དབུ་ཤོག>ཆེད་སྒྲིག
  • ཏང་དར་ལྷབ་ལྷུབ་གཡོ། ཏང་རྟགས་འོད་མདངས་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-13

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱིས་འགན་ལེན་བྱས་ཡོད།

    གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་བཏང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་གཞི་རིམ་དམ་འཛིན་དང་། རྨང་གཞི་ལེགས་གཏོང་། གཞི་རྩ་བརྟན་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་པ་དང་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། གཞུང་ཕྱོགས་དང་འཕྲེད་ཕྱོགས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་ཏང་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། གྲོང་ལྷན་ཏང་རྩ་འཛུགས་དང་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དག་ཐེར་བྱེད་པ་བཅས་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་བ། མཐའ་མཚམས་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཧུར་ཐག་བཏོད་ཡོད། རང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲངས་འབོར་དེ་2012ལོའི་ཁྲི་1.4ནས་2022ལོའི་ཁྲི་2.2བར་འཕར་བ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཆ་ཚང་ཏང་ཡོན་ཡིན་པ་རེད།

    གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཁག་ཐེངས་11གི་ལས་བྱེད་པ་ཁྲི་23ལྷག་ཙམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། ཧྲུའུ་ཅི་དང་པོ། འདེམས་གཏོང་སློབ་མ་བཅས་བྱེད་པར་མངགས་གཏོང་བྱས་ཁར། མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་གྲོང་གསེབ་དར་རྒྱས་སོགས་ཀྱི་རིགས་ཁག་གི་ཆེད་ལས་ལས་མི་ཁྲི་1.2ལྷག་ཙམ་བསྡུས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟོབས་ཤུགས་ཆེ་རུ་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་86.67བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ནུས་ཤུགས་ཡོད་རྒུས“ཁོག་སྟོང་གྲོང་ཚོ”མེད་པ་ཧུར་ཐག་བཟོས་ཡོད།

    ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱས་པ།

    “དམངས་ལ་ཞབས་འདེགས་ཞུ་བའི་ཐད་འབད་བརྩོན་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་རྣམས་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་མི་དམངས་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། ལམ་སྣེ་འཁྲིད་མཁན་བཅས་ཡག་པོ་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བའི་ཐད་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་གསུངས་ཡོད། དེ་ནི་2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་བཏོན་གནང་བའི་བླང་བྱ་གསལ་པོ་ཞིག་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་རྗེས་ཀྱི་ལོ་གཅིག་ནང་གྲོང་ཚོ་དེའི་འཕེལ་རྒྱས་བསམ་ཕྱོགས་དེ་བས་ཁ་གསལ་དུ་གྱུར་བ་དང་ངར་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཀ་ལའི་ཁམ་བུའི་མེ་ཏོག་འབྱུང་ཁུངས་དང་ཞིང་ལས་ཕྱོགས་བསྡུས་དངོས་ཚན་སོགས་ཀྱི་རྣམ་གྲངས་ལ་དམིགས་ནས་འཚོལ་ཞིབ་ཟམ་མི་ཆད་པར་བྱས་པ་བརྒྱུད། “ཡུལ་སྐོར+”འཕེལ་རྒྱས་གཏོང་སྟངས་སྔར་བས་མང་དུ་སོང་སྟེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད། 2021ལོར་ཀ་ལ་གྲོང་ཚོར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་1262.3བྱུང་བ་དེ་དུས་མཚུངས་ལས་13.2%འཕར་བ་དང་། དུད་ཚང་33གྱི་ཡུལ་མི་152ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.5ཟིན་པ་དེ་དུས་མཚུངས་ལས་12.9%འཕར་ཡོད།

    “ང་ནི་གྲོང་ཚོའི་སྣེ་ཁྲིད་པ་དང་མེ་འཁོར་གྱི་མགོ་ལྟ་བུ་ཡིན་པས། ནུས་པ་ཐོན་ཐུབ་པ་དང་ལས་ཀ་ཧུར་ཐག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན”ཞེས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བརྗོད།

    སྤེན་པ་ནི་ལྗོངས་ཡོངས་ཀྱི་ཏང་ཡོན་ཁྲི་43.3ཁྲོད་ཀྱི་གྲས་ཤིག་རེད། ཏང་ཡོན་རེ་རེ་ནི་དར་ཆ་ཞིག་དང་འདྲ་བར་ས་མཐོའི་ས་གཞི་ཆེ་མོར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

    འོད་མདངས་རྒྱས་པའི་ཏང་རྟགས་རེ་རེ་ནི་བློ་དཀར་སེམས་དཀར་གྱི་ཏང་ཡོན་རེ་རེ་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པའི་རྒྱང་ལམ་ཐོག་གང་སར་གུང་ཁྲན་ཏང་ཡོན་གྱིས་གདོང་མཆོང་མདུན་སྐྱོད་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་པ།

    “ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་འཐབ་རྩོད་གལ་ཆེན་ལ་ཁ་གཏད་གཅོག་པའི་འཇོན་ཐང་དང་ཉེན་ཁ་ཚབས་ཆེན་འགོག་ཟོན་བྱེད་པའི་འཇོན་ཐང་ཆེ་རུ་བཏང་སྟེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་འདི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད།

    དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་ནན་པའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ནམ་ཡང་ཚར་དུས་མེད་པ་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་རྒྱུན་སྲིང་ལྷོད་མེད། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་། རྒྱུད་ཁོངས་ལག་བསྟར་དང་རྩ་ལག་མཉམ་བཅོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ནས་གངས་ལྗོངས་ས་མཐོར་ཐོག་མཐའ་བར་གསུམ་དུ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད།

    བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཅས་མུ་མཐུད་འདོན་སྤེལ་བྱེད་པ་དང་། རྒྱུན་ཆད་མེད་པར་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་བརྟན་དུ་གཏོང་བ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་དང་ཟོལ་མེད་ལག་བསྟར་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།