དབུ་ཤོག>ཆེད་སྒྲིག
  • ས་ཆ་འདི་དག་ཉེན་ཁ་ཆུང་བར་ཕབ་པ་དང་འདི་དག་ལས་ཐོན་བསྐྱར་འཛུགས་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-07

    ཟླ་10ཚེས་6ཉིན་གྲོང་ཁྱེར་ཡོངས་ཀྱི་ཉེན་ཁ་འབྲིང་བའི་ཁུལ་14ལ་ལེགས་སྒྲིག་བྱས་འདུག ཞིབ་ཕྲ་གཤམ་གསལ། 

    1.གྲྭ་བཞི་ཁྲོམ་གཞུང་གཤོངས་དགའ་སྡེ་ཁུལ་གྱི་དོག་སྡེ་ལྷོ་ལམ་སྒོ་རྟགས་25པའི་ཆུ་གློག་ཇུས་འགོད་ཁང་གི་ཁུལ་ཆུང་དང་དབྱར་རྩྭ་དགུན་འབུ་ཐོག་ཁང་རྒྱབ་ཀྱི་ཞིང་ལས་དངུལ་ཁང་གི་ལས་བཟོའི་ཉལ་ཁང་། 

    2.གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་ཁ་བཏགས་བདེ་སྐྱིད་ལྡུམ་རའི་ཁུལ་གསུམ་པ་དང་། བཀྲ་ཤིས་ལྡུམ་རའི་Aཁུལ། ཏུའུ་ཡུང་ལས་ཤག

    3.སྐྱིད་རས་ཁྲོམ་གཞུང་སྦྲ་ནག་ཞོལ་སྡེ་ཁུལ་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འཚོ་བའི་ཁུལ་ཆུང་དང་། སྦྲ་ནག་ཞོལ་སྡེ་ཁུལ་གྱི་དྲ་མིག་2པ། གྲོང་ཁྱེར་སྲིད་གཞུང་གི་ཁུལ་ཆུང་། 

    4.སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྱི་དྲ་མིག་དང་པོ། 

    5.སྐྱིད་རས་ཁྲོམ་གཞུང་སྐྱིད་རས་སྡེ་ཁུལ་གྱི་དྲ་མིག་དང་པོ། 

    6.རྗེ་འབུམ་སྒང་ཁྲོམ་གཞུང་དང་ཚེ་སྨོན་གླིང་སྡེ་ཁུལ(དྲ་མིག་1པོ་དང་ཚེ་སྨོན་གླིང་དགོན)

    7.རྗེ་འབུམ་སྒང་ཁྲོམ་གཞུང་རྗེ་འབུམ་སྒང་སྡེ་ཁུལ་གྱི་གནམ་གཤིས་ལས་ཁུངས་ཚལ་ཁྲོམ་དང་རྡོ་ཟམ་སྲང་ལམ་གྱི་སྒོ་ར་11པ་དང་། སྒོ་ར་12པ། སྒོ་ར་13པ།

    8.རྗེ་འབུམ་སྒང་ཁྲོམ་གཞུང་རྨེ་རུ་སྡེ་ཁུལ་གྱི་རྨེ་རུ་སྲང་ལམ་གྱི་ཡུག་ཁུལ་1པོ་དང་2པ་དང་། རྡོ་ཟམ་སྲང་ལམ་གྱི་ཡུག་ཁུལ་1པོ་དང་2པ། རྡོ་ཟམ་སྲང་ལམ་གྱི་སྒོ་རྟགས་26པ། པེ་ཅིང་ཤར་ལམ་གྱི་ཡུག་ཁུལ་1པོ་དང་2པ། དགའ་སྐྱིད་གྲོང་གསར། 

    9.དོག་སྡེ་ཁྲོམ་གཞུང་ལྷོ་ངོས་གྲོང་ཚོའི་གསེར་ཁང་ཕུའུ་ཅང་ཁྱིམ་གཞིས། 

    10.རྔ་ཆེན་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱི་བདེ་སྐྱིད་ཁང་གཞིས་གླིང(ཐོག་ཁང་1པོ་ནས་15བར་ཕུད) རྣམ་སྲས་ཁུལ་དྲུག་པ། རྣམ་སྲས་ཁུལ་ལྔ་པ། ལྕགས་རོང་ལམ་ལྕགས་རོང་གྲོང་ཚོའི་པ་བཟང་བོགས་ཁང་། ལྕགས་རོང་ལམ་ལྕགས་རོང་གྲོང་ཚོའི་རྣམ་སྲས་ཁུལ་དྲུག་པའི་ཕྱི་རོལ་གྱི་སོ་སོས་བརྒྱབ་པའི་ཁྲོམ་རྒྱུད་ཚོང་ཁང་། 

    11.ཉང་བྲན་ཁྲོམ་གཞུང་སྔགས་པ་གླིང་ཁ་སྡེ་ཁུལ་གྱི་གྲོང་མིའི་ཚོགས་ཆུང་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ་བཅས། 

    12.ཉང་བྲན་ཁྲོམ་གཞུང་རིན་ཆེན་ཚལ་སྡེ་ཁུལ་གྱི་དགའ་སྐྱིད་ཁང་གསར་གྱི་དུས་ཐེངས་2པ། 

    13.ཉང་བྲན་ཁྲོམ་གཞུང་ཚེ་གསུམ་ཐང་སྡེ་ཁུལ་གྱི་ཁམས་བདེ་གླིང་ཁུལ་ཆུང་དང་། གངས་ལྗོངས་མུ་ཏིག་ལྡུམ་ར། དགེ་རྒན་གྲོང་གསར། 

    14.ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་རྣམ་སྲས་ཁུལ་བཅུ་གཅིག་པའི་ཤར་ཁུལ། 

      2022ལོའི་ཟླ་10ཚེས་6ཉིན། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དེ་སྔའི་ཉེན་ཁ་ཆུང་བའི་ཁུལ་ཁག་གཅིག་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པའི་རྨང་གཞིའི་ཐོག 2022ལོའི་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་0ནས་བཟུང་། ཁྲེང་ཀོན་ཆུས་ཀྱི་གྲོང་ཚོ(སྡེ་ཁུལ)17ཡི་ཉེན་ཁ་ཆུང་བའི་ས་ཁོངས་ཀྱི་ཁུལ་ཆུང་དང་ལས་ཁུངས་79ཡི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་རྒྱུ་དང་།《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་འབྲེལ་ཡོད་གཏན་འབེབས་ལྟར། ཉེན་ཁ་ཆུང་བའི་ཁུལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་སྟེ། སླར་གསོ་བྱས་ཀྱང་འགོག་ཟོན་མི་གློད་པ་དང་རིམས་འགོག་ལ་ལྷོད་གཡེང་མི་ཤོར་བར་བྱེད་དགོས།   

    ཟླ་10ཚེས་7ཉིན། ཁྲེང་ཀོན་ཆུས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་བའི་ས་ཆ་79

    640.png

    640 (1).png

    640 (2).png

    640 (3).png

    640 (4).png

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།