ཟླ་9ཚེས་27ཉིན་གྲོང་ཁྱེར་ཡོངས་ཀྱི་ཉེན་ཁ་ཆེ་བའི་ཁུལ་2དང་། ཉེན་ཁ་འབྲིང་བའི་56ལ་ལེགས་སྒྲིག་བྱས་པ་ཞིབ་ཕྲ་གཤམ་གསལ།
ཉེན་ཁ་ཆེ་བའི་ཁུལ་2ཉེན་ཁ་འབྲིང་བའི་ཁུལ་ལ་ལེགས་སྒྲིག་བྱས་པ་སྟེ།
1.ཉང་བྲན་ཁྲོམ་གཞུང་གི་རིན་ཆེན་ཚལ་གྲོང་ཚོ།
2.ཅང་སུའུ་ལམ་གྱི་བྱང་རྒྱུད་དུ་ཡོད་པའི་རབ་གསལ་སྡེ་ཁུལ།
ཉེན་ཁ་འབྲིང་བའི་ཁུལ་12ཉེན་ཁ་ཆུང་བའི་ཁུལ་ལ་ལེགས་སྒྲིག་བྱས་པ་གཤམ་གསལ།
1.གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་དང་ཁ་བཏགས་ཉོ་སྒྲུབ་ཐང་ཆེན།
2.ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྱི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་དང་། སློབ་འབྲིང་གསུམ་པ། ཐེན་ཧའེ་མཚན་ཁྲོམ་བཅས།
3.བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་གྱི་པ་ཏྲ་ཁུལ་ཆུང་དང་། བདེ་སྡོད་གླིང་དགུ་པའི་སྒོ་ར་དང་པོ་དང་བཞི་པ།
4.བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་གྱི་ཧྲེང་ཁྲེང་ལྡུམ་ར།
5.བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དན་བག་སྡེ་ཁུལ་གྱི་འགྲེམས་སྟོན་ཁང་གི་རྒན་ཡོལ་ཁུལ་ཆུང་།
6.དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་ཐེན་ཧའེ་མཛོད་ཁང་།
7.སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྱི་ལྷ་ས་བརྒྱ་ཟོག་ཝ་པ་གླིང་སྡེབ་ཚོང་པུའི་ཁུལ་ཆུང་།
8.རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོའི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཤར་འདབས་སྤྱི་ཁྱབ་འབབ་ཚུགས་དང་། གྲོང་ཁྱེར་སྐྱེད་ཚལ་ཅུས། གྲོང་ཁྱེར་གནམ་གཤིས་ལས་ཁུངས། རྔ་ཆེན་ཤར་ལམ་སྒོ་རྟགས་7པའི་གྲོང་ཁྱེར་སྤྱི་བདེ་ཅུས།
9.རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་གྱི་གླང་རུ་ཕྱོགས་བསྡུས་ཐོག་ཁང་།
10.རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་དྲ་མིག་དང་པོའི་གཙང་འགྲམ་ལམ་གྱི་ལས་ཡུལ་དང་། དར་དམར་གྲོང་ཚོ་ཨུ་ལྷན། ཏུང་ཅུན་ཝུན་ཧྭ་གཟིམ་ཤག དུས་ཐེངས་དང་པོའི་ཉི་སྐྱིད་སྡེ་ཁུལ།
11.གྲྭ་བཞི་ཁྲོམ་གཞུང་གཤོངས་དགའ་སྡེ་ཁུལ་གྱི་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག
12.སྟོད་ལུང་བདེ་ཆེན་ཆུས་ནམ་མཁའ་སྡེ་ཁུལ་ཚོགས་ཆུང་1ནས་7བར།