པ། ལྟ་ཚུལ་གསར་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་ཐོན་གྱི་འདུ་ཤེས་དང་། སྔོན་ཐོན་གྱི་ཉམས་མྱོང་། སྔོན་ཐོན་གྱི་བྱ་ཐབས་བཅས་བོད་དུ་ནང་འདྲེན་བྱེད་རྒྱུར་དར་སྤེལ་ཤུགས་ཆེན་བཏང་བ་དང་ས་གནས་དེ་གའི་ལས་བྱེད་པའི་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་གསར་བརྗེ་བྱེད་པ། བྱང་ཚད་མཐོ་རུ་གཏོང་བ་ལ་སྐུལ་ཁྲིད་བྱས་པ་དང་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་རྣམ་གྲངས་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་དེ“ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པ”ཟུང་འབྲེལ་བྱས་ཏེ་ཁ་གཏད་བོད་སྐྱོར་ཚན་པ་ཁག་དང་མཐུན་སྦྱོར་བྱས་ནས་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ་སོགས་བོད་དུ་འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་བོད་དུ་ལས་ཀར་བཏང་བ་མ་ཟད། བོད་ཀྱི་ན་གཞོན་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ཏེ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་གནས་སྦྱར་སྦྱོང་བརྡར་དང་ཆེད་ལས་ལག་རྩལ་གསོ་སྦྱོང་ལ་མངགས་ནས་ཁོང་ཚོའི་ལས་ཀའི་འཇོན་ཐང་སྔར་བས་ཆེ་རུ་བཏང་ཡོད།

    དེ་དག་ཐམས་ཅད་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བོད་སྐྱོར་སྟོབས་ཤུགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།