དབུ་ཤོག>ཆེད་སྒྲིག
  • ཝང་ཅུན་ཀྲེང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-28

     ཟླ་9ཚེས་24དང་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བསྟུད་མར་བཀོད་གཏོང་ཐེངས་གཉིས་གནང་བ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་སྔར་བས་ཞིབ་འཇུག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

    640.jpg

    ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བཀོད་འདོམས་གནང་བཞིན་པ། 

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། རིམས་ནད་ཐོན་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་འོག ང་ཚོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་ཆེ་རུ་ཕྱིན་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བཅས་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་གཏོང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ནས། ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོའི་སྒོ་ནས་ལེགས་སུ་ཕྱིན་ཏེ་མཇུག་བསྡུ་བའི་དུས་མཚམས་ལ་སླེབས་ཡོད། དུས་བབ་དང་ལས་འགན་གསར་པའི་མདུན་དུ། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། རིམས་འགོག་གི་དམག་འཐབ་དངོས་ཀྱི་ནང་དུ་ཧེ་བག་འཚོལ་བ་དང་སྐྱོན་ཆ་གསབ་པ་དང་། སྦྱོང་བརྡར་དང་ལག་ལེན་བྱེད་རིང་སྤྱོད་ཚུལ་དང་འཇོན་ཐང་ལ་ཞིབ་དཔྱད་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས།

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། གཙོ་གནད་མངོན་གསལ་དོད་པ། འགལ་ཟླ་གཙོ་བོར་དམ་འཛིན་བཅས་བྱས་ཏེ། ཕྱོགས་གཅིག་ནས་སྤྱི་ཚོགས་ངོས་སུ་བསྐྱར་ལོག་མི་ཡོང་སྔོན་འགོག་གིས་བརྟན་ཞིང་གོ་རིམ་ལྡན་པའི་ངང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་འགག་སྒྲོལ་དཀའ་སེལ་ལ་དམ་འཛིན་བྱས་ཏེ། སྐབས་བསྟུན་གཙང་བཟོའི་དམིགས་ཚད་ཕྱོགས་སུ་མུ་མཐུད་ཤུགས་རྒྱག་པ་དང་། འགག་སྒྲོལ་དཀའ་སེལ། རྒྱལ་ཁ་ཡོངས་སུ་འཐོབ་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་ལ་གནད་སྨིན་ངང་ཉེན་ཁའི་ཁུལ་ལེགས་སྒྲིག་བྱས་ཏེ། རིགས་དབྱེ་མཛུབ་ཁྲིད་དང་། ས་ཁུལ་གཅིག་ལ་ཐབས་ཇུས་གཅིག སྐབས་བསྟུན་ལེགས་སྒྲིག་བཅས་བྱས་ནས། ལས་དོན་ཁག་ཁྲོམ་གཞུང་ཁག་དང་། སྡེ་ཁུལ་ཁག ཐོག་ཁང་ཁག་བཅས་སུ་དོན་འཁྱོལ་ཞིབ་ཕྲ་དང་ཞིབ་ཚགས་ཐུབ་པ། ཁུལ་དབྱེ་གནད་འཁེལ་དང་། དོ་དམ་ཚོད་འཛིན་གནད་འཁེལ། ཞབས་འདེགས་གནད་འཁེལ་བཅས་ཐུབ་པར་བྱས་ནས། ལས་དོན་སྒྲུབ་སྟངས་ཁྲལ་སེལ་སླ་བཅོས་དང་རྒྱུག་པ་ལེབ་རྡུང་མི་ཡོང་བར་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་ཇུས་གཞི་ལེགས་སུ་བཏང་ནས་མ་དཔེ་བསྡུ་ལེན་དང་། སྐྱེལ་བ། བརྟག་དཔྱད། སྙན་སེང་བཅས་ཀྱི་ལྷུ་ཚིགས་ཁག་སྦྲེལ་མཐུད་དམ་ཟབ་དང་ནུས་ཆེ་འཁོར་སྐྱོད་ཡོང་བར་བྱེད་དགོས་པ་སྟེ། བསྡུ་ལེན་བྱས་མ་ཐག་སྐྱེལ་བ་དང་། བརྟག་དཔྱད་བྱས་རྗེས་ལམ་སེང་སྙན་སེང་ཞུས་ནས་བརྟག་དཔྱད་ཀྱི་ཞབས་འདེགས་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། 

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱི་དཀའ་ངལ་ལ་བསམ་ཤེས་བྱེད་པ། མང་ཚོགས་ཀྱི་བསམ་ཚུལ་ཉན་པ། དམིགས་བསལ་ཚོགས་སྤྱིར་དོ་ཁུར་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་ཏན་དང་འཐུས་སྒོ་ཚང་དུ་གཏོང་བ། བརྩེ་སེམས་དང་འགན་འཁྲི་བཅངས་ནས་ཞབས་འདེགས་ཡག་པོ་ཞུ་བ་དང་དོ་དམ་ཡག་པོ་བྱེད་པ། སེམས་རྩ་འཁོལ་པོ་དང་རང་འགུལ་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱེད་དགོས། རིམས་འགོག་གི་དངོས་ཟོག་དང་འཚོ་བའི་དངོས་ཟོག་གྲབས་གསོག་དང་སྡེབ་སྐྱེལ་ལ་ཤུགས་སྣོན་དང་། དངོས་ཟོག་བཀོད་གཏོང་ལ་ཤུགས་སྣོན། སྡེབ་སྐྱེལ་སྦྲེལ་ཐག་ཤར་བགྲོད་ཐུབ་པ། ཟོག་འགྲེམས་ཀྱི་འགག་གནད་མེད་པར་བཟོ་བ་བཅས་བྱས་ནས། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ནུས་ལྡན་སྐོང་དགོས།

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་པར་འབད་བརྩོན་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ནན་པོ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ། འགན་འཁྲི་སྔར་བས་ནན་དུ་གཏོང་བ། ལས་འགན་སྔར་བས་ཞིབ་ཚགས་སུ་གཏོང་བ། བྱ་ཐབས་སྔར་བས་གནད་སྨིན་ཡོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

      ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་དང་ཚོད་འཛིན་མཐའ་འཁྱོངས་བྱས་ཚེ་རྒྱལ་ཁ་འཐོབ་ངེས་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་འཕེལ་རྒྱས་ཀྱི་བླང་བྱ་དང་སྔར་བས་འཚམ་པ་དང་། སྤྱི་ཡོངས་ཀྱི་དམག་འཐབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དཀའ་ངལ་ཁྱད་བསད་དང་འགག་སྒྲོལ། མཉམ་ཤུགས་གཅིག་སྒྲིལ། གནད་སྨིན་ཤུགས་འདོན། ལག་བསྟར་ནུས་ལྡན་བཅས་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་ཞིབ་ཕྲ་དང་། འགག་སྒྲོལ་དཀའ་སེལ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།