དབུ་ཤོག>ཆེད་སྒྲིག
  • ལྷ་སའི་ཁུལ་12ཉེན་ཁ་ཆུང་བའི་ཁུལ་ལ་ལེགས་སྒྲིག་བྱས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-01

     ཟླ་9ཚེས་30ཉིན་གྲོང་ཁྱེར་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་2དང་ཉེན་ཁ་འབྲིང་བའི་ཁུལ་43ལ་ལེགས་སྒྲིག་བྱས་པ་རེད། ཟླ་10ཚེས་1ཉིན་གྱི་ཆུ་ཚོད་0བར། སྣེའུ་ཁུལ་གསར་གྱི་ཉེན་ཁ་ཆེ་འབྲིང་ཁུལ་ཚང་མ་གཙང་བཟོ་ཐུབ་པ་རེད། ཞིབ་ཕྲ་གཤམ་གསལ།

    ཉེན་ཁ་འབྲིང་བའི་ཁུལ་12ཉེན་ཁ་ཆུང་བའི་ཁུལ་ལ་ལེགས་སྒྲིག་བྱས་པ་སྟེ།

    1.ཅང་སུའུ་ལམ་གྱི་བྱང་ངོས་སུ་གནས་པའི་རབ་གསལ་སྡེ་ཁུལ་གྱི་དྲ་མིག་དང་པོ་དང་གཉིས་པ།

    2.བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུངབརྒྱད་གཅིག་སྡེ་ཁུལ་གྱི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་། གྲོང་ནུབ་ཡུལ་སྐོར་ལས་དོན་ཁང་གི་བོགས་གཏོང་ཁང་། ཁ་བཏགས་གཙང་འགྲམ་ལྡུམ་རའི་ནུབ་ཁུལ(སྟར་པ་གཉིས་པའི་ཐོག་ཁང་བཞི་པའི་ཐེམ་ཚན་16དང་17པ་དང་། སྟར་པ་གསུམ་པའི་ཐོག་ཁང་གཉིས་པའི་ཐེམ་ཚན་6པ། སྟར་པ་གསུམ་པའི་ཐོག་ཁང་གསུམ་པའི་ཐེམ་ཚན་11པ། སྟར་པ་བཞིའི་ཐོག་ཁང་དང་པོའི་ཐེམ་ཚན་1པོ་དང་2པ། སྟར་པ་བཞི་པའི་ཐོག་ཁང་གཉིས་པའི་བྱེད་སྒོ་ལྟེ་གནས་བཅས་ཕུད) ཁ་བཏགས་གཙང་འགྲམ་ལྡུམ་རའི་ཤར་ཁུལ།(སྟར་པ་དང་པོའི་ཐོག་ཁང་དང་པོའི་ཐེམ་ཚན་2པ་དང་3པ་དང་། སྟར་པ་བཞི་པའི་ཐོག་ཁང་གཉིས་པའི་ཐེམ་ཚན་1པོ་དང་5པ། ཁྲོམ་གཞུང་རྒྱུད་ཀྱི་ཐོག་ཁང་དང་པོའི་ཐེམ་ཚན་2པ་དང་3པ། ཚོང་ལས་ཐོག་ཁང་བཅས་ཕུད)

    3.བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་གྱི་ས་འོག་ཚ་ནུས་རྒན་ཡོལ་ཁུལ་ཆུང་ཡུག་ཁུལ་དང་། རང་སྐྱོང་ལྗོངས་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་། ཁྲེང་ཀོན་ཆུས་ཁོར་ཡུག་གཙང་སྦྲ་ཅུས།

    4.ཀུན་བདེ་གླིང་ཁྲོམ་གཞུང་རྒྱ་མཚོ་སྡེ་ཁུལ་གྱི་ལྷ་ས་གསོལ་མགྲོལ་ཁང་གི་འཚོ་བའི་ཁུལ་དང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་།

    5.ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྱི་ལྷ་ས་སློབ་འབྲིང་གི་འཚོ་བའི་ཁུལ་དང་། ཚོང་དོན་ཐིང་གི་འཚོ་བའི་ཁུལ་ཆུང་། བོད་ལྗོངས་ཐོག་བརྩེགས་ཁང་ཆེན་གྱི་འཚོ་བའི་ཁུལ།

    6.ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱི་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་། སྨན་རྩིས་ཁང་ཁ་སྤྲོད་ཀྱི་ཉིན་བདུན་མགྲོན་ཁང་དང་དེའི་ཉེ་འཁོར་གྱི་ཚོང་ཁང་། ལྷ་ཀླུ་ཟམ་པའི་ཁ་སྤྲོད་ཀྱི་དབྱི་ཧྲང་གསོལ་མགྲོན་ཁང་དང་དེའི་ཉེ་འཁོར་གྱི་ཚོང་ཁང་། རང་སྐྱོང་ལྗོངས་མི་དམངས་དཔེ་སྐྲུན་ཁང་། རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་སྲིད་གྲོས།

    7.ཉང་བྲན་ཁྲོམ་གཞུང་སྔགས་པ་གླིང་ཁ་སྡེ་ཁུལ་གྱི་གྲོང་མིའི་ཚོགས་ཆུང་བཞི་པ།

    8.ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱི་ལྷ་སའི་སྒོ་ར་དང་། བོད་ལྗོངས་ཤར་རླུང་ཞིང་འཕྲུལ་བྲིན་ཚོང་ཚད་ཡོད་ཀུང་སི།

    9.སྣེའུ་ཁུལ་གསར་གྱི་ཧའེ་ལེང་དུས་ཐེངས་དང་པོ། (ཉེན་ཁ་འབྲིང་བའི་ཁུལ་གྱི་སྣེའུ་ཁུལ་གསར་གྱི་ཧའེ་ལེང་དུས་ཐེངས་དང་པོ་དང་དེའི་མཐའ་སྐོར)

    10.གསེར་རྟ་རྒྱལ་སྤྱིའི་ཁུལ་ཆུང་། (ཉེན་ཁ་འབྲིང་བའི་ཁུལ་གྱི་གསེར་རྟ་རྒྱལ་སྤྱིའི་ཁུལ་ཆུང་དང་དེའི་མཐའ་འཁོར)

    11.སྣེའུ་ཁུལ་གསར་གྱི་ལྷ་སའི་སྐར་ཁུང་། (ཉེན་ཁ་འབྲིང་བའི་ཁུལ་གྱི་ལྷ་སའི་སྐར་ཁུང་དང་དེའི་མཐའ་འཁོར)

    12.སྣེའུ་ཁུལ་གསར་གྱི་ལི་ཧྥེང་མགྲོན་ཁང་། (ཉེན་ཁ་འབྲིང་བའི་ཁུལ་གྱི་ལྷ་སའི་སྐར་ཁུང་དང་དེའི་མཐའ་འཁོར་དུ་ཡོད་པའི་སྣེའུ་ཁུལ་གསར་ལི་ཧྥེང་མགྲོན་ཁང་།)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།