བོད་ནས་བྲལ་སྐབས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། བོད་ནས་བྲལ་མཁན་ཚང་མས་གནམ་ཐང་དང་། རླངས་འཁོར་འབབ་ཚུགས། གཞུང་ལམ་བཅས་ཀྱི་འགག་སྒོར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་འཐོལ་པ་བྱེད་དགོས་པ་སྟེ། འཕྲལ་དུ་བརྟག་དཔྱད་བྱས་ནས་འཕྲལ་དུ་འགྲོ་ཆོག་པས། འགྲོ་སྐྱོད་ལ་བཀག་འགོག་བྱེད་ཀྱི་མེད། ལྷ་ས་གྲོང་ཁྱེར་གྱི་ཉིན་དེ་རང་ལ་བོད་ནས་ཁ་བྲལ་མཁན་ལ་མགྱོགས་ལ་སྟབས་བདེ་བའི་སྒོ་ནས་ཉིང་སྐྱུར་བརྟག་དཔྱད་བྱ་ཆེད། 《བོད་ནས་བྲལ་བའི་རེ་འདུན་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་རེའུ་མིག》ལྟར། ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་རེ་འདུན་ཞིབ་མཆན་ཐོབ་པའི་རྨང་གཞིའི་ཐོག གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“འཕྲལ་དུ་བརྟག་དཔྱད་བྱས་ནས་འཕྲལ་དུ་འགྲོ་ཆོག་པའི”ཉིང་སྐྱུར་བརྟག་དཔྱད་བྱེད་ས་8(ཁྲེང་ཀོན་ཆུས་སུ་1དང་། སྣེའུ་ཁུལ་གསར་དུ་1 སྟོད་ལུང་བདེ་ཆེན་ཆུས་སུ་2 སྟག་རྩེ་ཆུས་སུ་1 སྙེ་མོ་རྫོང་དུ་1 ལྷུན་གྲུབ་རྫོང་དུ་1 འདམ་གཞུང་རྫོང་དུ་1)བཙུགས་ནས། ཉིན་དེ་རང་ལ་བོད་ནས་བྲལ་མཁན་ཚོར་ཉིང་སྐྱུར་བརྟག་དཔྱད་བྱེད་སྟབས་བདེ་རུ་བཏང་སྟེ། མང་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་ཡོད་པ་རེད།
རྒྱ་ཆེའི་མང་ཚོགས་ཚོས“དགོས་གལ་མེད་ན་བོད་ནས་མི་བྲལ་བའི”རྩ་དོན་མཐའ་འཁྱོངས་ཀྱིས། སོར་ལུས་ཡུལ་སྐོར་བ་དང་། ལྗོངས་ཕྱིར་སློབ་གྲྭ་འགྲིམ་མཁན་སློབ་མ། ལས་མི་དང་ཚོང་གཉེར་བ། དམིགས་བསལ་གནས་ཚུལ་ཡོད་པའི་མི་སྣ་བཅས་བོད་ནས་བྲལ་དགོས་ཡོད་ཚེ། འགྲུལ་བཞུད་བྱེད་སྐབས་འགོག་སྲུང་ཡག་པོ་བྱེད་པ་དང་འབྲེལ་སོ་སོ་གནས་སའི་སྡེ་ཁུལ(གྲོང་ཚོ)ལམ་ཚན་པར་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
གཅིག བརྟག་དཔྱད་དུས་ཚོད།
ཟླ10ཚེས7ཉིན་ནས་བཟུང་། ཉིན་རེའི་ཆུ་ཚོད་00:00ནས24::00བར་ཉིང་སྐྱུར་བརྟག་དཔྱད་བྱེད་ཀྱི་ཡོད་ལ། དུས་ཆེན་དང་ངལ་གསོའི་རིང་ལའང་རྒྱུན་གཏན་ལྟར་བརྟག་དཔྱད་བྱེད་ཀྱི་ཡོད།
གཉིས། ཉིང་སྐྱུར་མ་དཔེ་ས།
གསུམ། འབྲེལ་ཡོད་བླང་བྱ།
(གཅིག) བོད་ནས་བྲལ་མཁན་ཚང་མར་ཉིན་བདུན་ནང་ཚུན་དུ་ཉེན་ཁ་ཆུང་བའི་ཁུལ་དུ་བསྡད་ཡོད་མེད་ཀྱི་གསལ་ཞུ་ཡོད་དགོས་པ་མ་ཟད། ཉིན་གསུམ་རིང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་ཚེ། “འཕྲལ་དཔྱད་འཕྲལ་བྲལ”གྱི་ཉིང་སྐྱུར་བརྟག་དཔྱད་མ་དཔེ་ལེན་སར་བསྐྱོད་ནས། བརྟག་དཔྱད་བྱས་རྗེས་འཕྲལ་དུ་བྲལ་ན་འགྲིག
(གཉིས) མ་དཔེ་ལེན་རིང་། སྒྲིག་ལམ་ལ་བརྩི་སྲུང་ཡག་པོ་ཞུས་ནས། ལག་ཐོགས་ཁ་པར་གྱི“བོད་ལྗོངས་ཤར་བགྲོད”དམ་ཡང་ན་གོ་ཆོད་ཐོབ་ཐང་ལག་ཁྱེར་རང་འགུལ་ངང་སྟོན་དགོས།
(གསུམ) གྲོང་མི་དང་མང་ཚོགས་ཚོས་ཕན་ཚུན་མི་འགོ་བའི་ཆེད་དུ། ལམ་བར་ཧྲིལ་པོར་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་ཁ་རས་རྒྱག་དགོས་པ་དང་། སྨི་གཉིས་ཡན་གྱི་བར་ཐག་འཇོག་དགོས་ལ། འདུ་འཛོམས་དང་། ཐ་མག་འཐེན་པ། གང་སར་ཁ་ལུད་གཡུག་པ། གླེང་མོལ་བཅས་བྱ་མི་རུང་།