ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ང་གཉིས་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་རིམས་འགོག་དངོས་ཟོག་གྲབས་གསོག་དང་གཏོང་སྤྲོད་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་28ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་5(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་85(ལྷ་ས་གྲོང་ཁྱེར་ལ་77དང་། གཞིས་རྩེ་གྲོང་ཁྱེར་ལ་2 ནག་ཆུ་གྲོང་ཁྱེར་ལ་6)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་29ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་2(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་22(ལྷ་ས་གྲོང་ཁྱེར་ལ་21དང་། གཞིས་རྩེ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་28ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་2དང་ཉེན་ཁ་འབྲིང་བའི་ཁུལ་54ཡོད་པ་རེད།
ཟླ་9ཚེས་28ཉིན་ཏོག་གསར་ནད་དུག་འགོས་པ་90མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།
ཟླ་9ཚེས་28ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་3856དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་99462ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་39047ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཤའོ་ཡན་གྱིས་ངོ་སྤྲོད་བྱས་དོན། མིག་སྔར་རིམས་འགོག་དངོས་ཟོག་སྣ་ཚོགས་གྲབས་གསོག་འདང་ངེས་བྱས་ཡོད། རང་སྐྱོང་ལྗོངས་རིམ་པ་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་རིགས་ཁག་གི་ད་ཡོད་རིམས་འགོག་དངོས་ཟོག་ཁག་ནི། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་ཁྲི་9815.06དང་། སྨན་སྤྱོད་འགོག་སྲུང་ཁ་རས(N95)ཁྲི་1876.58 འགོག་སྲུང་གྱོན་ཆས་ཆ་ཚང་ཁྲི་509.84 འགོག་སྲུང་གདོང་ཁེབས་ཁྲི་471.15 ཉིང་སྐྱུར་བརྟག་དཔྱད་ཚོད་སྨན་ཁྲི་1567.11 གདོད་འགོག་བརྟག་དཔྱད་ཚོད་སྨན་ཁྲི་1010.21སོགས་ཡོད་ལ། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་འགན་སྲུང་ཚོགས་ཆུང་གིས་རིམས་འགོག་དངོས་ཟོག་ཉོ་སྒྲུབ་ཀྱི་བརྒྱུད་རིམ་ནན་ཏུ་གཏོང་བ་དང་། སྤྱི་འདོམས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམས་འགོག་དངོས་ཟོག་ཚང་མ་དགོས་མཁོ་ཆེ་སར་སྤྱོད་པ་དང་། དགོས་མཁོ་དང་བསྟུན་ནས་འཐབ་ས་དང་པོའི་སྡེ་ཚན་དང་གྲོང་ཁྱེར་དང་ས་ཁུལ་བདུན་ལ་ལུགས་མཐུན་ངང་བཀོད་གཏོང་ཐེངས་མང་པོ་བྱས་ཡོད། ཟླ་8ཚེས་8ཉིན་ནས་ཟླ་9ཚེས་28ཉིན་བར། རིམ་རྩིས་བྱས་ན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། གྲོང་ཁྱེར་དང་ས་ཁུལ་ཁག ལྷག་པར་དུ་རིམས་ནད་ཅུང་ཚབས་ཆེ་བའི་ཁུལ་བཅས་སུ་རིམས་འགོག་དངོས་ཟོག་ཁག་ཐེངས་མང་པོ་བཀོད་གཏོང་བྱས་པའི་ནང་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་ཁྲི་989.75དང་། སྨན་སྤྱོད་འགོག་སྲུང་ཁ་རས(N95)ཁྲི་589.01 འགོག་སྲུང་གདོང་ཁེབས་ཁྲི་87.22 ཉེན་འགོག་མིག་ཤེལ་ཁྲི་55.22 འགོག་སྲུང་གྱོན་ཆས་ཆ་ཚང་ཁྲི་262.64 སྲུང་གོས་ཆ་ཚང་ཁྲི་226.53 འགོག་སྲུང་ལག་ཤུབས་ཆ་ཁྲི་356.01 ཉིང་སྐྱུར་བརྟག་དཔྱད་ཚོད་སྨན་ཁྲི་380.67 གདོད་འགོག་བརྟག་དཔྱད་ཚོད་སྨན་ཁྲི་794.77 དུག་སེལ་རིགས་ཀྱི་ཐོན་རྫས(75%ཟིན་པའི་ཅིའུ་ཅིང་དང་། 84དུག་སེལ་སྨན་ཆུ། སྐྱུར་ལྡན་དབྱང་འགྱུར་གློག་གནས་དུག་སེལ་སྨན་ཆུ། 3%ཟིན་པའི་དབྱང་འགྱུར་ཆིང་སོགས)ཧྲེང་ཁྲི་81.42སོགས་ཡོད་པ་རེད།