འདི་ནི་ཨ་མདོ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པས་བྲག་སྨུག་གྲོང་རྡལ་དུ་ལུས་པའི་ཟོག་འཁོར་གྱི་ཁ་ལོ་བ་དང་ཡུལ་སྐོར་བར་འཐུང་ཆུ་མཁོ་འདོན་བྱེད་བཞིན་པ།
རྒྱལ་ལམ་109ཡིས་དུས་ཡུན་རིང་པོའི་ནང་བོད་དུ་ནང་འདྲེན་དངོས་ཟོག་80%ཡན་དང་བོད་ནས་ཕྱིར་གཏོང་དངོས་ཟོག་90%ཡན་སྐྱེལ་འདྲེན་གྱི་ལས་འགན་ལྕི་པོ་འཁུར་བཞིན་ཡོད། རིམས་ནད་ཐོན་རྗེས་ཨ་མདོ་རྫོང་གིས་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ལམ་109ཤར་གཏོང་དང་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་འཕྲལ་སྡོམ་དངོས་ཟོག་དང་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་གལ་ཆེན་སོགས་ལས་ཕྱོད་ཆེན་པོས་དུས་ཐོག་ཏུ་སྐྱེལ་ཐུབ་པའི་འགན་ལེན་བྱ་ཆེད། ཨ་མདོ་རྫོང་གིས་འཕྲལ་དུ<<རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་རྒྱལ་ལམ་109ཡི་འཕྲལ་སྡོམ་དངོས་ཟོག་དང་དམངས་འཚོ་འགན་སྲུང་གི་སྐྱེལ་འདྲེན་རླངས་འཁོར་སྔོན་ལ་ཤར་གཏོང་བྱེད་དགོས་པའི་སྐོར་གྱི་སྤྱི་བསྒྲགས>>ཁྱབ་བསྒྲགས་བྱས་པ་མ་ཟད། བོད་དུ་སྐྱོད་པར་ཤ་ཚའི་དྲན་སྐུལ་བྱེད་ཐབས་བཟོས་ཏེ་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་བཞུད་པར་བོད་དུ་སྐྱོད་པའི་སྲིད་ཇུས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་དངོས་ཟོག་འགན་སྲུང་རླངས་འཁོར་ལ་ཐོགས་མེད་བགྲོད་ལམ་བཏོད་ནས་དམིགས་ས་ཡོད་པའིི་སྒོ་ནས་རྒྱལ་ལམ་109རྒྱུད་ཀྱི་སྣུམ་སྣོན་ས་ཚིགས་སོགས་ཀྱི་ཞབས་ཞུ་བྱ་ཡུལ་སྒོ་ཕྱེ་སྟེ་འགྲོ་འོང་བྱེད་མཁན་འཁོར་རིགས་འགྲོ་སྐྱོདབདེ་བླག་ཡོང་བར་བྱས་ཡོད།
དེ་དང་ཆབས་ཅིག་རིམས་ནད་ནང་དུ་འགོ་བ་དང་ཕྱིར་མཆེད་པའི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱ་ཆེད། ཨ་མདོ་རྫོང་སྲིད་གཞུང་གིས་རྒྱལ་ལམ་109རྒྱུད་དུ་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་12བཙུཌ་ནས་ཆ་སྙོམས་ཉིན་རེར་རླངས་འཁོར་700ལྷག་ཙམ་ལ་ཞིབ་བཤེར་དང་མི་སྟོང་ཕྲག་ལ་ཉིང་སྐྱུར་བརྟག་དཔྱད་བྱས་ཡོད།
རིམ་རྩིས་བྱས་ན། མིག་སྔའི་བར་ཨ་མདོ་རྫོང་གིས་བོད་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་11ལྷག་ཙམ་དང་རླངས་འཁོར་ཐེངས་ཁྲི་4.8ལ་གྲལ་བཤེར་བྱས་ཡོད་པ་རེད།
རྒྱལ་ལམ་109བརྒྱུད་བོད་ནས་འགྲོ་འོང་བྱེད་མཁན་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ཨ་མདོ་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་མི་ཕོག་པའི་འགན་ལེན་ནུས་ལྡན་བྱ་ཆེད། “ཧྲིལ་པོ་གཙང་སེལ་དང་སྤྱི་འདོམས་མཉམ་ལས” ཀྱི་ལས་ཀའི་ལམ་སྲོལ་སྤྱད་དེ་རྫོང་ཡོངས་ལ་ཡུག་འབྲེལ་ཁུལ་ཆེན་པོ་3དང་། ཞབས་ཞུའི་ས་ཚིགས་11 འགན་ནུས་ཚོགས་ཆུང་30བཅས་བཙུགས་པའི་ཁར་སྐོར་སྐྱོད་ཁྲོམ་བཀྱག་དང་གནས་གཏན་འཁེལ་གྱི་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ནས་རྫོང་ཡོངས་ཀྱི་ས་ཁོངས་ཁག་ལ་སྔོ་ཚལ་དང་། ཤིང་འབྲས། འབྲས། གྲོ་ཞིབ། སྣུམ། ལུག་ཤ། ཚགས་ཤ། ཕག་ཤ་སོགས་འཚོ་བའི་དངོས་ཟོག་སྤྲད་དེ་རྫོང་ཡོངས་ཀྱི་སྤྱི་ཚོགས་ཐོག་ཏུ་དངོས་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཨ་མདོ་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲི་4.4དང་ཏང་ཡོན་4696རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ནང་ཞུགས་རྒྱུའི་འབོད་སྐུལ་ཧུར་ཐག་བྱས་པ་དང་། ལས་བྱེད་མང་ཚོགས་དང་། སློབ་ཆེན་སློབ་མ། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་མི་2512བསྡུས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་པའི་རུ་ཁག་བཙུགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོར་བསྐྱོད་ཡོད།
ཐོ་རེངས་སུ་ལྷ་ས་ནས་ཐོན་པའི་ཟོག་འདྲེན་རླངས་འཁོར་ཁག་གཅིག་ཨ་མདོ་རྫོང་དུ་འབྱོར་ཞིང་། དངོས་ཟོག་ཤར་གཏོང་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་ཕན་ལིན་ཤིན་གྱིས་རུ་མི་ཚོའི་སྣེ་ཁྲིད་དེ་སྔ་པོ་ནས་དངོས་ཟོག་རྩིས་ལེན་བྱ་ཡུལ་དུ་ཡུན་རིང་བསྒུགས་ནས་བསྡད། དངོས་ཟོག་རླངས་འཁོར་སླེབས་རྗེས། དངོས་ཟོག་ཤར་གཏོང་ཚོགས་ཆུང་གི་ཁོངས་མི་རྣམས་ཀྱིས་དངོས་ཟོག་འབེབས་པ་དང་། དུག་སེལ་བྱེད་པ། རླངས་འཁོར་ནང་བླུག་པ་སོགས་བྱས་ཏེ་མཚན་གང་ལས་ལ་བྲེལ་ནས་བསྡད།
“དངོས་ཟོག་དེ་དག་བདེ་བླག་ངང་གྲོང་ཁྱེར་དུ་དབོར་བ་མཐོང་སྐབས་ང་ཚོའི་སེམས་པ་ལྷོད་ལ་བབས་སོང”ཞེས་ཕན་ལིན་ཤིིན་གྱིས་དཔྲལ་བའི་སྟེང་གི་རྔུལ་ཆུ་འབྱིད་བཞིན་དུ་བཤད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བདེ་བླག་ངང་སྤེལ་བ་དེ་ཕྱོགས་ཁག་གིས་རྒྱབ་སྐྱོར་བྱས་ནས་ཚང་མས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས་བློ་གཅིག་སེམས་གཅིག་གིས་ནད་ཡམས་འགོག་པ་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་པ་དང་ཁ་འབྲལ་ཐབས་མེད།
མིག་སྔའི་བར། ཨ་མདོ་རྫོང་གིས་གནས་སྤོ་བྱ་ཡུལ་གྱི་མང་ཚོགས་དང་དེ་གར་ལུས་པའི་མིར་སྒོར་ཁྲི་97ལྷག་ཙམ་རི་བའི་དངོས་ཟོག་མཁོ་འདོན་བྱས་ལ། ད་དུང་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་རིམས་འགོག་ལས་དོན་ལ་དངུལ་དང་དངོས་པོ་ཞལ་འདེབས་ཀྱང་བརྒྱབ་པ་རེད།