དབུ་ཤོག>ཆེད་སྒྲིག
  • དངུལ་རྩའི་རོགས་སྐྱོར་སྲིད་ཇུས་འདི་དག་དུས་ཐོག་ཆར་པ་མིན་ན་གང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-06

      ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་ནུས་ལྡན་བཅག་སྟེ། དངུལ་རྩའི་རོགས་སྐྱོར་བྱ་ཆེད། རང་ལྗོངས་ཀྱིས་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་། དངུལ་རྩའི་མ་རྩ་མཉམ་འདྲེས་ཀྱི་མ་གནས་ཆུང་དུ་ནུས་ལྡན་གཏོང་བ། རྒྱལ་ཁབ་ཀྱི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་ཏན་ཏིག་གཏོང་བ་བཅས་ཀྱི་བྱ་ཐབས་ཁག་3བཏོན་འདུག

      1. དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད། བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སྤྱད་ནས། ཁེ་ལས་ཀྱི་མ་རྩ་མཉམ་འདྲེས་དང་མི་སྒེར་གྱི་ཡིད་རྟོན་དངུལ་བུན་གྱི་མ་གནས་ཆུང་དུ་གཏོང་བར་སྐུལ་འདེད་དང་། ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། ཁྲོམ་རའི་བྱེད་པོའི་སྐྱེད་ཀའི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་། སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། རིག་གནས་དང་ཡུལ་སྐོར་ལུས་རྩལ། དངོས་སྦྱོང་རྟེན་གཞི། གློག་སྡོང་། གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་མདོང་དྲ། རྨང་གཞིའི་སྒྲིག་བཀོད་དཔེ་གསར། ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་གྲོན་ཐཱན་ཉུང་གི་སྒྱུར་བཀོད་རིམ་པ་སྤོར་བ། ཁྱིམ་སྤྱོད་གློག་ཆས་གོག་ཏོ་ཚུར་བསྡུ་དང་ཐག་གཅོད་བཅས་ཁྱབ་ཁོངས་ཁག་10ཡི་སྒྲིག་ཆས་ཉོ་སྒྲུབ་དང་གསར་བརྗེས་སྒྱུར་བཀོད་ལ། ཀྲུང་དབྱང་གི་ནོར་སྲིད་ནས་སྐྱེད་ཀ་བརྒྱ་ཆའི་གྲངས་2.5གསབ་རྒྱུ་ཡིན་ཞིང་། དེའི་དུས་ཡུན་ལོ་གཉིས་ཡིན་པ་དང་། དངུལ་བུན་གྱི་སྐྱེད་ཀ་གསབ་པའི་སྲིད་ཇུས་རེ་འདུན་ཞུ་བའི་དུས་ཚོད་དེ་2022ལོའི་ཟླ་12ཚེས་31ཉིན་བར་རེད་འདུག 

      2. དངུལ་རྩའི་མ་རྩ་མཉམ་འདྲེས་ཀྱི་མ་གནས་ཆུང་དུ་ནུས་ལྡན་གཏོང་བའི་ཐད། རིམས་འགོག་གི་གཙོ་གནད་ཁེ་ལས་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཚབས་ཆེ་བའི་དཀའ་ངལ་ཡོད་པའི་ཁེ་ལས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་མམ་སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྲིད་གཞུང་རང་བཞིན་གྱི་མ་རྩ་མཉམ་འདྲེས་ཀྱི་ཁག་ཐེག་བྱས་ནས་ཁེ་ལས་ཆུང་ཕྲན་ལ་རོགས་སྐྱོར་དང་ཞིང་གསུམ་ལ་རོགས་སྐྱོར་བྱེད་པའི་ལས་སྒོའི་སྡུར་ཚད་སྔར་བས་མཐོ་རུ་བཏང་སྟེ། ལོར་འཕར་བའི་ཁེ་ལས་ཆུང་ཕྲན་དང“ཞིང་གསུམ”གྱི་མ་རྩ་མཉམ་འདྲེས་ཀྱི་ཁག་ཐེག་དངུལ་གྲངས་དང་ཐེམ་དུད་ཀྱི་སྡུར་གྲངས་80%ལས་མི་དམའ་བ་བྱེད་རྒྱུ། ཁེ་ལས་ཆུང་ཕྲན་ལ་རོགས་སྐྱོར་དང་ཞིང་གསུམ་ལ་རོགས་སྐྱོར་བྱེད་པའི་མ་རྩ་མཉམ་འདྲེས་ཀྱི་ཁག་ཐེག་མ་གནས་ཆུང་དུ་བཏང་ནས། རྩིས་ཁྲ་རྐྱང་འཛུགས་ཀྱི་ཁག་ཐེག་དངུལ་གྲངས་སྒོར་ཁྲི་500དང་དེ་མན་གྱི་ཁེ་ལས་ཆུང་ཕྲན་ནམ“ཞིང་གསུམ”གྱི་བྱེད་པོ་ནས་བསྡུས་པའི་ཁག་ཐེག་གི་གྲོན་ཚད་རྩ་དོན་ཐད་1%ལས་བརྒལ་མི་རུང་བ་དང་། རྩིས་ཁྲ་རྐྱང་འཛུགས་ཀྱི་ཁག་ཐེག་དངུལ་གྲངས་སྒོར་ཁྲི་500ཡན་ནས་སྒོར་ཁྲི་1000(ཚུད)མན་གྱི་ཁེ་ལས་ཆུང་ཕྲན་ནམ“ཞིང་གསུམ”གྱི་བྱེད་པོ་ནས་བསྡུས་པའི་ཁག་ཐེག་གི་གྲོན་ཚད་རྩ་དོན་ཐད་1.5%ལས་བརྒལ་མི་རུང་། 

      3. རྒྱལ་ཁབ་ཀྱི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་ཏན་ཏིག་བྱེད་པའི་ཐད། དངུལ་ཁང་གི་སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་གྱི་གསར་པ་འཕར་བའི་གྲངས་ཚད་དང་སྲིད་ཇུས་རང་བཞིན་ནམ་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་བེད་ཡག་པོ་སྤྱད་དེ། ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་མ་དངུལ་གྱི་དགོས་མཁོ་བསྐངས་ནས། རྨང་གཞིའི་སྒྲིག་བཀོད་དང་། རྨང་གཞིའི་ཐོན་ལས། གཙོ་གནད་དམངས་འཚོའི་ཁྱབ་ཁོངས་སོགས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་ཁ་གསབ་ལ་སྤྱོད་རྒྱུ་དང་། མ་དངུལ་་བཏང་བའི་གཙོ་གནད་རྣམ་གྲངས་ཀྱི་འཆར་འགོད་དང་། སྤྱད་བྱའི་ས་ཆ། ཁོར་ཡུག་གི་ཚོད་སྐོར་སོགས་དུས་འགོའི་ལས་དོན་དང་། དེ་བཞིན་མ་དངུལ་སོགས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུས)བཅས་ཀྱིས་འགན་འཁྲི་དང་དབང་ཚད་གཞིར་བཟུང་། སྤྱད་བྱའི་ས་ཆ་དང་ཁོར་ཡུག་ཚོད་སྐོར་སོགས་ཀྱི་འགྲོ་ལུགས་གཉེར་བར་ཁས་ལེན་བྱེད་རྒྱུ་མ་ཟད། རྣམ་གྲངས་དོན་འཁྱོལ་བྱུང་རྗེས། གཏན་འབེབས་གཞིར་བཟུང་འགྲོ་ལུགས་གསབ་ནས་གཉེར་རྒྱུ་རེད་འདུག

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།