དབུ་ཤོག>ཆེད་སྒྲིག
  • མྱུར་སྐྱེལ་བསྐུར་མ་སོགས་རྩིས་ལེན་སྐབས་དུག་སེལ་ཇི་ལྟར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-28

    མྱུར་སྐྱེལ་བསྐུར་མ་དང་དེ་བཞིན་སྡེབ་ཉོ་བྱས་པའི་ཤིང་འབྲས་དང་། ཚལ། འབྲས། གྲོ་ཞིབ། སྣུམ་སོགས་རྩིས་ལེན་སྐབས་དུག་སེལ་ཇི་ལྟར་བྱེད་དགོས་སམ།

    གཅིག སྡེབ་ཉོ་བྱས་པའི་བསྐུར་མ་དང་དངོས་ཟོག་ལ་དུག་སེལ་ཇི་ལྟར་བྱེད་དགོས་སམ།

      གྲོང་མིས་སྡེབ་ཉོ་བྱས་པའི་དངོས་ཟོག་དང་མྱུར་སྐྱེལ་བསྐུར་མ་རྩིས་ལེན་སྐབས།ཐུག་རེག་མེད་པའི་སྒོ་ནས་རྩིས་ལེན་དགོས། དང་བླངས་པ་དང་ཅ་དངོས་སྐྱེལ་མཁན་སོགས་དང་གང་ཐུབ་ཅི་ཐུབ་ཀྱིས་ཐུག་རེག་བྱ་མི་རུང་། ཅ་དངོས་ལེན་སྐབས། ངེས་པར་དུ་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས།

    བསྐུར་མའི་ཕྱི་ངོས་ལ་དུག་སེལ་གཤེར་ཁུ་གཏོར་བམའ་ཡང་ན་དུག་སེལ་ཕྱིས་རས་ཀྱིས་ཕྱིས་ཏེ།སྐར་མ་10ནས་30བར་འཇོག་དགོས།ཤོག་སྒམ་དང་ཐུམ་སྒྲིལ་སོགས་སྤྱིར་ན་ཕྱིར་འཇོག་པ་དང་ཡང་ན་སྙིགས་གཞོང་དུ་བླུག་པ་ལས་ཁྱིམ་དུ་འཁྱེར་མི་རུང་།དེ་དག་ཚར་རྗེས། ཡིན་གཅིག་ལག་པ་འཁྲུད་དགོས། ངེས་པར་དུ་ཆུ་རྐ་ལའི་འོག་ཏུ་ལག་འཁྲུད་འདག་ཁུ་བརྒྱབ་ནས་འཁྲུད་དགོས་པ་མ་ཟད།“ལག་པ་འཁྲུད་སྟངས་དྲུག”ལྟར་གཙང་མར་འཁྲུད་དགོས།

    གཉིས། ཤིང་ཏོག་དང་། སྔོ་ཚལ། འབྲས། གྲོ་ཞིབ། སྒོ་ང་སོགས་ལ་དུག་སེལ་ཇི་ལྟར་བྱེད་དགོས་སམ།

      སྤྱིར་ན། ཉོས་ཟིན་པའི་ཤིང་ཏོག་དང་སྔོ་ཚལ་གྱི་ཕྱི་ངོས་ལ་དུག་སེལ་བྱ་ཆོག་མོད། འོན་ཀྱང་ཤིང་ཏོག་དང་སྔོ་ཚལ་རང་ལ་དུག་སེལ་བྱས་ན་ཟས་རིགས་ལ་རྫས་འགྱུར་གྱི་སྦགས་བཙོག་ཐེབས་སྲིད་ལ། བྲོ་བ་ཡང་འགྱུར་སྲིད།ཁ་རས་ཡག་པོ་བརྒྱབ་སྟེ་ཆུར་གཙང་མ་འཁྲུད་པའམ་ཡང་ན་ཆུར་སྦངས་ནས་བཀྲུས་ཚར་རྗེས། ཕྱིས་ཏེ་སྐམ་པོ་ཆག་རྗེས་ཉར་ན་འགྲིག

      འབྲས་དང་། གྲོ་ཞིབ། སྣུམ་སོགས་ནི་འཕྲུལ་ཆས་ཀྱིས་ཐོན་སྐྱེད་བྱས་པ་ཡིན་སྟབས། སྦགས་བཙོག་ཐེབས་ཚད་ཉུང་ཉུང་རེད།དེས་ན་ཉོས་ཟིན་པའི་འབྲས་དང་། གྲོ་ཞིབ། སྣུམ་སོགས་ཀྱི་ཐུམ་སྒྲིལ་ལ་དུག་སེལ་བྱས་ན་འགྲིག་པ་དང་། ལམ་སེང་བེད་སྤྱོད་གཏོང་མི་དགོས་པ་དག་རླུང་འགྲོ་སར་བཞག་ན་འགྲིག་གི་ཡོད།

    སྒོ་ང་ལ་སྤྱིར་བཏང་དུག་སེལ་བྱེད་དགོས་མེད་པས་སོས་ཉར་རམ་ཡང་ན་བསིལ་སར་བཞག་ན་འགྲིག་པ་དང་། གཡོས་སྦྱོར་མ་བྱས་གོང་ཕྱི་ངོས་གཙང་མར་བཀྲུས་ན་འགྲིག་གི་ཡོད། གལ་ཏེ་སྒོ་ང་ལ་ཅིའུ་ཅིན་གཏོར་ན་དུས་ཐོག་ཏུ་ཟ་དགོས་པ་ལས།ཡུན་རིང་པོ་འཇོག་མི་རུང་།འཁྱགས་བཏང་བའི་ཟས་རིགས་ཀྱི་ཕྱིའི་ཐུམ་སྒྲིལ་ལ་དུག་སེལ་བྱེད་དགོས།མ་བཟས་གོང་ཆུ་རྐ་ལས་གཙང་མ་བཀྲུས་ན་འགྲིག་གི་ཡོད།

    གསུམ། དུག་སེལ་གཤེར་ཁུ་ག་ཚོད་ཀྱིས་གར་བ་ཡོད་ན་དེ་ཙམ་གྱི་ཡག་པ་ཡོད་དམ།

      དུག་སེལ་ཐོན་རྫས་ཡག་པོ་འདེམས་དགོས་ལ་དུག་སེལ་བྱེད་སྟངས་མ་ནོར་བ་བྱེད་དགོས། དུག་སེལ་གཤེར་ཁུ་བེད་སྤྱོད་མ་བྱས་གོང་། གསལ་བཤད་ཡི་གེ་ནན་གྱིས་ཀློག་དགོས་པ་མ་ཟད། “དུག་སེལ་བྱེད་སྟངས་དང་། དུག་སེལ་གཤེར་ཁུའི་གར་ཚད། ནུས་པ་ཐོན་པའི་དུས་ཚོད” བཅས་གསུམ་པོར་དོ་སྣང་བྱེད་དགོས་ཤིང་།དགོས་མཁོ་གཞིར་བཟུང་། གསལ་བཤད་ལྟར་དུག་སེལ་གཤེར་ཁུ་སྤྱོད་དགོས།

      གཤམ་གྱི་དུག་སེལ་གཤེར་ཁུ་འདི་དག་འདེམས་དགོས།

    ཆུ་ཧྲེང་རེར་ལུའེ་(氯)ལྡན་དུག་སེལ་གཤེར་ཁུ་ཧའོ་ཁེ་250~500བར་དང་། ཆུ་ཧྲེང་རེར་དབྱང་གཉིས་ལུའེ་ལྡན་དུག་སེལ་གཤེར་ཁུ་ཧའོ་ཁེ་100~250བར། དབྱང་འགྱུར་ཆིང་1%~3%བར་བཅས་སམ་ཡང་ན་ཕྱི་ངོས་དུག་སེལ་ཐུབ་པའི་ཚད་ལྡན་གྱི་དུག་སེལ་གཤེར་ཁུ་སྤྱད་ན་འགྲིག་གི་ཡོད།

      ཡིད་གཟབ་བྱེད་དགོས་པ་ཞིག་ལ། ཅིའུ་ཅིང་གཏོར་ནས་དུག་སེལ་བྱ་མི་རུང་།རྒྱུ་མཚན་ནི་མེ་སྐྱོན་ཐོན་སླ་པོ་ཡོད།

    བཞི། རྫས་འགྱུར་དུག་སེལ་གཤེར་ཁུ་སྲེ་སྐབས་མང་ཉུང་ག་ཚོད་བསྲེས་ན་ཉེན་ཁ་ཆུང་བ་ཡོད་དམ།

      རྫས་འགྱུར་དུག་སེལ་གཤེར་ཁུ་སྲེ་སྐབས་ཁ་རས་དང་ལག་ཤུབས་གྱོན་དགོས་པ་མ་ཟད། རླུང་འགྲོ་ཡག་པོ་ཡོད་སར་སྲེ་དགོས།གྲོང་མིས་ངེས་པར་དུ་གསལ་བཤད་ཡི་གེ་ལྟར་སྲེ་དགོས་པ་མ་ཟད། དུག་སེལ་གཤེར་ཁུ་གསང་སྤྱོད་གཙང་སེལ་སྨན་དང་མཉམ་དུ་བསྲེ་མི་རུང་།

    ལྔ། ཁྱིམ་དུ་དུག་སེལ་གཤེར་ཁུ་མེད་ན་ཇི་ལྟར་བྱེད་དགོས་སམ།

      གལ་ཏེ་ཁྱིམ་དུ་དུག་སེལ་གཤེར་ཁུ་མེད་ན། ཅ་དངོས་རྣམས་ཉི་གཡབ་ཀྱི་རླུང་འགྲོ་སར་དུས་ཡུན་ངེས་ཅན་ཞིག་བཞག་སྟེ།རླུང་འགྲོ་དང་ཉི་འོད་ལ་བརྟེན་ནས་དུག་སེལ་ངེས་ཅན་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།