དབུ་ཤོག>ཆེད་སྒྲིག
  • དམིགས་བསལ་དུས་སུ“ཅ་ལག་ཉོ་སྒྲུབ་བྱེད་མཁན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-01

    “ཅོག སང་ཉིན་ཚལ་ཞིག་བསྐྱལ་རོགས་བྱས་ན་ཡོང་གི་རེད་དམ”“ང་ཚོའི་ནང་གི་འབྲས་རྫོགས་སོང་བས། འབྲས་ཤིག་བསྐྱལ་རོགས་བྱས་ན་ཡོང་གི་རེད་དམ”“རྫོང་ནས་འོ་རྩམ་ལྕགས་ཀྲིན་གཉིས་ཉོ་རོགས་བྱས་ན་ཡོང་གི་རེད་དམ”ཞེས་པ་སོགས་ཆུ་གསུམ་རྫོང་ཤག་བྱང་ཤང་གི་གྲོང་མིས་སྐད་འཕྲིན་ཚོགས་པའི་ནང་བཏང་བའི་སྐད་ཆར་ཏང་ཡོན་ངག་དབང་དོན་གྲུབ་ཀྱིས་རྟག་པར་དུས་ཐོག་ཏུ་ལན་བརྒྱབ་ནས་ཁོང་ཚོའི་རེ་བ་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད་པས། དེས་ཚང་མ་བློ་བདེ་པོ་ཡོང་གི་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཡུལ་མི་སྤུན་མཆེད་ཚོའི་དངོས་ཟོག་གི་དགོས་མཁོ་སྐོང་ཆེད། ཤག་བྱང་ཤང་གི་ཏང་ཡོན་ངག་དབང་དོན་གྲུབ་ཀྱིས་རང་འགུལ་ངང་དང་བླངས་པ་བྱ་རྒྱུའི་རེ་འདུན་ཞུས་ནས། རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པ་དང་རིམས་འགོག་གི་བླང་བྱ་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་ཚོ་ཡོངས་ཀྱི་གྲོང་མིར་སྔོ་ཚལ་དང་འཚོ་བའི་མཁོ་ཆས་སྐྱེལ་བ་དང་གྲོང་མི་ཚོའི་དབུགས་དམ་སྟོང་པ་བསྡུ་རུབ་བྱས་ཏེ་གཅིག་གྱུར་ཐོག་རླངས་འགྱུར་བླུགས་ནས་ཡང་བསྐྱར་གྲོང་མིའི་ཁྱིམ་དུ་སྐྱེལ་གྱི་ཡོད།

    ཉིན་ལྟར་ཞོགས་པའི་ཆུ་ཚོད་10པར། ངག་དབང་དོན་གྲུབ་ཀྱིས་ཁ་རས་ཡག་པོ་བརྒྱབ་པ་དང་སྟོད་གོས་ལྗང་ཁུ་དེ་གྱོན་ནས་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་བཏང་སྟེ། རྫོང་གི་ཚལ་ཁྲོམ་དུ་བསྐྱོད་ནས་སྔོན་ནས་མངགས་པའི་ཤིང་ཏོག་དང་སྔོ་ཚལ་བླངས་ཏེ་འཕྲལ་མར་ཁྱིམ་དུ་ལོག་གི་ཡོད། བཟའ་ཟླ་སྒྲོལ་དཀར་གྱིས་ཟོག་འདྲེན་རླངས་འཁོར་གྱི་སྒྲ་ཐོས་འཕྲལ་དངོས་ཟོག་འབེབས་རོགས་ལ་ཡོང་བ་དང་། བཟའ་ཚོ་གཉིས་ཀྱིས་མགྱོགས་མྱུར་དུག་སེལ་བྱེད་པ་དང་། བགོ་བཤའ་རྒྱག་པ། ཁུག་མའི་ནང་བླུགས་པ་བཅས་བྱས་ཏེ། ལམ་སེང་མངགས་ཐོ་གཞིར་བཟུང་སྔོ་ཚལ་དང་འཚོ་བའི་མཁོ་ཆས་གྲོང་མིའི་ཁྱིམ་དུ་སྐྱེལ་བ་དང་བདེ་འཇགས་ངང་རྩིས་སྤྲོད་ཀྱི་ཡོད།

    ངག་དབང་དོན་གྲུབ་ཉིན་ལྟར་ཞོགས་པ་སྔ་པོ་ནས་སྒོ་ནས་ཐོན་ཏེ། རྫོང་གྲོང་དང་གྲོང་ཚོ་གསུམ་དབར་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས་པས་དགོང་མོ་ཕྱི་པོ་མ་གཏོགས་ཁྱིམ་དུ་སླེབས་ཀྱི་མེད། བཟའ་ཟླ་སྒྲོལ་དཀར་གྱིས་རང་ཁྱིམ་གྱི་ལས་ཀ་དག་ལྕགས་ཐག་གཅུས་རིལ་བྱེད་པ་མ་ཟད། ད་དུང་ངག་དབང་དོན་གྲུབ་ཀྱི་ལས་ཀར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཁོང་ལ་སེམས་ཁྲལ་ཐོལ་པ་མི་ཡོང་བ་བྱེད་ཀྱི་ཡོད།

    ཉིན་ལྟར་ཉིན་དགུང་ཁ་ལག་བཟའ་དུས་སུ་བཟའ་ཚོ་གཉིས་པོས་ལས་བགོས་ཡག་པོ་བརྒྱབ་སྟེ་ངག་དབང་དོན་གྲུབ་ཀྱིས་ཟོག་འདྲེན་རླངས་འཁོར་ཆུང་གྲས་བཏང་ནས་ཐག་རིང་གི་ས་ཚིགས་སུ་ལྟོ་ཆས་སྐྱེལ་བ་དང་། སྒྲོལ་དཀར་གྱིས་གློག་སྒུལ་སྦག་སྦག་བཏང་ནས་ཐག་ཉེ་སའི་ས་ཚིགས་སུ་ལྟོ་ཆས་སྐྱེལ་བར་ཕྱིན་ནས། ཤང་དེ་ཡོངས་ཀྱི་ས་ཚིགས་8ཀྱི་ལས་དོན་མི་སྣར་ལྟོ་ཆས་ཚ་པོ་ཞིག་བཟའ་རྒྱུ་ཡོང་བ་བྱེད་ཀྱི་ཡོད།

    “ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་བསྒྲུབས་ཏེ། ཚང་མར་འཚོ་བའི་དངོས་ཟོག་སྡེབ་སྐྱེལ་བྱེད་པ་དེའང་རིམས་ནད་ལ་འགོག་རྒོལ་བྱ་ཆེད་རང་ནུས་ཕྲན་བུ་བཏོན་པ་ཙམ་ཡིན”ཞེས་ངག་དབང་དོན་གྲུབ་ཀྱིས་བཤད།

    ཟླ་9པའི་ཟླ་དཀྱིལ་དུ། ལྷོ་ཁ་གྲོང་ཁྱེར་དུ་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་བ་དེ་ནི། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་བློ་གཅིག་སེམས་གཅིག་གིས་རིམས་འགོག་བྱས་པའི་གྲུབ་འབྲས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།