དབུ་ཤོག>ཆེད་སྒྲིག
  • གཞི་རིམ་དུ་རྩ་བ་བཙུགས་ནས་ལང་ཚོའི་དཔལ་ཡོན་རྣམ་པར་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-08

    “གྲོང་མི་མང་ཚོགས་ཀྱི་དོན་དག་དོན་ཆུང་མིན། ལས་གནས་སུ་ཡོད་ཕྱིན་གྲོང་མི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་དགོས” འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁྲུའི་ཀྲུའུ་རེན་གཞོན་པ་གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཆོས་སྒྲོན་གྱིས་རྒྱུན་དུ་རྗོད་པའི་སྐད་ཆ་རེད།

      2015ལོར་སྡེ་ཁུལ་དུ་སླེབས་པ་ནས་བཟུང་། སྐལ་བཟང་ཆོས་སྒྲོན་གྱིས་སྔ་རྗེས་སུ་གྲྭ་བཞི་གྲོང་གསར་དང་། གཤོངས་དགའ། གྲྭ་བཞི་བཅས་སྡེ་ཁུལ་གསུམ་གྱི་གྲོང་ལྷན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་དང་། སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ཀྱི་འགན་གཅིག་ལྕོགས་འཁུར་མྱོང་ཡོད། ལས་དོན་སྒྲུབ་སྐབས། ཁོང་གིས་གཞན་གྱི་སྔོན་ལ་བསམ་བློ་གཏོང་བ་དང་གཞན་གྱི་སྔོན་ལ་ལས་དོན་མཐའ་འཁྱོངས་སྒྲུབ་ཁར། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། སྡེ་ཁུལ་གྱི་རྨང་གཞིའི་ལས་དོན་ཞིབ་ཚགས་སྒྲུབ་པ། འཕྲལ་མཁོ་དང་། དཀའ་ངལ། ཉེན་ཁ་ཆེ་བ། གལ་ཆེ་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་པས། གྲོང་མི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    640 (1).jpg

    2022ལོར་སྐལ་བཟང་ཆོས་སྒྲོན(གཡོན་གྱི་གསུམ་པ)གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བཏོན་པའི་གྱོད་གཞིར་དམིགས་ཏེ་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱེད་བཞིན་པ། 

    སྡེ་ཁུལ་དུ་ལས་དོན་སྒྲུབ་པའི་ལོ་7གྱི་རིང་། སྐལ་བཟང་ཆོས་སྒྲོན་རྟག་ཏུ་མང་ཚོགས་ཀྱི་སར་བསྐྱོད་ནས། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་རིང་། སྐལ་བཟང་ཆོས་སྒྲོན་གྱིས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་ནས། སྡེ་ཁུལ་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་གི་བསང་ཁུག་འཆར་འགོད་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱས་པ། སྦགས་བཙོག་མེད་པའི་བསང་ཁྱབ་གདལ་གཏོང་དུ་བཅུག་པ། བསང་ཁུང་ལ་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་དགོན་སྡེའི་བསང་ག་བསང་སྲོལ་ཚད་ལྡན་དུ་བཏང་བ་རེད། ད་ཆ་གྲྭ་བཞི་སྡེ་ཁུལ་གྱི་མཁའ་རླུང་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་། གྲོང་མིས་ཀྱང་གྲོང་འདབས་ཀྱི་ཤིང་བ་ལུ་གཅོད་ཚད་ཉུང་དུ་ཕྱིན་ཡོད། “སྔོ་ལྗང་རི་ཀླུང་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི” ང་ཚོའི་ཁྱིམ་གཞིས་ང་ཚོ་རང་ཉིད་ལ་བརྟེན་ནས་སྲུང་སྐྱོང་བྱེད་དགོས་ཞེས་སྐལ་བཟང་ཆོས་སྒྲོན་གྱིས་བཤད།

    640.png

    2015ལོར་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཐག་གཅོད་བྱེད་རོགས་བྱེད་བཞིན་པ།  

      སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་ཕུད། སྐལ་བཟང་ཆོས་སྒྲོན་གྱིས་ད་དུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་གཅིག་ལྕོགས་འཁུར་བཞིན་ཡོད། གྲོང་སྡོད་ལས་དོན་སྤེལ་རིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། རྣམ་གྲངས་ཀྱི་མ་དངུལ་སྣ་ཚོགས་རེ་འདུན་ཞུས་ནས་གཞི་རིམ་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ཡོད། 2018ལོ་ནས་2019ལོ་བར་ཁོང་གིས་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་78ལྷག་ཙམ་བརྩོན་ལེན་བྱས་ཏེ། སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ཡུལ་རྒྱས་སྐྲུན་བྱས་པ་དང་། 2020ལོ་ནས་2021ལོ་བར་ཁོང་གིས་སླར་ཡང་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་34ལྷག་ཙམ་བརྩོན་ལེན་བྱས་ནས། སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས་ཀྱི་སྒྲིག་བཀོད་སྒྲིག་ཆས་ལེགས་སུ་བཏང་བ་རེད།

    640 (2).jpg

    གྲྭ་བཞི་སྡེ་ཁུལ་གྱི་ཁུག་ཀྱོག་སྲང་ལམ་བཅོས་སྒྲིག་བྱེད་བཞིན་པ། 

      དུས་ཆེན་དང་ངལ་གསོའི་རིང་། སྐལ་བཟང་ཆོས་སྒྲོན་གྱིས། ང་རུ་དཔོན་ཡིན་པས་ངེས་པར་དུ་ལས་གནས་སུ་སྡོད་དགོས་ཞེས་བརྗོད་དེ། རུ་མི་གཞན་དག་ངལ་གསོ་རྒྱག་ཏུ་བཅུག་ནས། རང་ཉིད་ཀྱིས་ལས་གནས་བརྟན་པོར་སྲུང་གི་ཡོད། ལོ་6བསྟུད་མར་ཁོང་ནང་མི་ཚོ་དང་མཉམ་དུ་ལོ་གསར་གཏོང་ཐུབ་མེད། གྲོང་སྡོད་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པའི་དབང་གིས། 2016ལོ་དང་2020ལོར་ཁོང་ལ་རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

      སྐལ་བཟང་ཆོས་སྒྲོན་གྱིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། སྙིང་རུས་ཆེན་པོས་བརྩོན་ལེན། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། ལས་གནས་དཀྱུས་མའི་ཐོག་ཏུ་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་མངོན་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།