དབུ་ཤོག>ཆེད་སྒྲིག
  • ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་དུ་སྤྱད་ནས་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-13

    ཉེ་ཆར། ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་ཆ་ཚང་སློབ་ཆུང་གི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་གསར་འགོད་པར་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་ནས་ཨར་སྐྲུན་པ་ཚོ་ལས་ལ་བྲེལ་བའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མཐོང་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་15ཉིན་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་རིམ་བཞིན་ལས་ཐོན་བསྐྱར་ཚུགས་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཀྱི་ལས་ཐོན་བསྐྱར་ཚུགས་བྱེད་པར་ཆེད་སྒྲུབ་ཚོགས་ཆུང་གིས་རིམ་རྩིས་བྱས་ན་རྣམ་གྲངས་508ལས་ཐོན་བསྐྱར་ཚུགས་བྱེད་པར་མཆན་འགོད་བཀའ་ལན་སྤྲད་པས་ལས་འགོ་བསྐྱར་ཚུགས་བྱེད་ཚད་65.80%ཟིན་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་ཡུལ་དུ་མི་ཁྲི་1.2ཡོད་པ་རེད།

    ལས་ཐོན་བསྐྱར་ཚུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཆེད་མངགས་རྣམ་གྲངས་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་འཕེལ་སྒྱུར་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་ནས་འཇོན་ཐང་ཅན་སྐོང་འཐེན་བྱས་ནས་གཙོ་བོ་ལས་འགོ་བསྐྱར་ཚུགས་ཀྱི་རེ་ཞུ་ཕུལ་བའི་རྣམ་གྲངས་ལ་ཞིབ་བཤེར་དང་། ཚོད་སྐོར། ཆོག་མཆན་སྤྲོད་པ་བཅས་ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པར་གཞོགས་འདེགས་དང་རོགས་རམ་བྱེད་པའི་འགན་འཁུར་གྱི་ཡོད་པ་རེད།

    ཆེད་དོན་ཚན་ཁག་བཙུགས་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་སྔ་རྗེས་སུ་སྤྱི་ཚོགས་ལ་འཛུགས་སྐྲུན་རྒྱུ་ཆ་མཁོ་འདོན་འགན་ལེན་བྱེད་མཁན་ཁེ་ལས་50ལྷག་ཙམ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། “གནད་ཀྱིས་གནད་ལ་དམིགས་པའི”བཀག་སྡོམ་སྐྱེལ་འདྲེན་བརྒྱུད་ཕྱི་ཕྱོགས་ནས་ཨར་ལས་མི་སྣ་ཁྱོན་མི་ཐེངས་200ཙམ་དབོར་རྒྱུར་མཐུན་སྦྱོར་བྱས་པ། གཙོ་གནད་དངོས་རྫས་སྐྱེལ་འདྲེན་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་1000ལྷག་ཙམ་མཐུན་སྦྱོར་བྱས་ཏེ་གཉེར་བ། གཙོ་གནད་རྣམ་གྲངས་ཀྱི་སྔོན་གྲབས་འགྲོ་ལུགས་དང་དེ་བཞིན་དོན་དག་གཞན་10ལྷག་ཙམ་གཉེར་རྒྱུར་མཐུན་སྦྱོར་བྱས་པ། ཐབས་མང་མཉམ་སྤྱོད་ཀྱིས་རྣམ་གྲངས་ས་ཚིགས་ཁག་གི་ཨར་ལས་རྒྱུ་ཆ་དང་འཚོ་བའི་དངོས་རྫས་སོགས་རྒྱུན་གཏན་ལྟར་མཁོ་སྤྲོད་ཐུབ་པའི་འགན་ལེན་གྱིས་ལས་ཡུལ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ལས་ཐོན་བསྐྱར་ཚུགས་ཡོང་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།