དབུ་ཤོག>ཆེད་སྒྲིག
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྨན་པ་སྤེན་པ་སྒྲོལ་མ་ལགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-29

    ས་མཐོའི་མ་བུའི་བདེ་ཐང་སྲུང་མཁན། 

    —— ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་སྒྲོལ་མའི་སྐོར་བཀོད་པ།

      “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ལྷག་པར་དུ་བུད་མེད་དང་བུ་བཙའི་ཚན་ཁག་གི་ནད་གཞི་ལྕི་རིགས་མྱུར་སྐྱོབ་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས། སྦྲུམ་མ་དང་དམར་འབྱར་འཆི་ཚད་ཉུང་དུ་མངོན་གསལ་དོད་པོ་ཕྱིན་པ་མ་ཟད། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་98%ཟིན་ཏེ། ‘རྩ་གནད་གཉིས’ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད”ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་སྒྲོལ་མ་ནི། འཕོ་འགྱུར་ཆེན་པོ་དེའི་བདེན་དཔང་བ་དང་བརྒྱུད་མྱོང་མཁན་ཞིག་རེད་ལ། དེར་ཞུགས་མཁན་ཞིག་ཀྱང་རེད། 

      ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་པས། དེ་ནི་ངའི་གཟི་བརྗིད་རེད་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། དེ་ནི་ང་སྨན་པ་ལོ་སུམ་ཅུ་བྱས་པའི་ལས་ཀར་གདེང་འཇོག་དང་ཁས་ལེན་བྱས་པ་ཞིག་རེད་ལ། ལྕག་སྐུལ་ཞིག་ཀྱང་རེད། ངས་སྔར་ལས་ལྷག་པའི་སྒོ་ནས་འབད་བརྩོན་བྱས་ཏེ་ནད་པར་ཞབས་འདེགས་ཡག་པོ་ཞུ་རྒྱུ་མ་ཟད། ནུས་པས་ལྕོགས་ཚོད་ཀྱིས་བོད་ཀྱི་མ་བུའི་འཕྲོད་བསྟེན་བྱ་གཞག་དེ་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་སྤེན་པ་སྒྲོལ་མས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་གསུངས།

    640 (19).jpg

        སྤེན་པ་སྒྲོལ་མས(གཡོན་གྱི་དང་པོ)གཞི་རིམ་དུ་མོ་ནད་དབྱེ་བཤེར་བྱེད་སྐབས་ཞིང་འབྲོག་པ་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ། 

      ལས་ཀར་ཞུགས་ཚུན། ཁོ་མོས་གཤགས་བཅོས་པ་གཙོ་བོའི་འགན་ཁུར་གནང་བ་མ་ཟད། བུད་མེད་དང་བུ་བཙའི་ཚན་ཁག་གི་གཤགས་བཅོས་ཆེ་ཆུང་ཁྲི་ཙམ་ལ་མཛུབ་ཁྲིད་དང་ནད་གཞི་ལྕི་པོ་ཕོག་མཁན་སྐྱོབ་བཅོས་ལ་མཛུབ་ཁྲིད་གྲངས་མེད་གནང་བས། ནད་པ་དང་ནང་མི་ཚོའི་ཡིད་ཆེས་དང་གུས་བཀུར་ཆེན་པོ་ཐོབ་པས། ཁོང་ལ་བྱམས་སེམས་ཅན་གྱི་ལྷ་རྗེ་ཞེས་བརྗོད་ཀྱི་ཡོད།

      སྨན་པ་བྱེད་དོན་གང་ཡིན་པའི་སྐོར་གླེང་སྐབས། སྤེན་པ་སྒྲོལ་མས་དྲན་གསོ་གནང་བཞིན་དུ། སྔོན་མ་པཱ་ལགས་ཀྱིས་ང་ལ་སྨན་པ་བྱས་ན། ནད་བཅོས་སྲོག་སྐྱོབ་ཐུབ་པས་དེ་ནི་བྱ་བ་ཧ་ཅང་བཟང་པོ་ཞིག་རེད། ངས་རང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུང་མྱོང་། དེ་ནས་ངས་གསོ་རིག་སྦྱངས་ཏེ་སློབ་གྲྭ་ཐོན་རྗེས། སྨན་བཅོས་ལས་ལ་གཞོལ་ནས་གངས་ལྗོངས་ས་མཐོར་བདེ་སྐྱིད་བསྐྲུན་པའི་སེམས་ཐག་བཅད་པ་ཡིན་ཞེས་གསུངས། གསོ་རིག་ཆེད་ལས་ལ་དགའ་མོས་ཆེན་པོ་ཡོད་པའི་ཁར། རང་ཉིད་ཀྱིས་འབད་བརྩོན་ཧུར་ཐག་བྱས་པར་བརྟེན། སྤེན་པ་སྒྲོལ་མ་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)གི་གསོ་རིག་ཚན་ཁག་ཏུ་རྒྱུགས་འཕྲོད། 

      སློབ་ཆེན་ཐོན་རྗེས། སྤེན་པ་སྒྲོལ་མ་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་ལས་བགོས་བརྒྱབ། དེ་གར་ཁོང་ལ་བོད་སྐྱོར་སྨན་པ་མང་པོ་ཞིག་ངོ་ཤེས་པ་དང་ཁོ་ཚོའི་ས་ནས་ལྗོངས་ཕྱིའི་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་བསམ་བློ་སློབ་སྦྱོང་ཞུས་ཏེ། ནད་ཐོག་སྨན་བཅོས་ཀྱི་འཇོན་ཐང་ཆེ་རུ་ཕྱིན་པ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ལོ་4ཡི་རྗེས་སུ་ཁོང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་ལས་སྒྱུར་གནང་བ་རེད།

    640 (20).jpg

      རིམས་ནད་ཐོན་རིང་སྤེན་པ་སྒྲོལ་མས(གཡས་ཀྱི་དང་པོ)ནད་ཚབས་ལྕི་བའི་ནད་པར་སྨན་བཅོས་བྱེད་པའི་ཐད་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་དང་གྲོས་བསྡུར་གནང་བཞིན་པ།

    སྨན་པར་གྱུར་པའི་དུས་དེ་ནས་བཟུང་། སྤེན་པ་སྒྲོལ་མས་རྟག་པར་གྲོང་གསེབ་ཏུ་གྲོང་མིར་ནད་ལྟ་བར་འགྲོ་བ་མ་ཟད། ལས་ཀ་འདིར་དགའ་ཞེན་ཚད་མེད་གནང་གི་ཡོད། ཏག་ཏག་སྐབས་དེ་དུས་ཀྱང་ཁོང་གཞི་རིམ་སྨན་བཅོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱུང་ཡོད། རིག་ཚན་གྱི་སྣེ་འཁྲིད་མཁན་ལ་གྱུར་རྗེས། སྤེན་པ་སྒྲོལ་མས་རྟག་ཏུ་གཟའ་མཇུག་གམ་ཡང་ན་དུས་ཆེན་དང་ངལ་གསོའི་དུས་ཚོད་ལ་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྒྲིག་འཛུགས་བྱས་པའི་གྲོང་ཚོའི་སྨན་པ་གསོ་སྦྱོང་གི་འཛིན་གྲྭར་ཞུགས་པ་མ་ཟད། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་སློབ་ཚན་འཁྲིད་པ་དང་འབུམ་རམས་པའི་སློབ་སྟོན་པ་གནང་སྟེ། བོད་ཀྱི་སྨན་བཅོས་བྱ་གཞག་ལ་ཕུལ་བྱུང་ཤེས་ལྡན་པ་སྔར་ལས་མང་བ་གསོ་སྐྱོང་གནང་ཡོད།

    640 (21).jpg

      སྤེན་པ་སྒྲོལ་མས(གཡས་ཀྱི་གཉིས་པ)བོད་རིགས་རིགས་གཅིག་མཁས་ཅན་དང་མཉམ་དུ་ནད་པར་གཤག་བཅོས་གནང་བཞིན་པ།

      ལོ་མང་རིང་། སྤེན་པ་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་བུད་མེད་དང་བུ་བཙའི་ཚན་ཁག་གི་གསོ་རིག་ཚན་རིག་དང་ནད་ཐོག་སྨན་བཅོས་ལག་ལེན་གྱི་འཐབ་ས་མདུན་མར་འབད་འཐབ་གནང་ནས། ནུས་ཤུགས་ཡོད་རྒུས་བུད་མེད་དང་བྱིས་པའི་བདེ་ཐང་བསྲུངས་ཏེ། བུད་མེད་དང་བུ་བཙའི་ཚན་ཁག་གི་ཁྱབ་ཁོངས་སུ“ནད་ཆེན་བོད་ནས་སྨན་བཅོས་ཐུབ་པའི”དམིགས་ཚད་ཕྱོགས་སུ་འབད་འཐབ་གནང་ཡོད། གཞི་རིམ་གྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཞིག་ནས་བོད་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་ཁྱབ་ཁོངས་ལ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རིག་ཚན་སྣེ་ཁྲིད་པར་གྱུར་པའི་བར་དང་། དེ་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པ་དང་རྒྱལ་ཁབ་ཀྱི་ཤེས་ལྡན་པ་ཁྲི་སྟོང་གི་འདུ་འགོད་ཀྱི་གྲས་སུ་བདམས་ཐོན་བྱུང་བའི་བར། གཟི་བརྗིད་མཚན་སྙན་ཐེངས་མང་འཐོབ་མྱོང་མཁན་ཁོང་གིས་ནད་བཅོས་སྲོག་སྐྱོབ་ཀྱི་ལམ་དུ་བརྟན་པོའི་ངང་མདུན་དུ་བསྐྱོད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།