དབུ་ཤོག>ཆེད་སྒྲིག
  • རིམས་ནད་སྔོན་འགོག་ཚོད་འཛིན་དང་ཚན་ཞིབ་ཐོན་སྐྱེད་གཉིས་ཀར་འཐུས་ཤོར་མི་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-01

    རིམས་ནད་ཐོན་ཚུན་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་དུས་ཐོག་ཏུ་རིམས་འགོག་ལས་དོན་ཚོགས་ཆུང་བཙུགས་ནས་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་རྨང་གཞིའི་ཐོག་ཚན་ཞིབ་ཐོན་སྐྱེད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8པ་དང་ཟླ་9པ་ནི་རང་ལྗོངས་ཀྱི་ནས་དང་། གྲོ། པད་ཁ་སོགས་ཀྱི་ཞིང་ལས་སྐྱེ་དངོས་ཚོད་ལྟའི་རྒྱུ་ཆར་གྲུབ་འབྲས་ཐོབ་པའི་འགག་རྩའི་དུས་ཤིག་རེད། འགག་རྩའི་དུས་འདིར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡིས་རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་ནུས་ལྡན་གྱི་མྱུར་བསྡུའི་ཆེད་ལས་ཚན་ཁག་བཙུགས་ཏེ་བཀག་སྡོམ་དོ་དམ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཤིང་། ཉིན་གསུམ་གྱི་ནང་ཚོད་ལྟའི་རྒྱུ་ཆ་མུའུ་86མྱུར་བསྡུའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ཞིང་ལས་སྐྱེ་དངོས་སྣ་ཚོགས་ཀྱི་ཚོད་ལྟའི་རྒྱུ་ཆ5265མྱུར་བསྡུ་བྱས་པ་མ་ཟད། ཞིང་ལས་ལག་རྩལ་གྱི་ངོ་བོ་དང་ཐོན་འབོར་སོགས་ཀྱི་ཚན་ཞིབ་གྲངས་གཞི་8000ཙམ་འཚོལ་བསྡུ་བྱས་ཏེ་ཚན་ཞིབ་རྒྱུ་ཆའི“འབྲུ་རྡོག་གཅིག་ཀྱང་མ་ལུས་པ་བསྡུ་རྒྱུ”མངོན་འགྱུར་བྱུང་བ་རེད། དེ་དང་ཆབས་ཅིག་ཞིབ་འཇུག་སུའོ་དེས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཧུར་ཐག་བྱས་ནས་དྲ་རྒྱའི་ཐོག་ནས་ཁང་ནང་ཁུལ་གྱིས་འདུན་ཞུ་བྱ་རྩིས་ཡོད་པའི་2023ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུར་དཔྱད་ཞིབ་བྱས་ཤིང་། རྣམ་གྲངས་གཙོ་འགན་དོ་དམ་སྡེ་ཚན་ལ་གཙོ་གནད་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་འཆར་གཞིའི་རྣམ་གྲངས་ཁག་5དང་། ཀྲུང་དབྱང་གིས་ས་གནས་ལ་ཁྲིད་སྟོན་བྱེད་པའི་རྣམ་གྲངས་ཁག་2 རང་སྐྱོང་ལྗོངས་ཀྱི་ནོར་སྲིད་རྣམ་གྲངས་ཁག་1བཅས་གོང་ཞུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།