དབུ་ཤོག>ཆེད་སྒྲིག
  • ཁུལ་ཁག་གཅིག་ཉེན་ཁ་ཆུང་བར་ཕབ་པ་དང་ཁག་གཅིག་ལས་ཐོན་བསྐྱར་ཚུགས་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-05

    ཟླ་10ཚེས་4ཉིན་གྲོང་ཁྱེར་ཡོངས་ཀྱི་ཉེན་ཁ་འབྲིང་བའི་ཁུལ་32ལ་ལེགས་སྒྲིག་བྱས་འདུག ཞིབ་ཕྲ་གཤམ་གསལ། 

    ཉེན་ཁ་འབྲིང་བའི་ཁུལ་17ཉེན་ཁ་ཆུང་བར་ལེགས་སྒྲིག་བྱས་པ་སྟེ། 

    1.བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱི་དྲ་མིག་3པ། 

    2.བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་དྲ་མིག་དང་པོ་དང་གཉིས་པ། 

    3.དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་བདེ་སྡོད་གླིང་བཞི་པ་དང་། ལྷ་ས་སྐྱིད་ཆུ་བཟོ་ལས་ཉོ་ཚོང་ཕྱོགས་བསྡུས་ཁྲོམ་ར། གནས་མཆོག་ཤིང་པད་མ་གླིང་།

    4.གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱི་ཉི་དྲོ་ལྡུམ་ར་དང་དེའི་མཐའ་འཁོར(ཤིན་ཧྥུའུ་ཏི་རླངས་འཁོར་ཉམས་བཟོ་བཟོ་གྲྭ)

    5.གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གངས་ལྗོངས་ལྷ་ཡུལ་གསོལ་མགྲོན་ཁང་དང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཤར་ཁུལ།  

    6.གྲྭ་བཞི་ཁྲོམ་གཞུང་གཤོངས་དགའ་སྡེ་ཁུལ་གྱི་འཛད་སྤྲོད་བོགས་ཁང་དང་། ཁྲེང་ཀོན་ཆུས་རུམ་འཐག་བཟོ་གྲྭ གཤོངས་དགའི་དྲ་མིག་གཉིས་པའི་ཚོགས་ཆུང་གཉིས་པ། བཀྲ་ཤིས་མཎྜལ་ཁུལ་ཆུང་། ཐུང་ཡོན་ཁུལ་ཆུང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། གླིང་སྐོར་བྱང་ལམ་སྒོ་རྟགས་8པ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་ཁུལ་ཆུང་། གློག་བརྙན་ལྡུམ་རའི་ཁུལ་ཆུང་། ཞིང་འཕྲུལ་ཀུང་སིའི་གྲོང་ནུབ་ཞིང་ར་ཚོགས་པ་ལྷ་ས་ཡན་ལག་ཀུང་སི། གཤོངས་དགའ་ཚོགས་ཆུང་དགུ་པ་དང་བཅུ་པ།  

    7.གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་སྡེ་ཁུལ་གྱི་གྲྭ་བཞི་དགོན་དང་། རང་སྐྱོང་ལྗོངས་བཙོན་ཁང་གི་རྒན་ཡོལ་ཁུལ་ཆུང་། ཀོག་ཧྥེ་ཀྲེ་དབྱི(རྡོ་ཐ་ཀུང་སིའི་ལས་ཤག་དང་། ཞིང་ལས་དངུལ་ཁང་གྲོང་བྱང་ཡན་ལག་དངུལ་ཁང་། རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་བཅས་ཚུད་པ) ཡར་འབྲོག་གཡུ་མཚོ་ཚོགས་པའི་བོགས་ཁང་། 

    8.གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་བདུད་རྩི་ཐོག་ཁང་དང་། ཀྲོའུ་ལྔའི་སྨན་ཁང་། དབན་ཤིང་ལས་ཤག གོ་ཕིང་ལས་ཤག་གི་སྒོ་རྟགས་3པ། ཀྲེ་ཡོན་ལས་ཤག 

    9.ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱེད་སྡེ་ཁུལ་གྱི་ཁང་བཟང་ལྡུམ་ར་དང་། བདེ་སྐྱིད་གྲོང་གསར་གྱི་ཚོགས་ཆུང་དང་པོ། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ཅུས་འཛུགས་སྐྲུན་ཀུང་སི་བཞི་པའི་རྒན་ཡོལ་ཞུས་པའི་བཟོ་པའི་ཁུལ་ཆུང་། 

    10.ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྱི་ཀུན་བདེ་གླིང་གྲོང་ཚོ་དང་། ཀུན་བདེ་གླིང་དགོན། ཐེན་ཧའེ་ཧོ་ཧྲུན་སྡེ་ཁུལ། སྦྱར་རགས་གྲོང་ཚོའི་Cཁུལ།

    11.རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་གྱི་དྲ་མིག་དང་པོའི་ཚ་ལྡི་སྒོ་ར་ནུབ་མ་དང་། རྭ་སྒྲེང་མཛོ་མོ་ར། རྭ་སྒྲེང་བླ་བྲང་། ཚ་ལྡི་སྒོ་ར་ལྷོ་མ།

    12.རྗེ་འབུམ་སྒང་ཁྲོམ་གཞུང་རྨེ་རུ་སྡེ་ཁུལ་གྱི་རྡོ་ཟམ་སྲང་ལམ་གྱི་སྒོ་ར་7པ་དང་། 17པ། 18པ། 23པ། རྡོ་ཟམ་མགྲོན་ཁང་། རྨེ་རུ་སྲང་ལམ་གྱི་སྒོ་ར་3པ། 4པ། 5པ། 7པ། 8པ། 14པ། པེ་ཅིང་ཤར་ལམ་གྱི་སྒོ་ར་74པ། 

    13.སྐྱིད་རས་ཁྲོམ་གཞུང་སྦྲ་ནག་ཞོལ་སྡེ་ཁུལ་གྱི་གླིང་སྐོར་ཤར་ལམ་སྒོ་རྟགས་38པ་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཡན་ལག་ཀུང་སི། 

    14.སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྱི་ཅིན་ཧྥེང་མགྲོན་ཁང་དང་། ཝ་པ་གླིང་སྡེ་ཁུལ་གྲོང་མི་ཨུ་ལྷན་ཡུག་ཁུལ། རང་སྐྱོང་ལྗོངས་གུང་གཞོན་སྡེ་ཚོགས་ཨུ་ལྷན། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས། 

    15.རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་གྱི་བདེ་རིན་བོགས་ཁང་དང་། བོད་ལྗོངས་ཀརྨ་ཟོག་འགྲེམས། གླང་རུ་སྡེ་ཁུལ་གྲོང་མི་ཨུ་ལྷན། དགའ་སྐྱིད་ཁུལ་དྲུག་པ། ཐེན་ཧྥུང་བཀྲ་ཤིས་ཞི་མཐུན་གླིང(ཐོག་ཁང་བཞི་པའི་ཐེམ་ཚན་གཉིས་པ་དང་། ཐོག་ཁང་ལྔ་པའི་ཐེམ་ཚན་དང་པོ། ཐོག་ཁང་གསུམ་པའི་ཐེམ་ཚན་དང་པོ་བཅས་ཕུད)གྲོང་ཁྱེར་མ་འཇོག་གི་ལས་ཡུལ་14པ། 

    16.ཚལ་གུང་ཐང་ཁྲོམ་གཞུང་དྲིན་ཚོར་གླིང་སྡེ་ཁུལ་གྱི་དྲིན་ཚོར་གླིང་ཁུལ་ཆུང་།  

    17.ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱི་ལྷ་སའི་ས་གཤིས་ལྡུམ་རའི་ཁུལ་ཆུང་དང་། ཉང་བྲན་བྱང་ལམ་གྱི་ཤིན་ཧྭ་གླིང་། བོད་རང་སྐྱོང་ལྗོངས་ཨར་ལས་ཀུང་སི་གསུམ་པའི་ཁུལ་ཆུང་། གནས་མཆོག་ལི་ཏུའུ་གླིང་། ཚེས་གསུམ་ཐང་ཁུལ་ཆུང་། 

     2022ལོའི་ཟླ་10ཚེས་4ཉིན། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དེ་སྔའི་ཉེན་ཁ་ཆུང་བའི་ཁུལ་ཁག་གཅིག་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པའི་རྨང་གཞིའི་ཐོག 2022ལོའི་ཟླ་10ཚེས་5ཉིན་གྱི་ཆུ་ཚོད་0ནས་བཟུང་། ཁྲེན་ཀོན་ཆུས་ཀྱི་གྲོང་ཚོ(སྡེ་ཁུལ)20ཡི་ཉེན་ཁ་ཆུང་བའི་ས་ཁོངས་ཀྱི་ཁུལ་ཆུང་དང་ལས་ཁུངས་86ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་རྒྱུ་དང་།《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་འབྲེལ་ཡོད་གཏན་འབེབས་ལྟར། ཉེན་ཁ་ཆུང་བའི་ཁུལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་སྟེ། སླར་གསོ་བྱས་ཀྱང་འགོག་ཟོན་མི་གློད་པ་དང་རིམས་འགོག་ལ་ལྷོད་གཡེང་མི་ཤོར་བར་བྱེད་དགོས།    

    ཟླ་10ཚེས་5ཉིན། ཁྲེང་ཀོན་ཆུས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་བའི་ས་ཆ་86

    640.jpg

    640 (4).jpg

    640 (1).jpg

    640 (2).jpg

    640 (3).jpg

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།