ཟླ་10ཚེས་9ཉིན། བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས《〈དཔལ་འབྱོར་བརྟན་དུ་གཏོང་བའི་སྐོར་གྱི་གནས་སྐབས་རང་བཞིན་གྱི་བྱ་ཐབས་འགའ་ཞིག〉ནང་གི་ལས་བརྟན་ལས་ཞུགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ནང་ལས་གནས་བརྟན་གཏོང་གི་དངུལ་ཕྱིར་སྤྲོད་པ་དང་། སྤྲོད་ཐེངས་གཅིག་གི་ལས་ཉར་མི་སྣའི་གསོ་སྦྱོང་གི་ཁ་གསབ། སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་བཅས་ལོངས་སྤྱོད་བྱེད་པའི་ཐད་གཤམ་གསལ་གྱི་གཏན་འབེབས་བྱས་པ་སྟེ།
གཅིག ལོངས་སྤྱོད་ཀྱི་ཆ་རྐྱེན།
(1)ཁེ་ལས་དང་། སྤྱི་ཚོགས་ཚོགས་པ། ཐེབས་རྩ་ལྷན་ཚོགས། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི། ཁྲིམས་རྩོད་པའི་དོན་གཅོད་ཁང་། རྩིས་པའི་དོན་གཅོད་ཁང་བཅས་ཀྱིས་ཚན་པའི་རྣམ་པ་བརྒྱུད། འགན་བཅོལ་ལ་ཞུགས་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་ཚད་གཞི་གཞིར་བཟུང་ལག་ལེན་བསྟར་དགོས།
(2)རང་ལྗོངས་སུ་ལས་ཤོར་འགན་བཅོལ་ལ་ཞུགས་པ་མ་ཟད། ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཟླ་12ཡན(ཟླ་12ཚུད་པ)གྲངས་ཚང་འཇལ་བའི་ཁེ་ལས་དང་། ལོ་འཁོར་གོང་མར་ལས་མི་ཉུང་འཕྲི་བྱས་མེད་པའམ་ལས་མི་ཉུང་འཕྲི་བྱེད་ཚད་ལོ་འཁོར་གོང་མའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྟག་དཔྱད་ཀྱི་དམིགས་ཚད་ལས་བརྒལ་མེད་པ། མི་30(ཚུད་པ)མན་གྱི་ཁེ་ལས། མི་ཉུང་འཕྲི་བྱེད་ཚད་འགན་བཅོལ་ལ་ཞུགས་པའི་ལས་བཟོའི་བསྡོམས་འབོར་གྱི་20%ལས་བརྒལ་མེད་པ་བཅས་ཡིན་ཕྱིན། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་དངུལ་ཕྱིར་སྤྲོད་རེ་འདུན་ཞུ་ཆོག
(3)རང་ལྗོངས་སུ་ཏོག་གསར་རིམས་ནད་དབང་གིས་གནས་སྐབས་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་བྲལ་བའི་ཞག་སྡོད་བཟའ་བཏུང་དང་། སྡེབ་ཚོང་སིལ་ཚོང་། རིག་གནས་ལུས་རྩལ་ཡུལ་སྐོར། གཞུང་ལམ་ལྕགས་ལམ་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་སོགས་ལས་རིགས་5ཡི་འགན་བཅོལ་ལ་ཞུགས་པའི་ཁེ་ལས་དང་། རང་ལྗོངས་སུ་ཉེན་ཁ་ཆེ་འབྲིང་1(ཚུད་པ)ཡན་ཐོན་པའི་རིམས་ནད་ས་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་དང་། རྫོང་ཆུས། ཏོག་གསར་རིམས་ནད་དབང་གིས་གནས་སྐབས་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་བྲལ་བའི་འགན་བཅོལ་ལ་ཞུགས་མཁན་ཁེ་ལས་ཚང་མར། སྤྲོད་ཐེངས་གཅིག་གི་ལས་ཉར་གསོ་སྦྱོང་ཁ་གསབ་ལོངས་སྤྱོད་བྱ་ཆོག
(4)འབྲེལ་ཡོད་ཡིག་ཆའི་བླང་བྱ་ལྟར། 2020ལོའི་ཟླ་7པ་ནས་2022ལོའི་ལོ་འཁོར་བར། ལས་ཀར་བསྡུས་པའི་སློབ་གསོ་སྡེ་ཚན་གྱིས་རྩིས་སྤྲོད་བྱས་པའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མའི་གྲངས་གཞིའི་ཆ་འཕྲིན་ནང་གི་མི(མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་ལག་ཁྱེར་རག་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ)དང་། དེ་བཞིན་རང་ལྗོངས་ཀྱི་ལོ་16ནས་24བར་གྱི་ལས་ཤོར་ཐོ་འགོད་བྱས་པའི་མི་ཡིན་ཁར། ངལ་རྩོལ་གན་རྒྱ་བཞག་ནས། ལས་མིར་ལས་ཤོར་འགན་བཅོལ་གྲོན་དངུལ་ཟླ་བ་གཅིག་ཡན་འཇལ་བའི་ཁེ་ལས(སློབ་ཐོན་སློབ་མ་དང་ལས་ཤོར་ཐོ་འགོད་བྱས་པའི་མིས་ཁེ་ལས་མི་འདྲ་བར་ལོངས་སྤྱོད་ཐེངས་གཅིག་ལས་བྱ་མི་ཆོག དེ་དང་དུས་མཚུངས་སྤྲོད་ཐེངས་གཅིག་གི་ལས་ཞུགས་ཁ་གསབ་ལོངས་སྤྱོད་བྱས་པའི་ཁེ་ལས་ཀྱིས་སྤྲོད་ཐེངས་གི་ལས་གནས་མང་གཏོང་གི་ཁ་གསབ་ཡང་བསྐྱར་ལོངས་སྤྱོད་བྱ་མི་ཆོག)ཀྱིས་སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་ལོངས་སྤྱོད་བྱ་ཆོག
གཉིས། ཁ་གསབ་ཀྱི་ཚད་གཞི།
(1)ལས་གནས་བརྟན་གཏོང་དངུལ་ཕྱིར་སྤྲོད་བྱེད་པ་ནི། འགན་བཅོལ་ལ་ཞུགས་པའི་ཁེ་ལས་ཡོངས་ཀྱི་ལོ་འཁོར་གོང་མའི་ཁེ་ལས་དང་ལས་བཟོས་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་གྲོན་དངུལ་བསྡོམས་འབོར་གྱི་90%ཡི་ཚད་གཞི་ལྟར། ལས་གནས་བརྟན་གཏོང་གི་དངུལ་ཕྱིར་སྤྲོད་བྱེད་རྒྱུ།
(2)སྤྲོད་ཐེངས་གཅིག་གི་ལས་ཉར་གསོ་སྦྱོང་གི་ཁ་གསབ་དེ་འགན་བཅོལ་ལ་ཞུགས་པའི་ལས་བཟོ་མི་རེ་ངོ་རེར་སྒོར་500ཡི་ཚད་གཞི་ལྟར། གཏོང་སྤྲོད་ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ལ་སྤྲོད་རྒྱུ།
(3)འགན་བཅོལ་ལ་ཞུགས་པའི་ཁེ་ལས་ཀྱིས་མི་གཅིག་ལས་ཀར་བཅུག་ན་སྒོར་1500མན་གྱི་ཚད་གཞི་ལྟར། སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་སྤྲོད་རྒྱུ།
གསུམ། དངུལ་སྤྲོད་སྟངས།
གོང་གསལ་སྲིད་ཇུས་ཀྱི་དངུལ་སྤྲོད་སྟངས་དེ“རེ་འདུན་ཞུ་མི་དགོས་པར་ལོངས་སྤྱོད”དང“ཁེ་ལས་ཀྱིས་རང་བརྟེན་རེ་ཞུ”བྱེད་སྟངས་ལ་བརྟེན་ནས་དངུལ་སྤྲོད་རྒྱུ།
བཞི། དངུལ་སྤྲོད་པའི་གོ་རིམ།
(1)རེ་འདུན་ཞུ་མི་དགོས་པའི་ལོངས་སྤྱོད། ལས་ཞུགས་གྲངས་གཞི་ཆེན་པོའི་མ་ལག་ནས་ཞིབ་བསྡུར་བྱས་པ་བརྒྱུད། ལས་གནས་བརྟན་གཏོང་དངུལ་ཕྱིར་སྤྲོད་དང་། སྤྲོད་ཐེངས་གཅིག་གི་ལས་ཉར་ཁ་གསབ། སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་བཅས་ཀྱི་སྲིད་ཇུས་དང་མཐུན་པའི་ཁེ་ལས་གདམ་གསེས་བྱས་ཏེ། ལས་ཤོར་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་ཁེ་ལས་ལ“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན”(དྲ་ཚིགས། 218.206.180.132)དུ་གང་མགྱོགས་ཞུགས་ཏེ། འབྲེལ་ཡོད་ཆ་འཕྲིན་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས ཆ་འཕྲིན་གཏན་འཁེལ་ཡང་བྱེད་དགོས། ལས་ཤོར་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་ཞིབ་བཤེར་ཐོབ་པ་དང་འབྲེལ། ཡོངས་བསྒྲགས་བྱས་པར་བསམ་འཆར་མེད་ཚེ། ལས་གནས་བརྟན་གཏོང་དངུལ་ཕྱིར་སྤྲོད་དང་། སྤྲོད་ཐེངས་གཅིག་གི་ལས་ཉར་བཟོ་པའི་ཁ་གསབ། སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་བཅས་ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲར་དུས་ཐོག་ཏུ་བསྒྱུར་རྒྱུ།
(2)ཁེ་ལས་ཀྱིས་རང་བརྟེན་འདུན་ཞུ་བྱེད་པ།
ཁེ་ལས་ཀྱིས“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན”(དྲ་ཚིགས། 218.206.180.132)གྱི་ལས་གནས་བརྟན་གཏོང་དངུལ་ཕྱིར་སྤྲོད་དང་། སྤྲོད་ཐེངས་གཅིག་གི་ལས་ཉར་བཟོ་པའི་ཁ་གསབ། སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་བཅས་ཀྱི་དྲ་ངོས་སུ་ཞུགས་ཏེ་རང་ཉིད་ཀྱིས་རེ་འདུན་ཞུ་དགོས། ལས་ཤོར་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་ཞིབ་བཤེར་ཐོབ་པ་དང་འབྲེལ། ཡོངས་བསྒྲགས་བྱས་པར་བསམ་འཆར་མེད་ཚེ། ལས་གནས་བརྟན་གཏོང་དངུལ་ཕྱིར་སྤྲོད་པ་དང་། སྤྲོད་ཐེངས་གཅིག་གི་ལས་ཉར་བཟོ་པའི་ཁ་གསབ། སྤྲོད་ཐེངས་གཅིག་གི་ལས་གནས་མང་གཏོང་གི་ཁ་གསབ་བཅས་ཁེ་ལས་ཀྱི་དངུལ་ཁང་གི་རྩིས་ཁྲར་དུས་ཐོག་ཏུ་བསྒྱུར་རྒྱུ།
ལྔ། དངུལ་སྤྲོད་པའི་དུས་བཀག
ལས་ཀའི་ཉིན་གྲངས་7གྱི་ནང་དཔྱད་ཡིག་ཞིབ་བཤེར་ཐོབ་རྗེས་ཟླ་རྗེས་མར་སྤྲོད་རྒྱུ།
དྲུག མཚམས་འཇོག་དུས་ཚོད།
2022ལོའི་ཟླ་12ཚེས་31ཉིན།
བདུན། དངུལ་སྤྲོད་སྒྲིག་གཞི།
འགན་བཅོལ་ལ་ཞུགས་སའི་ལས་ཤོར་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི།
གཞན་ཡང་བོད་ཀྱི་དཔལ་འབྱོར་བརྟན་གཏོང་བྱ་ཐབས་ནང་གི་གཤམ་གསལ་གྱི་ཁ་གསབ་རོགས་དངུལ་འདི་དག་ཀྱང་ལེན་ཆོག་པ་སྟེ།
(1)ལས་གཏོད་མ་དངུལ།
(2)ལས་གཏོད་གཉེར་སྐྱོང་བྱེད་སའི་ཁང་གླ་དང་དེ་བཞིན་ཆུ་རིན་དང་གློག་རིན་གྱི་ཁ་གསབ།
(3)ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞིས་ལས་ཀར་བཅུག་པའི་བྱ་དགའི་དངུལ་དང་ཁེ་ལས་ཀྱིས་ལས་ཀར་བཅུག་པའི་བྱ་དགའི་དངུལ།
(4)ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་མ་དངུལ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་བའི་ལས་ཞུགས་གཞན་སྒྱུར་གྱི་ཁ་གསབ་དང་བདལ་གླའི་ཁ་གསབ།
སྒྲུབ་གཉེར་ལས་ཁུངས་ཀྱི་བློ་འདྲིའི་ཁ་པར་ཨང་གྲངས་སོགས་ཞིབ་ཕྲའི་ནང་དོན་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་ཐུབ།