དབུ་ཤོག>ཆེད་སྒྲིག
  • འགག་རྩའི་དུས་སུ་འགན་འཁྲི་ནན་པོ་འཁུར་མཁན་འཐུས་མི་ཉི་མ་ལྷ་འཛོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-12

    འགག་རྩའི་དུས་སུ་འགན་འཁྲི་ནན་པོ་འཁུར་བ།

    —— ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་འགྲམ་ཁུལ་གསར་ཤོལ་པོ་སྒང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ལྷ་འཛོམས་ཀྱི་སྐོར་བཀོད་པ།

      2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་འགྲམ་གྲོང་རྡལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཁོང་གིས་ཉེན་ཁའི་དུས་སུ་ཉེན་སེལ་གེགས་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་ཧུར་ཐག་ཞུགས་ཤིང་། 2022ལོའི་ཟླ་བརྒྱད་པར་གློ་བུར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་པས་ཁོང་གིས་འགག་རྩའི་དུས་སུ་འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱས་ཡོད། ཁོང་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། གཞིས་རྩེ་གྲོང་ཁྱེར་འགྲམ་ཁུལ་གསར་ཤོལ་པོ་སྒང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ། གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ལྷ་འཛོམས་རེད། ཁོང་གི་ཕུལ་བྱུང་གི་བྱེད་སྟངས་དེར་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། གཞིས་རྩེ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར། གཞིས་རྩེ་གྲོང་ཁྱེར་གྱི་གསུམ་བརྒྱད་དར་དམར་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་འཐོབ་མྱོང་ཡོད།

    640.jpg

      ཉི་མ་ལྷ་འཛོམས་ཀྱིས་མང་ཚོགས་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་བྱེད་བཞིན་པ།

      ཉི་མ་ལྷ་འཛོམས་ཀྱི་སྐོར་གླེང་སྐབས། གཉའ་ནང་རྫོང་འགྲམ་གྲོང་རྡལ་དུ་ཁོང་ངོ་མི་ཤེས་མཁན་གཅིག་ཀྱང་མེད། 2015ལོའི“4·25”ས་ཡོམ་རྒྱག་སྐབས། ཤོལ་པོ་སྒང་སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བའི་ངོས་ནས། ཁོང་གིས་རང་ཉིད་ཀྱི་བདེ་སྡུག་ལ་མ་བལྟོས་པར་འཕྲལ་དུ་མང་ཚོགས་སྒྲིག་འཛུགས་བྱས་ནས། བདེ་འཇགས་ཁུལ་དུ་གནས་སྤོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་ཚང་མའི་འཚོ་བ་འགན་ལེན་ཐུབ་པར་བྱས་པ་རེད། ས་ཡོམ་བརྒྱབ་རྗེས་ཁོང་གིས་སླར་ཡང་སྡེ་ཁུལ་གྱི་ལས་བྱེད་པ་དང་མཉམ་དུ་གནས་སྤོས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་མང་ཚོགས་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་འགྲམ་ཁུལ་གསར་དུ་གཞིས་ཆགས་ཐུབ་པར་བྱས་པ་རེད།

    640 (1).jpg

    གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་ཐོན་རིང་ཉི་མ་ལྷ་འཛོམས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ་དུ་སྒྲིག་ལམ་སྲུང་བཞིན་པ།

      ཉེན་ཁའི་དུས་སམ་ཡང་ན་རྒྱུན་གཏན་ནས་ལེགས་སྐྱེས་ཧུར་ཐག་ཕུལ་ཞིང་། འགྲམ་ཁུལ་གསར་དུ་གཞིས་ཆགས་པའི་མང་ཚོགས་རྣམས་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་སའི་ཡུལ་ནས་ཁ་བྲལ་བས། མི་མང་པོ་ཞིག་ལས་ཞུགས་ལས་གཏོད་མི་བྱེད་ཀ་མེད་བྱུང་ཡོད། ཉི་མ་ལྷ་འཛོམས་ཀྱིས་མི་སྤྱི་སྡེ་ཚན་དང་འབྲེལ་བ་ཧུར་ཐག་བྱས་ནས། མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་ཕྱི་ནང་གི་ཁེ་ལས་དང་འབྲེལ་གཏུག་བྱས་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱས་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ནི། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཆེད། ཁོང་གིས་ཚང་མའི་སྣེ་ཁྲིད་ནས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། ཁོང་གིས་སྒྲིག་འཛུགས་དང་གཉེར་སྐྱོང་བྱས་པའི་གཉའ་ནང་རྫོང་གི་འཛོམས་འཛོམས་ཞིང་ཞོར་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཐོན་སྐྱེད་བྱས་པའི་ཁྱད་ལྡན་སུར་པན་ལ་ལོར་ཡོང་འབབ་སྒོར་ཁྲི་120ལྷག་ཙམ་ཡོད།

    640 (2).jpg

    གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་ཐོན་རིང་ཉི་མ་ལྷ་འཛོམས་ཀྱིས་རིམས་འགོག་དུག་སེལ་གྱི་ལས་དོན་སྒྲུབ་བཞིན་པ།

      གཞིས་རྩེ་གྲོང་ཁྱེར་དུ་རེས་སྐོར་འདིའི་རིམས་ནད་ཐོན་རྗེས། ཤོལ་པོ་སྒང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པའི་ཉི་མ་ལྷ་འཛོམས་ལ་ལས་འགན་འཁུར་ཚུན་གྱི་འགྲན་སློང་གལ་ཆེན་དང་པོ་དེ་ཕྲད། ཤོལ་པོ་སྒང་སྡེ་ཁུལ་ནི་ཕྱོགས་བཞི་ཁྲོམ་གཞུང་དང་འབྲེལ་བའི་སྒོ་དབྱེ་རྣམ་པའི་ཁུལ་ཆུང་ཞིག་ཡིན་པ་དང་། འགྲོ་ལམ་མང་བ་དང་མི་འགྲོ་སྐྱོད་ཆེ་བས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་གནོན་ཤུགས་ཆེན་པོ་ཕྲད་ཡོད། ཉི་མ་ལྷ་འཛོམས་དང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་བུ་ཁྲིད་ཀྱིས་འཕྲལ་དུ་སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་ནས་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ཏེ་ཁུལ་ཆུང་བཀག་སྡོམ་ཚོད་འཛིན་དང་། ཉིང་སྐྱུར་བརྟག་དཔྱད། ཁོར་ཡུག་གཙང་བཟོ། གད་སྙིགས་གཙང་སེལ། དངོས་ཟོག་ཁག་བགོས་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་རེད། མང་ཚོགས་ཀྱི་འཇིགས་སྣང་དང་སེམས་ཁྲལ་བསལ་ཆེད། ཉི་མ་ལྷ་འཛོམས་ཀྱིས་བྱེད་ཐབས་སྣ་ཚོགས་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་ཁྱོན་ཡོངས་ལ་བྱས་ནས། མང་ཚོགས་ལ་རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་ཁྱིམ་སྡོད་མང་ཚོགས་ལ་འཚོ་བའི་དངོས་ཟོག་མཁོ་འདོན་བྱས་པ་མ་ཟད། སྨན་བཅོས་ཀྱི་དགོས་མཁོ་ཡོད་པའི་མང་ཚོགས་ལ་སྨན་ཁང་དང་འབྲེལ་བ་བྱས་ནས་ཁོ་ཚོའི་སེམས་ཁྲལ་བསལ་བ་རེད།

    640 (3).jpg

    གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་ཐོན་རིང་ཉི་མ་ལྷ་འཛོམས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་རྒན་རྒོན་ལ་རོགས་རམ་བྱེད་བཞིན་པ།

      ཤོལ་པོ་སྒང་སྡེ་ཁུལ་གྱི་གྲོང་མི་ཉི་མ་དོན་གྲུབ་ཀྱིས། ཁྱིམ་དུ་ལོགས་བཀར་སྡོད་རིང་། ང་ཚོར་བཟའ་བཅའ་དང་སྨན་རྫས་མཁོ་སྐབས་ཀྲུའུ་རེན་ལ་ཁ་པར་བརྒྱབ་ན་ལམ་སེང་ཐག་གཅོད་ཐུབ་པ་དང་། ཁོང་གིས་རྟག་ཏུ་ང་ཚོ་མང་ཚོགས་ཀྱི་ཆེད་དུ་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བཤད།

    640 (4).jpg

    ཉི་མ་ལྷ་འཛོམས་ཀྱིས་དུད་ཚང་དུ་བསྐྱོད་ནས་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

     འགྲམ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་གཤམ་སྐྱོད་ལས་བྱེད་པ་ཏེང་ཤའོ་ཅུན་གྱིས། ཉི་མ་ལྷ་འཛོམས་ཀྱིས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱེད་པའི་ཐད་ཡིན་ནའང་འདྲ། ཡང་ན་ད་རེས་ཀྱི་རིམས་ནད་འགོག་རྒོལ་གྱི་ལས་དོན་ཡིན་ནའང་འདྲ། ཁོང་གིས་རྟག་ཏུ་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ནས། གྲོང་རྡལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་མིག་དཔེ་བསྟན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།