དབུ་ཤོག>ཆེད་སྒྲིག
  • ཁྱེད་རྣམ་པ་སྐུ་ལས་ཁག་སོང་། ཕེབས་ལམ་ལ་བདེ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-29

    གཞིས་རྩེར་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་དང་ཅི་ལིན་གྱི་རིམས་འགོག་སྨན་བཅོས་རུ་ཁག 

    640.jpg

      ཟླ་9ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་5པ་ཡོལ་ཙམ་ལ། གཞིས་རྩེར་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་དང་ཅི་ལིན་གྱི་རིམས་འགོག་སྨན་བཅོས་རུ་ཁག་ཁག་དང་པོ་ལོག་པར་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་འཚོགས་ནས། གཞིས་རྩེའི་མི་དམངས་8འབུམ་གྱི་བཀའ་དྲིན་ཚོར་བའི་བསམ་པ་མཚོན་པར་བྱས་པ་རེད།

    640 (1).jpg

      གཞིས་རྩེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སུ། ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་། ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་རིམས་འགོག་སྨན་བཅོས་རུ་ཁག་འཕྲལ་མར་སྒྲིག་འཛུགས་བྱས་ནས། གཞིས་རྩེར་རོགས་སྐྱོར་བྱེད་པར་བཏང་། ཁོ་ཚོས་ཉིན་མཚན་40ལྷག་ཙམ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། གཞིས་རྩེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

    640 (2).jpg

    ཆབ་མདོར་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་དང་ཐེན་ཅིན་གྱི་རིམས་འགོག་སྨན་བཅོས་རུ་ཁག

    640.png

      ཟླ་9ཚེས་27ཉིན། ཆབ་མདོར་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་དང་ཐེན་ཅིན་གྱི་རིམས་འགོག་སྨན་བཅོས་རུ་ཁག་གིས་རིམས་འགོག་ལས་དོན་ལེགས་པར་བསྒྲུབས་ནས་རང་ཡུལ་ལ་ལོག་པའི་ལམ་ལ་ཆས་པ།

    640 (3).jpg

      ཟླ་8ཚེས་12དང་ཚེས་19ཉིན། ཁྲུང་ཆིང་གིས་སྔ་རྗེས་སུ་སྨན་དོན་པ་ཁག་གཉིས་ཀྱི་མི་110མངགས་ནས། ཆབ་མདོར་ནམ་ཡང་གནས་ཐུབ་པའི་རིམས་འགོག་དཔུང་ཁག་ཅིག་བཞག་ཡོད།

    གཞིས་རྩེར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་ཡི་རིམས་འགོག་སྨན་བཅོས་རུ་ཁག

    640 (4).jpg

    640.gif

      ཟླ་9ཚེས་26ཉིན་གྱི་སྔ་དྲོར། གཞིས་རྩེར་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་ཡི་ཉིང་སྐྱུར་མ་དཔེ་ལེན་མཁན་རུ་མི་219ཧྲང་ཧའེ་ལ་ལོག་པའི་སྐབས་སུ། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དགའ་སྐྱེལ་མཛད་སྒོ་གཟབ་རྒྱས་སྤེལ་ནས། གཞིས་རྩེའི་བུ་ཕྲུག་ཚོའི་ཚབ་ཞུས་ཏེ་ཁོ་ཚོར་བླ་ན་མེད་པའི་གུས་འདུད་ཞུས།

    640 (5).jpg

    640 (6).jpg

    640 (1).png

      ཕེབས་སྐྱེལ་ཞུ་མཁན་རླངས་འཁོར་རུ་ཁག་མཐོང་མ་ཐག ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་གུས་འདུད་ཞུ་བ་དང་གྲོང་མི་མང་པོ་ཞིག་གིས་ཀྱང་རང་འགུལ་ངང་ཁོ་ཚོར་སྐྱེལ་མ་ཞུས།

    640 (7).jpg

    640 (8).jpg

      རང་ཡུལ་དུ་ལོག་པའི་ལམ་བར་དུ། སྨན་དོན་པ་ཚོས་སྒེའུ་ཁུང་ཕྱེ་ནས། ལག་པ་གཡུག་གཡུག་བྱས་ཏེ“གཞིས་རྩེ་ཤུགས་རྒྱོབ”ཅེས་སྐད་གཟེངས་མཐོན་པོས་འབོད་བཞིན་མཆིས།

    ལྷོ་ཁར་རོགས་སྐྱོར་བྱེད་མཁན་ཨན་ཧུའེ་ཡི་རིམས་འགོག་སྨན་བཅོས་རུ་ཁག

      ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ལྷོ་ཁ་གྲོང་ཁྱེར་གྱིས་ཨན་ཧུའེ་ཡི་བོད་སྐྱོར་རིམས་འགོག་སྨན་བཅོས་རུ་ཁག་གི་སྨན་དོན་པ་128ལ་སྐྱེལ་མ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

    640 (9).jpg

      ཨན་ཧུའེ་ཡི་བོད་སྐྱོར་རིམས་འགོག་སྨན་བཅོས་རུ་ཁག་གིས་རིམས་འགོག་གི་ལས་འགན་ཁག་ལེགས་པར་བསྒྲུབས་ནས་རང་ཡུལ་དུ་ལོག་ལ་ཉེ་བའི་མཚམས་སུ། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དྲིན་ཚོར་གྱི་བསམ་པ་བཅངས་ཏེ། ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ནས། ལམ་གྱི་གཞོགས་གཡས་གཡོན་དུ་ཀྲོང་ངེར་ལངས་ཏེ་སྤྲོ་སེམས་འཁོལ་པོས་སྐྱེལ་མ་ཞུས་ཤིང་། བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གུས་འདུད་ཀྱང་ཞུས་པ་རེད།

    640 (10).jpg

    མངའ་རིས་ལ་རོགས་སྐྱོར་བྱེད་མཁན་ཧྲའན་ཤིས་ཀྱི་རིམས་འགོག་སྨན་བཅོས་རུ་ཁག

      ཟླ་9ཚེས་22ཉིན་མངའ་རིས་ལ་རོགས་སྐྱོར་བྱེད་མཁན་ཧྲའན་ཤིས་ཀྱི་རིམས་འགོག་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་མི་93གནམ་གྲུར་བསྡད་དེ་ཧྲའན་ཤིས་སུ་ལོག་པ་རེད།

    640 (11).jpg

    མངའ་རིས་ལ་རོགས་སྐྱོར་བྱེད་མཁན་ཧྲའན་ཤིས་ཀྱི་རིམས་འགོག་སྨན་བཅོས་རུ་ཁག་གི་རུ་མིའི་མཉམ་ཞུགས་འདྲ་པར།

    640 (12).jpg

    ཧྲའན་ཤིས་ཀྱི་རིམས་འགོག་སྨན་བཅོས་རུ་ཁག་གི་རུ་མིས་ཕྲུ་གུ་དང་མཉམ་དུ་པར་རྒྱག་བཞིན་པ།

      མིག་སྔར། ད་དུང་སྨན་བཅོས་རུ་མི་དང་སྨན་བཅོས་རིགས་གཅིག་མཁས་ཅན་77མངའ་རིས་སུ་བསྡད་དེ། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

    640 (2).png

    མངའ་རིས་ལ་རོགས་སྐྱོར་བྱེད་མཁན་ཧྲའན་ཤིས་ཀྱི་རིམས་འགོག་སྨན་བཅོས་རུ་ཁག་གི་རུ་མི།

    ཉིང་ཁྲིར་རོགས་སྐྱོར་བྱེད་མཁན་ཀོང་ཏུང་གི་རིམས་འགོག་སྨན་བཅོས་རུ་ཁག

    640 (13).jpg

    ཟླ་9ཚེས་3ཉིན། ཉིང་ཁྲིར་རོགས་སྐྱོར་བྱེད་མཁན་ཀོང་ཏུང་གི་རིམས་འགོག་སྨན་བཅོས་རུ་ཁག་ཁག་དང་པོའི་རིམས་དཔྱད་ཁུངས་འདེད་དང་ཉིང་སྐྱུར་མ་དཔེ་ལེན་མཁན་ཚུད་པའི་རུ་མི་91གི་དུས་མཚམས་ཀྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་གནམ་གྲུར་བསྡད་དེ་ཀོང་ཏུང་དུ་ལོག་པ་རེད།

    640 (14).jpg

    རིམས་འགོག་སྨན་བཅོས་རུ་ཁག་གི་རུ་མིར། ཉིང་ཁྲི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་མཁན་སྔོན་ཐོན་མི་སྒེར་ཞེས་བྲིས་པའིི་གཟི་བརྗིད་མཚན་སྙན་སྤྲོད་པ། 

    640 (15).jpg

    ཟླ་9ཚེས་9ཉིན་གྱི་སྔ་དྲོར། ཉིང་ཁྲིར་རོགས་སྐྱོར་བྱེད་མཁན་ཀོང་ཏུང་གི་རིམས་འགོག་སྨན་བཅོས་རུ་ཁག་ཁག་གསུམ་པའི་རུ་མི་99ཡི་གཏན་འཁེལ་བྱས་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་གནམ་གྲུར་བསྡད་དེ་ཀོང་ཏུང་དུ་ལོག་པ་རེད།

    640 (16).jpg

    ཟླ་9ཚེས་14ཉིན་གྱི་སྔ་དྲོར། ཉིང་ཁྲིར་རོགས་སྐྱོར་བྱེད་མཁན་ཀོང་ཏུང་གི་རིམས་འགོག་སྨན་བཅོས་རུ་ཁག་ཁག་བཞི་པའི་རུ་མི་79ཉིང་ཁྲི་སྨན་གླིང་གནམ་ཐང་ནས་ཐོན་ཏེ། གཟི་བརྗིད་ལྡན་པའི་ངང་རང་ཡུལ་དུ་ལོག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།