གཅིག བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་གནས་ཚུལ་ཇི་འདྲའི་འོག་བཤེར་རྟགས་དམར་པོའམ་སེར་པོར་སྒྱུར་གྱི་ཡོད་དམ།
ཉེན་ཁ་ཆེ་བའི་རིགས་ཡིན་མཁན་ལ་བཤེར་རྟགས་དམར་པོ་མངོན་གྱི་ཡོད་པ་ལས། གཙོ་བོ་ཏོག་གསར་གློ་ཚད་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་མཁན་དང་། གཏན་འཁེལ་ནད་པ། ནད་རྟགས་མེད་པའི་ནད་པ། དོགས་ཡོད་ནད་པ། དེ་བཞིན་གཅིག་སྡུད་ལོགས་དགར་བཞག་ནས་གསོ་རིག་ལྟ་ཞིབ་བྱ་ཡུལ་དང་ཁྱིམ་དུ་ལོགས་དགར་བསྡད་ནས་གསོ་རིག་ལྟ་ཞིབ་བྱ་ཡུལ་བཅས་ཚུད་ཡོད།
ཉེན་ཁ་འབྲིང་བའི་རིགས་ཡིན་མཁན་ལ་བཤེར་རྟགས་སེར་པོ་མངོན་གྱི་ཡོད་པ་ལས། གཙོ་བོ་གཏན་འཁེལ་ནད་པ་སྨན་ཁང་ནས་དོན་རྗེས། ཁྱིམ་དུ་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་མཁན་གྱི་མི་དང་། ནད་རྟགས་མེད་པའི་ནད་པ་སྒྲོམ་ཚང་སྨན་ཁང་ནས་དོན་མཁན། དེ་བཞིན་ས་ཁོངས་ཀྱི་གཞོགས་འདེགས་ཞིབ་བཤེར་བྱེད་རིང་ཁུངས་མང་བསྡུར་ནས་གཏན་འཁེལ་བྱུང་བའི་ཉེན་ཁ་ཡོད་པའི་མི་བཅས་ཚུད་ཡོད།
གལ་ཏེ་ཁྱེད་རང་གི་བདེ་ཐང་བཤེར་རྟགས་ཀྱི་ཚོས་གཞི་དམར་པོའམ་སེར་པོར་སྒྱུར་བ་ཤེས་ཚེ། བདེ་ཐང་བཤེར་རྟགས་འོག་གི་ཚོས་གཞི་སྒྱུར་བའི་རྒྱུ་མཚན་བཤེར་ནས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱེད་ཆོག
གཉིས། བོད་ལྗོངས་བཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་ཀྱི་ཚོས་གཞི་ཇི་ལྟར་བྱས་ནས་སྒྱུར་གྱི་ཡོད་དམ།
གཏན་འཁེལ་ནད་པ་དྲག་སྐྱེད་བྱུང་རྗེས། སྨན་ཁང་ནས་དོན་མཁན་དང་། ནད་རྟགས་མེད་པའི་ནད་པ་སྒྲོམ་ཚང་སྨན་ཁང་ནས་དོན་མཁན། དོགས་ཡོད་ནད་པའི་ཁོངས་ནས་ཕུད་པ། གཅིག་སྡུད་ལོགས་དགར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་སོགས་ལ་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་བྱེད་རིང་། བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་ཀྱི་ཚོས་གཞི་གྲོང་ཁྱེར་(ས་ཁུལ)ཁག་གི་རིམས་འགོག་གཞུང་ལས་ཁང་གིས་དམར་པོ་ནས་སེར་པོར་སྒྱུར་བ་དང་། བཤེར་རྟགས་ཀྱི་ཚོས་གཞི་སེར་པོར་སྒྱུར་བའི་ཉིན་ནས་བཟུང་། ཉིང་སྐྱུར་རྟག་དཔྱད་བྱས་འབྲས་ཚང་མ་སྲིབ་གཤིས་ཡིན་རིགས། བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་ལྗང་ཁུར་སྒྱུར་གྱི་ཡོད།
གསུམ། གློ་བུར་དུ་བཤེར་རྟགས་ཀྱི་ཚོས་གཞི་དམར་པོ་དང་སེར་པོར་སྒྱུར་བའི་རྒྱུ་མཚན་གང་ཡིན་ནམ།
བདེ་ཐང་བཤེར་རྟགས་འོག་གི་གཞོགས་གཡོན་གྱི“བཤེར་རྟགས་དམར་པོ་ཆགས་པའི་རྒྱུ་རྐྱེན”དང“བཤེར་རྟགས་སེར་པོ་ཆགས་པའི་རྒྱུ་རྐྱེན”མནན་ཏེ། དྲན་སྐུལ་བྱས་པའི་བཤེར་རྟགས་དམར་པོའམ་ཡང་ན་བཤེར་རྟགས་སེར་པོ་མངོན་པའི་རྒྱུ་རྐྱེན་ལ་གཞིགས་ནས། འབྲེལ་ཡོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།
བཞི། བོད་ལྗོངས་ཤར་བགྲོད་དུ་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་མ་དོན་པའི་རྒྱུ་མཚན་གང་ཡིན་ནམ།
ཆུ་ཚོད་72ཀྱི་ནང་ཚུན་དུ་མ་དཔེ་བླངས་པའི་ལྗོངས་ནང་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་བདེ་ཐང་བཤེར་རྟགས་ཀྱི་འགོ་ཤོག་ཏུ་མངོན་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཞིབ་ཕྲ“ཉིང་སྐྱུར/འགོག་གཟུགས/འགོག་རྫས་ཞིབ་བཤེར”བཅས་ནས་བལྟ་ཆོག “ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་དེ་བས་མང་བ”མནན་ཚེ། ཉིན་14ཡི་ནང་ཚུན་གྱི་བརྟག་དཔྱད་བྱས་འབྲས་མང་ཤོས་གྲངས་གཞི་ཐེངས་མ་14ལ་ལྟ་ཆོག ཉིན་དེར་མ་དཔེ་བླངས་ཀྱང་བརྟག་དཔྱད་བྱས་འབྲས་མ་དོན་ཚེ། “ཉིང་སྐྱུར/འགོག་གཟུགས/འགོག་རྫས་ཞིབ་བཤེར”གྱི་སྟེང་དུ་མ་དཔེ་ལེན་པའི་དུས་ཚོད་མངོན་གྱི་ཡོད། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་དོན་མེད་ཚེ། བོད་ལྗོངས་ཤར་བགྲོད་ནས་བྱས་འབྲས་མངོན་གྱི་མེད།
ལྔ། ཐོབ་ཐང་ལག་ཁྱེར་མེད་པའི་བྱིས་པར་བོད་ལྗོངས་ཤར་བགྲོད་ཇི་ལྟར་རེ་འདུན་ཞུ་དགོས་སམ།
“ཀུན་གྱིས་དོ་སྣང་བྱེད་པའི་ཞབས་ཞུའི་ཁྱིམ་ཚང་གི་ཁོངས་མི”ཞེས་པར། ཐེམ་ཐོའི་པར་མ་དང་ཕྲུ་གུའི་པར་བསྐུར་ནས་མི་ཐབས་ལ་བརྟེན་ནས་ཞིབ་དཔྱད་བྱས་རྗེས་མགོ་སྦྲེལ་བྱེད་དགོས། མི་ཐབས་ལ་བརྟེན་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས། འཕྲིན་ཐུང་གི་བརྡ་ཐོ་འབྱོར་གྱི་ཡོད།
དྲུག བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་མི་མངོན་པ་གང་ཡིན་ནམ།
ཁ་པར་གྱི་དྲ་རྒྱ་རྒྱུན་གཏན་ལྟར་ཡིན་མིན་ཞིབ་བཤེར་བྱས་ནས། དྲ་རྒྱ་རྒྱུན་གཏན་ཡིན་ཚེ་བོད་ལྗོངས་ཤར་བགྲོད་ཀྱི་བྱ་རིམ་ཆུང་ངུ་བསུབས་ནས། སླར་ཡང་དེར་འཛུལ་དགོས། གལ་ཏེ་གནས་སའི་ས་ཁོངས་སུ་ཁ་པར་གྱི་དྲ་རྒྱའི་བརྡ་རྟགས་ཡག་པོ་མེད་ཚེ། སྔོན་ནས“སྐུད་བྲལ་བཤེར་རྟགས”འབེབས་ལེན་བྱས་ཏེ། ཉར་ཚགས་བྱས་ན་ཡག་པོ་ཡོད། དེ་ཉིང་སྐྱུར་མ་དཔེ་ལེན་སྐབས་སྤྱད་ཆོག
བདུན། ཉེན་ཁའི་གྲོང་ཁྱེར་དུ་སྡོད་མྱོང་ཡོད་མེད་གཏན་འཁེལ་ཇི་ལྟར་བྱེད་ཀྱི་ཡོད་དམ།(ང་ལ་ཉེན་ཁའི་གྲོང་ཁྱེར་དུ་སྡོད་མྱོང་འདུག་ཅེས་པའི་དྲན་སྐུལ་མངོན་པའི་རྒྱུ་མཚན་གང་ཡིན་ནམ། ང་ཉེན་ཁའི་གྲོང་ཁྱེར་དུ་སྡོད་མྱོང་བའི་རྟགས་དེ་ལི་ཝང་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།)
“འཕྲིན་གཏོང་གི་འགྲོ་སྐྱོད་བྱང་བུ”བརྒྱུད། གལ་ཏེ་ཉིན་བདུན་གྱི་ནང་ཚུན་དུ་ཉེན་ཁ་ཆེ་བའི་གྲོང་ཁྱེར་དུ་འགྲོ་སྡོད་བྱེད་མྱོང་ཡོད་ཚེ། “ཉེན་ཁ་ཆེ་བའི་གྲོང་ཁྱེར་དུ་འགྲོ་སྡོད་བྱེད་མྱོང་ཡོད་མེད”ཅེས་པར“སྡོད་མྱོང་ཡོད”ཅེས་པ་མངོན་པ་དང་རྒྱབ་ལྗོངས་ཀྱི་སྒྲོམ་གཞིར“ལི་ཝང”མངོན་གྱི་ཡོད།
“ཉེན་ཁ་ཆེ་བའི་གྲོང་ཁྱེར་དུ་སྡོད་མྱོང་ཡོད་མེད”ཅེས་པའི“སྡོད་མྱོང་ཡོད”དམ“སྡོད་མྱོང་མེད”པ་དེ་དང་རྒྱབ་ལྗོངས་ཀྱི་ཁ་དོག་བཅས་མི་སྒེར་གྱི་བདེ་ཐང་དང་དགོས་ངེས་ཀྱི་འབྲེལ་བ་མེད་པར། མི་དེ་ཉེན་ཁ་ཆེ་བའི་གྲོང་ཁྱེར་དུ་སྡོད་མྱོང་ཡོད་མེད་དམ་ཡང་ན་གནས་སའི་གྲོང་ཁྱེར་གྱི་ཉེན་ཁའི་གནས་ཚུལ་ཁོ་ན་མཚོན་གྱི་ཡོད།
བརྒྱད། ཐོར་བཀོད་པའི་གནས་ཡུལ་བཤེར་རྟགས་ནས་བཤེར་བའི་ཟིན་ཐོ་ལྟ་མི་ཐུབ་པ་གང་ཡིན་ནམ།
སྤྱི་དམངས་སྒེར་གྱི་གསང་བ་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། གནས་ཡུལ་བཤེར་རྟགས་འོག་གི་ཆ་འཕྲིན་ཞིབ་ཕྲ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། རིམས་དཔྱད་ཁུངས་འདེད་ཁོ་ནར་སྤྱད་ཆོག་པ་ལས། གནས་ཡུལ་གྱི་ཨང་རྟགས་རེ་འདུན་ཞུ་མཁན་ལ། ཨང་རྟགས་ཞིབ་བཤེར་གྱི་ཆ་འཕྲིན་ཞིབ་ཕྲ་མཁོ་འདོན་བྱ་ཆོག་གི་མེད།