
འདི་ནི་ཉིང་ཁྲི་གྲོང་ཁྱེར་བུ་བཅོལ་ཁང་གསུམ་པའི་དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཚོར་བསུ་བ་ཞུ་བཞིན་པ།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་དང་བུ་བཅོལ་ཁང་སོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་བུ་བཅོལ་ཁང་གསུམ་པ་ཟླ་9ཚེས་27ཉིན་གྱི་སྔ་དྲོ་དངོས་སུ་སློབ་འགོ་ཚུགས་ནས་ཕྲུ་གུ་102ཙམ་བུ་བཅོལ་ཁང་དུ་སླེབས་ཡོད།