དབུ་ཤོག>ཆེད་སྒྲིག
  • ཕ་ཡུལ་དང་སློབ་གྲྭར་ལོག་མཁན་སློབ་མས་ཆ་འཕྲིན་འདིར་དོ་སྣང་གནང་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-06

    ལྗོངས་ནང་ཁུལ་ནས་ཕ་ཡུལ་དང་སློབ་གྲྭར་ལོག་མཁན་སློབ་མའི་ཞབས་འདེགས་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལྷ་ས་ནས་རྒྱུན་གཏན་དང་གོ་རིམ་ལྡན་པའི་སྒོ་ནས་བྲལ་ཐུབ་ཆེད། ད་ལྟ་སྒྱུར་སྐྱེལ་ཐོ་འགོད་སྤྱི་བསྒྲགས་སྤེལ་བ་གཤམ་གསལ། 

    ཐོ་འགོད་བྱ་ཡུལ།

      ལྷ་ས་གྲོང་ཁྱེར་ནས་ཕ་ཡུལ་དང་སློབ་གྲྭར་ཡིན་གཅིག་ལོག་དགོས་མཁན་གྱི་ལྗོངས་ནང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དང་སློབ་ཆེན་གྱི་སློབ་མ། ཏོག་གསར་གློ་ཚད་སྲིབ་གཤིས་ཏུ་འགྱུར་མེད་པའི་ནད་པ་དང་། ནད་རྟགས་མེད་པའི་གདགས་གཤིས་ཅན་གྱི་ནད་པ། སྨན་ཁང་དང་སྒྲོམ་ཚང་ནས་དོན་ཏེ་ཉིན་བདུན་སོང་མེད་པ། བོད་ལྗོངས་ཤར་བགྲོད་ཀྱི་བཤེར་རྟགས་སེར་པོ་དང་དམར་པོ་ཡིན་པ། ཉེན་ཁ་ཆེ་འབྲིང་ཁུལ་དུ་ཡོད་པ། འབྲེལ་འདྲིས་དམ་ཟབ་དང་འབྲེལ་འདྲིས་གང་འཚམ་ཡོད་མཁན་གྱི་སློབ་མ་བཅས་དང་། དེ་བཞིན་ཉེན་ཁ་ཆེ་བའི་ཁུལ་དུ་ཡོད་པའི་སློབ་མ་གཞན་དག་རྩ་དོན་ཐོག་སྒྱུར་སྐྱེལ་ཐོ་འགོད་བྱ་མི་ཆོག 

    སྒྱུར་སྐྱེལ་བླང་བྱ།

      ཕ་ཡུལ་དང་སློབ་གྲྭར་ལོག་པའི་མོས་མཐུན་ཐོབ་རྗེས། གཞི་ནས་སྒྱུར་སྐྱེལ་བྱ་ཆོག  སྒྱུར་སྐྱེལ་སློབ་མས་ངེས་པར་དུ་ཉིན་གསུམ་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས(མ་དཔེ་ལེན་ཐེངས་གཉིས་བར་ལ་ཆུ་ཚོད་24ཡན་འཇོག་དགོས་པ)དང་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་དགོས་པ་དང་། མ་དཔེ་མཐའ་མ་ལེན་པའི་དུས་ཚོད་སྒྱུར་སྐྱེལ་མ་བྱས་གོང་གི་ཆུ་ཚོད་24ནང་ཚུན་ཡིན་དགོས་པ་མ་ཟད། འགོག་རྫས་བརྟག་དཔྱད་འཐོལ་པ་གཅིག་བྱེད་དགོས་པ། སྒྱུར་སྐྱེལ་བྱེད་རིང་རང་ཉིད་ཀྱི་འགོག་སྲུང་ཡག་པོ་བྱེད་དགོས་ཤིང་། ལམ་བར་དུ་དགོས་གལ་མེད་ན་ངལ་གསོ་རྒྱག་པ་དང་ཞག་སྡོད་བྱ་མི་རུང་།

    ཐོ་འགོད་སྟངས།

      དྲ་བ་ནས་རྩ་གཉིས་ཨང་རྟགས་བཤེར་ཏེ། ཐོ་འགོད་པའམ་ཡང་ན། ཞབས་འདེགས་ཁ་པར་བརྒྱབ་ནས་ཐོ་འགོད་དགོས།

    640.png

    ཁ་པར་ཨང་གྲངས། 

    640 (1).png

    640 (2).png

    ཞབས་འདེགས་འགན་ལེན་ཐད།

     ལྷ་ས་ནས་བྲལ་མཁན་སློབ་མའི་ཆེད་དོན་ཚན་ཁག་གི་འགན་འཁུར་བས་ཆ་རྐྱེན་དང་མཐུན་པའི་སློབ་མའི་ཆ་འཕྲིན་བསྡུ་རུབ་དང་། རླངས་འཁོར་བཀོད་སྒྲིག་བྱས་ཏེ། གནས་ནས་གནས་བར་གྱི་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་ལ་སྒྱུར་སྐྱེལ་བྱས་ནས། སྒྱུར་སྐྱེལ་སློབ་མ་དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས་པ་དང་། སྒེར་འཁོར་བཏང་སྟེ་ལྷ་ས་ནས་བྲལ་མཁན་སློབ་མས་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ནས་ལག་ལེན་བསྟར་དགོས། 

      རྒྱ་ཆེའི་ཁྱིམ་བདག་དང་སློབ་མས་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་གནང་བར་ཐུགས་རྗེ་ཆེ་ཞུ།

    ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས། 

    2022ལོའི་ཟླ་10ཚེས་4ཉིན། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།