དབུ་ཤོག>ཆེད་སྒྲིག
  • འགན་འཁྲི་འཁུར་ནས་ཕུགས་འདུན་མངོན་འགྱུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-01

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡིན་པའི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཆོས་མཚོའི་སྐོར་གླེང་སྐབས་ཚང་མས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    ཆོས་མཚོ་ནི་ལོ་100ལྷག་ཙམ་གྱི་རྒུན་འབྲུམ་ཨ་རག་སྙོལ་བའི་ལོ་རྒྱུས་ལྡན་པའི་ཚྭ་ཁ་ལྷོར་སྐྱེས། རྫ་ཆུ་དེ་ག་ནས་རྒྱུག་པ་དང་ལུང་ཤུར་གྱི་གནམ་གཤིས་སྐམ་ཤས་ཆེ་བས་དེ་གར་རྒུན་འབྲུམ་གྱི་སྐྱེ་འཚར་ལེགས་པས་དུད་ཚང་ཚང་མས་རྒུན་འབྲུམ་ཨ་རག་བསྙལ་གྱི་ཡོད། ཕ་ཡུལ་གྱི་རྒུན་འབྲུམ་ཨ་རག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཁྱབ་གདལ་གཏོང་ཆེད། དེ་སྔ་གཞུང་ལས་པ་ཡིན་པའི་ཆོས་མཚོས་2014ལོར་ལས་དགོངས་ཞུས་ནས་སྨར་ཁམས་རྫོང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་དུ་ལོག་ཡོང་།

    འདི་ལོ་ཆོས་མཚོ་རྒུན་འབྲུམ་ཨ་རག་ལས་རིགས་ནང་ཞུགས་ནས་ལོ་8འགྲོ་ཡི་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཐོག་མའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

    མི་སེར་སེམས་ལ་བཅངས།

    ལོ་8རིང་། ཆོས་མཚོར་ཐུགས་རྗེ་ཆེ་ཞུ་མཁན་གྲངས་ལས་འདས་མོད། འོན་ཀྱང་ཁོང་གིས་སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཡུལ་མི་བུ་ཕྲུག་ཚོར་ཞབས་འདེགས་ཞུ་རྒྱུ་ནི་རང་ཉིད་ཀྱིས་འཁུར་འོས་པའི་འགན་འཁྲི་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད།

    ལོ་དེ་དག་ནང་ཆོས་མཚོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དེ་ཀུང་སིའི་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ད་བར་བོད་རིགས་དང་། འཇང་རིགས། རྒྱ་རིགས། དབྱིས་རིགས། ཅིང་ཕོ་རིགས། པའེ་རིགས། མན་ཇུ་རིགས། ལི་སུའུ་རིགས་སོགས་མི་རིགས་8ཀྱི་ལས་བཟོ་32ལས་ཞུགས་ཐུབ་ཡོད་པ་རེད།

    ཆོས་མཚོའི“དགུ་བཅུ་ནང་སྐྱེས”ཀྱི་ལས་རོགས་བློ་བཟང་ལྷ་མཚོས“ཨ་ཅག་ཆོས་མཚོ་ནི་ཞིབ་ཚགས་པའི་མི་ཞིག་རེད། ཐེངས་ཤིག་ཁོང་གིས་མི་རིགས་གཞན་དག་གི་བུ་མོ་ཆུང་ཆུང་ཞིག་ཁྱིམ་དུ་དུས་ཆེན་གཏོང་བར་སྐྱོད་ཐུབ་མེད་པ་ཤེས་རྗེས་ཀུང་སིའི་གྲངས་ཉུང་མི་རིགས་ཀྱི་ལས་རོགས་ཚང་མའི་དུས་ཆེན་ཟིན་ཐོར་བཀོད་ནས་ལས་རོགས་སུ་ཞིག་དུས་ཆེན་བཏང་ནའང་ཁོང་གིས་བྱེད་སྒོ་ཆུང་ཆུང་ཞིག་སྒྲིག་འཛུགས་བྱས་ཏེ་ཁོང་ཚོར་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁྲི་འཁུར་སེམས་འཆང་བཞིན་སྤྱི་ཚོགས་ལ་དྲིན་ལན་འཇལ་བ།

    ཆོས་མཚོས་ཁེ་ལས་ཤིག་ཡུན་རིང་གནས་དགོས་ན་ངེས་པར་དུ་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་དགོས་ལུགས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་2016ལོར་སྣེ་ཁྲིད་ནས“བདག་དམར་གཡང”གི་དབུལ་སྒྲོལ་རྩ་འཛུགས་བཙུགས་པ་དང“ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་ལྷོ་རྒྱུད་ཤང་གསུམ་གྱི་མང་ཚོགས་ལ་རྒུན་འབྲུམ་མུའུ་1000ལྷག་ཙམ་འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད། ལོ་ཁ་ཤས་ནང་ཆོས་མཚོ་གནས་སའི་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་གནས་སྐབས་ལས་མིར་བསྡུས་པ་དང་རིམ་རྩིས་བྱས་ན་དབུལ་སྐྱོར་འགྲོ་གྲོན་སྒོར་ཁྲི་1500ལྷག་ཙམ་ཟིན་ཡོད་པ་རེད།

    ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་གི་ཡོད་པས་སློབ་གསོ་ནི་ཁྱིམ་ཚང་དབུལ་པོ་ཚང་མའི་རེ་བ་ཡིན། མཐོ་རིམ་སློབ་གསོ་ཐོབ་མྱོང་ཡོད་པའི་ཆོས་མཚོས་སློབ་གསོའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ནས་སློབ་གསོའི་དབུལ་སྐྱོར་རྣམ་གྲངས་འཛུགས་པ་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་མ་དབུལ་པོར་སློབ་གསོར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུའི་ལྕག་སྐུལ་བྱས་པ་རེད།

    2015ལོ་ནས་བཟུང་ཆོས་མཚོས་ལོ་ལྟར་ཚྭ་ཁ་ལྷོ་སློབ་ཆུང་ལ“བདག་དམར་གཡང”གི་སྐུལ་གཏོང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་ཀྱི་ཡོད། 2016ལོ་ནས་བཟུང་སློབ་གྲྭར་ཡོད་མུས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་3ལ་ལོ་ལྟར་སྒོར་ཁྲི་6སྤྲོད་ཀྱི་ཡོད། དུས་མཚུངས། ཆོས་མཚོས་ད་དུང་ཀྲི་པུའི་ཏང་ཡོན་དང་སློབ་མའི་དབར་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་བྱས་ཏེ་གཅིག་གཏད་གཅིག་གི་ཐོག་ནས་རྒྱུད་རོགས་ཁྲིད་གསུམ་དང་དོགས་གནད་སེལ་ཏེ་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན་དང་སློབ་སྦྱོང་ཡག་པོ་བྱེད་པའི་ས་བོན་གྱི་མྱུ་གུ་ཕྲུ་གུའི་སེམས་ནང་རྒྱས་པར་བྱས་ཡོད།

    གོམ་སྟབས་རེ་རེ་བཞིན་ཁེ་ལས་ཀྱི་སྤུས་རྟགས་བཏོད་པ།

    ལོ་8རིང་ཆོས་མཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་ལ་དོ་དམ་བྱས་པ་མ་ཟད། ད་དུང་རྒུན་འབྲུམ་ཨ་རག་སྙོལ་བཟོའི་ཤེས་བྱར་བརྩོན་ཞིབ་བྱས་ཏེ་ཕ་ཡུལ་གྱི་རྒུན་འབྲུམ་ཨ་རག་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཁྱབ་གདལ་བཏང་ཡོད། ཆོས་མཚོས་ས་མཐོའི་རྒུན་འབྲུམ་ཨ་རག་དེ་དེ་བས་མཐོ་བའི་ལས་སྟེགས་སུ་ཁྱབ་གདལ་བཏང་བ་དང“བདག་དམར་གཡང”སྤུས་རྟགས་དེ་ཀྲུང་གོའི་རྒུན་འབྲུམ་ཨ་རག་ཁྲོམ་རར་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་དང་ཆབས་ཅིག་མི་དེ་བས་མང་བ་ཞིག་གིས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་ཐུབ་ཡོད།

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི་རྩ་འཛུགས་དང་ཏང་ཡོན་གྱིས་ང་ལ་ཡིད་ཆེས་བྱས་པ་ཞིག་དང་སླད་ཕྱིན་ངའི་ལས་ཀར་ལྕག་སྐུལ་དང་ལྕག་འདེབས་བྱས་པ་ཞིག་དེ་བས་རེད། སླད་ཕྱིན་ངས་མུ་མཐུད་འབད་བརྩོན་བྱས་ཏེ་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཆོས་མཚོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།