དབུ་ཤོག>ཆེད་སྒྲིག
  • མཐའ་དར་དམངས་ཕྱུག་དམངས་རྣམས་བདེ་ལ་འཁོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-14

    མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོར་སྐྱོད་སྐབས། ཁང་ཐོག་སྔོན་ཞིང་གྱང་དཀར་པོའི་བོད་བཟོའི་འབྱོར་འབྲིང་སྡོད་ཁང་25ཉི་འོད་འོག་ཏུ་ལྷག་པར་མཛེས།

    ཆེས་སྔ་ཤོས་ཀྱི་རྡོ་རྩིག་ཁང་པ་ཐབས་ཆག་ནས་ཨར་འདམ་ལྕགས་རྩིབས་མའི་བདེ་སྡོད་ཁང་པའི་བར་དང་། དེ་ནས་ད་ཆའི་སྤྲོ་ཁང་ལྟ་བུའི་སྡོད་ཁང་གསར་པའི་འགྱུར་ལྡོག་ལ་བདེ་མཆོག་གྲོང་ཚོའི་གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱིས“དེ་སྔ་ང་ཚོ་སོ་ཕག་ཁང་པའི་ནང་སྡོད་ཀྱི་ཡོད་པ་དང་། གློག་ཡང་མེད་པས་མཚན་མོ་སླེབས་སྐབས་མུན་ནག་རེད། ད་ཆ་སྡོད་ཁང་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བས། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    2017ལོར་ཁྱོན་མ་དངུལ་སྒོར་ཁྲི་1900བཏང་བའི་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས། ཚང་མས་རེ་སྒུག་ཆེན་པོ་བྱེད་པའི་ཁྲོད་2019ལོའི་ཟླ་9ཚེས་29ཉིན་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོ་སྡོད་ཁང་གསར་པའི་ནང་སྤོ་བའི་མཛད་སྒོ་འཚོགས་པ་དང་དུད་ཚང་25ཡི་མང་ཚོགས་79སྡོད་ཁང་གསར་པར་སྤོས། རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་ཕུད། གྲོང་ཚོའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད་པ་དང་གྲོང་མིའི་བྱེད་སྒོའི་ཐང་ཆེན་དང་། ལུས་རྩལ་ཐང་། ཞིང་པའི་དཔེ་དེབ་ཁང་སོགས་བསྐྲུན་པ་མ་ཟད། བདེ་མཆོག་གྲོང་ཚོར་ཡང་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”དང“རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དཔེ་སྟོན་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་པ་རེད།

    བདེ་མཆོག་གྲོང་ཚོའི་འཕོ་འགྱུར་ནི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་བསྡུས་རིས་ཤིག་རེད།

    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་མངའ་རིས་ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་འཕེལ་གྱི་ཇུས་གཞི་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་ལ་བརྩིས་ཡོད། སྒར་དང་། སྤུ་ཧྲེང་། རུ་ཐོག རྩྭ་མདའ་བཅས་མཐའ་མཚམས་རྫོང་4ཡི་མཐའ་མཚམས་ཤང་དང་གྲོང་རྡལ་15ཡི་མཐའ་མཚམས་གྲོང་ཚོ་37གྱི་འཆར་འགོད་ལག་བསྟར་བྱས་པས། མཐའ་མཚམས་མི་སེར་དུད་ཁྱིམ་5756གི་མི་21205ལ་ཕན་པ་ཐོབ་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་24.89གཏོང་རྒྱུའི་འཆར་འགོད་བྱས་ཡོད། མིག་སྔའི་བར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་37ཚང་མ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ་མ་ཟད་གནས་སྤོས་ཀྱང་བྱས་པ་རེད།

    རུ་ཐོག་རྫོང་གི་ལྷོ་ཕྱོགས་སུ་གནས་པའི་ལྕགས་སྒང་གྲོང་ཚོ་ནི་དཔེ་མཚོན་གྱི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་ཞིང་། ལོ་ཤས་གོང་གྲོང་ཚོའི་ནང་ས་རྡོའི་སྡོད་ཁང་གང་སར་མཐོང་རྒྱུ་ཡོད་པ་དང་མི་རྣམས་ལ་ལྕགས་སྒང་གྲོང་ཚོར་གནམ་དྭངས་བའི་དུས་སུ་ཐལ་རྡུལ་ལངས་པ་དང་ཆར་པ་འབབ་པའི་སྐབས་སུ་འདམ་པས་ཁེངས་པ་ཞིག་ཡིན་པའི་བག་ཆགས་ཟབ་མོ་བྱུང་ཡོད།

    2015ལོར་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་9000ལྷག་ཙམ་བཏང་ནས་ལྕགས་སྒང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་མང་ཚོགས་ཀྱི་སྡོད་ཁང་92དང་དེ་བཞིན་གྲོང་མིའི་ཐང་ཆེན་དང་། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་། ཚད་ལྡན་ཅན་གྱི་གསང་སྤྱོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད། ད་ཆའི་ལྕགས་སྒང་གྲོང་ཚོའི་བཀོད་པ་གཙང་བ་དང་མི་སེར་བདེ་ལ་འཁོད་པ་དང་། གྲོང་ཚོ་ཡོངས་སྒྲིག་བཀོད་འཐུས་སྒོ་ཚང་བའི་མེ་ཏོག་ལྡུམ་ར་ལྟ་བུའི་སྡོད་ཁང་གསར་པའི་ནང་སྤོས་པས་གྲོང་མི་ཚོའི་བདེ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ཉེ་བའི་ལོའི་རིང་། མངའ་རིས་ས་ཁུལ་གྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད། སྡོད་ཁང་གསར་པ་2826བསྐྲུན་པར་ཁྱོན་སྨི་ངོས་གྲུ་ཁྲི་36.4ཟིན་པ་དང་། སྡོད་ཁང་1502བསྒྱུར་བཀོད་བྱས་པར་སྨི་ངོས་གྲུ་ཁྲི་33.6ཟིན་ཡོད། གྲོང་ཚོའི་ནང་གི་གཞུང་ལམ་སྤྱི་ལེ་119དང་། གྲོང་ཚོར་གློག་སྒྲོན་4697སྨི་ངོས་གྲུ་978ཟིན་པའི་སྦྲག་སྲིད་ས་ཚིགས། སྨི་ངོས་གྲུ་918ཟིན་པའི“ཞིང་གསུམ”དངུལ་རྩའི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱས་པ། མཐའ་མཚམས་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་། རང་བྱུང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད། གྲོང་ཚོའི་གཞུང་ལམ་ཨར་འདམ་དུ་གྱུར་ཚད། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཁྱབ་གདལ་གཏོང་ཚད། གློག་སྤྱོད་མི་འབོར་ལ་ཁྱབ་ཚད། གློག་དྲ་གཙོ་བོ་མི་འབོར་ལ་ཁྱབ་ཚད། སྲིད་འཛིན་གྲོང་ཚོར་ལམ་སྒྲོན་ཁྱབ་གདལ་གཏོང་ཚད། དྲ་ཆེན་ཤར་གཏོང་ཐུབ་ཚད། འོད་སྐུད་ཤར་གཏོང་ཐུབ་ཚད། 4Gསྤྱོད་མཁན་ལ་བརྡ་རྟགས་ཁྱབ་ཚད། སྦྲག་སྲིད་ཞབས་ཞུ་ཁྱབ་ཚད། དངུལ་རྩའི་ཞབས་ཞུ་ཁྱབ་ཚད་བཅས་ཚང་མ་100%ཟིན་ཡོད།

    མཐའ་མཚམས་གྲོང་ཚོའི“རང་བརྟེན”ནུས་པ་ཆེ་རུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་སྤྱི་འདོམས་དམ་འཛིན་བྱས་ནས་འདེབས་གསོ་དང་ཡུལ་སྐོར་སོགས་མཐའ་མཚམས་ས་ཁུལ་ལ་འཚམ་པའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་མི་སེར་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད། ལེ་ལག་ཚང་བའི་ཐོན་ལས་32འཆར་འགོད་བྱས་པ་དང་མིག་སྔར་ཚང་མ་བསྐྲུན་ཟིན་ནས་མཐའ་མཚམས་མི་སེར་21205ལ་ཕན་པ་ཐོབ་པ་དང་། སྤུ་ཧྲེང་རྫོང་སྟོད་ཡུལ་གྲོང་ཚོའི་བྱེ་རྡོ་ར་བའི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཐད“ཀུང་སི་དང་། མཉམ་ལས་ཁང་། ལས་ཞུགས་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་གཞིགས་ནས་མཐའ་མཚམས་མི་སེར་1000ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་། རྩྭ་མདའ་རྫོང་ཆུ་གསུམ་ཤང་ཆུ་མོ་ཏི་གྲོང་ཚོའི་བྱེ་རྡོ་ར་བ་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་བཟུང་། ས་གནས་དེ་གའི་མཐའ་མཚམས་མི་སེར་ལ་ཡོང་འབབ་སྒོར་ཁྲི་33ལྷག་ཙམ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་781བྱུང་ཡོད།

    ལོ་བཅུའི་རིང་འབད་འཐབ་བྱས་པ་བརྒྱུད། མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་མི་སེར་གྱི་འཚོ་བ་འཁྲུག་ཆ་དོད་དུ་ཕྱིན་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐའ་དར་དང་། མཐའ་བརྟན། མཐའ་སྲུང་བཅས་བྱ་སྤྱོད་དངོས་ལ་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།