དབུ་ཤོག>ཆེད་སྒྲིག
  • ཆབ་མདོའི་སློབ་གྲྭ་ཁག་སློབ་འགོ་ཚུགས་པའི་དུས་ཚོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-28

    2022ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།

    གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ(གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ)དང་རྫོང(ཆུས)ཁག་གི་སློབ་གསོ་ཅུས་དང་གྲོང་ཁྱེར་སློབ་གསོ་ཅུས་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་ལ། 

     སློབ་འགོ་ཚུགས་པའི་ལས་དོན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཟླ་9ཚེས་23ཉིན་ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་སྟོན་དུས་སློབ་འགོ་ཚུགས་པའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། 2022ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད།《2022ལོའི་ཆབ་མདོ་གྲོང་ཁྱེར་གྱི་སྟོན་དུས་སློབ་འགོ་ཚུགས་པའི་ལས་ཀའི་ཇུས་གཞི》གཞིར་བཟུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་སློབ་འགོ་ཚུགས་པའི་དུས་ཚོད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    གཅིག རྫོང(ཆུས)ཁག་གི་སློབ་གྲྭ་སློབ་འགོ་ཚུགས་པའི་དུས་ཚོད།

    1.ཟླ་9ཚེས་30ཉིན(ཚུད་པ)གོང་། ཤང(གྲོང་རྡལ)གི་སློབ་ཆུང་ལོ་རིམ་དྲུག་པ་སློབ་འགོ་ཚུགས་རྒྱུ།

    2.ཟླ་10ཚེས་3ཉིན(ཚུད་པ)གོང་། ཤང(གྲོང་རྡལ)གི་སློབ་ཆུང་ལོ་རིམ་བཞི་པ་ལྔ་པ་དང་། རྫོང་གྲོང་གི་སློབ་ཆུང་ལོ་རིམ་དྲུག་པ། དམའ་འབྲིང་ལོ་རིམ་དགུ་པ་བཅས་སློབ་འགོ་ཚུགས་རྒྱུ།

    3.ཟླ་10ཚེས་6ཉིན(ཚུད་པ)གོང་། ཤང(གྲོང་རྡལ)གི་སློབ་ཆུང་ལོ་རིམ་གཉིས་པ་གསུམ་པ་དང་། རྫོང་གྲོང་གི་སློབ་ཆུང་ལོ་རིམ་བཞི་པ་ལྔ་པ། དམའ་འབྲིང་ལོ་རིམ་བརྒྱད་པ་བཅས་སློབ་འགོ་ཚུགས་རྒྱུ།

    4.ཟླ་10ཚེས་9ཉིན(ཚུད་པ)གོང་། ཤང(གྲོང་རྡལ)གི་སློབ་ཆུང་ལོ་རིམ་དང་པོ་དང་། རྫོང་གྲོང་གི་སློབ་ཆུང་ལོ་རིམ་གཉིས་པ་གསུམ་པ། དམའ་འབྲིང་ལོ་རིམ་བདུན་པ་བཅས་སློབ་འགོ་ཚུགས་རྒྱུ།

    5.ཟླ་10ཚེས་12ཉིན(ཚུད་པ)གོང་། རྫོང་གྲོང་གི་སློབ་ཆུང་ལོ་རིམ་དང་པོ་སློབ་འགོ་ཚུགས་རྒྱུ།

    གཉིས། གྲོང་ཁྱེར་སློབ་གསོ་ཅུས་ཁོངས་གཏོགས་ཀྱི་སློབ་གྲྭ་སློབ་འགོ་ཚུགས་པའི་དུས་ཚོད།

    1.ཟླ་10ཚེས་3ཉིན(ཚུད་པ)གོང་། སློབ་ཆུང་ལོ་རིམ་དྲུག་པ་དང་དམའ་འབྲིང་ལོ་རིམ་དགུ་པ(ཁ་རུབ་ཆུས་སློབ་འབྲིང་གཉིས་པ་ཚུད་མེད)སློབ་འགོ་ཚུགས་རྒྱུ།

    2.ཟླ་10ཚེས་6ཉིན(ཚུད་པ)གོང་། སློབ་ཆུང་ལོ་རིམ་བཞི་པ་ལྔ་པ་དང་། དམའ་འབྲིང་ལོ་རིམ་བརྒྱད་པ(ཁ་རུབ་ཆུས་སློབ་འབྲིང་གཉིས་པ་ཚུད་མེད)མཐོ་འབྲིང་ལོ་རིམ་གསུམ་པ།ཁ་རུབ་ཆུས་སློབ་འབྲིང་གཉིས་པའི་དམའ་འབྲིང་ལོ་རིམ་དགུ་པ་བཅས་སློབ་འགོ་ཚུགས་རྒྱུ།

    3.ཟླ་10ཚེས་9ཉིན(ཚུད་པ)གོང་། སློབ་ཆུང་ལོ་རིམ་གཉིས་པ་གསུམ་པ་དང་། དམའ་འབྲིང་ལོ་རིམ་བདུན་པ(ཁ་རུབ་ཆུས་སློབ་འབྲིང་གཉིས་པ་ཚུད་མེད)མཐོ་འབྲིང་ལོ་རིམ་གཉིས་པ།ཁ་རུབ་ཆུས་སློབ་འབྲིང་གཉིས་པའི་དམའ་འབྲིང་ལོ་རིམ་བརྒྱད་པ་བཅས་སློབ་འགོ་ཚུགས་རྒྱུ།

    4.ཟླ་10ཚེས་12ཉིན(ཚུད་པ)གོང་། སློབ་ཆུང་ལོ་རིམ་དང་པོ་དང་། མཐོ་འབྲིང་ལོ་རིམ་དང་པོ།ཁ་རུབ་ཆུས་སློབ་འབྲིང་གཉིས་པའི་དམའ་འབྲིང་ལོ་རིམ་བདུན་པ་བཅས་སློབ་འགོ་ཚུགས།

    5.ཟླ་10ཚེས་15ཉིན(ཚུད་པ)གོང་། དམིགས་བསལ་སློབ་གསོའི་སློབ་གྲྭ་སློབ་འགོ་ཚུགས་རྒྱུ།

    གསུམ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་སློབ་འགོ་ཚུགས་པའི་དུས་ཚོད།

    1.ཟླ་10ཚེས་6ཉིན(ཚུད་པ)གོང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ལོ་རིམ་གསུམ་པ་སློབ་འགོ་ཚུགས་རྒྱུ།

    2.ཟླ་10ཚེས་9ཉིན(ཚུད་པ)གོང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ལོ་རིམ་གཉིས་པ་སློབ་འགོ་ཚུགས་རྒྱུ།

    3.ཟླ་10ཚེས་12ཉིན(ཚུད་པ)གོང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ལོ་རིམ་དང་པོ་སློབ་འགོ་ཚུགས་རྒྱུ།

    བཞི། བུ་བཅོལ་ཁང་སློབ་འགོ་ཚུགས་པའི་དུས་ཚོད།

      རིམ་པ་ཁག་དང་རིགས་ཁག་གི་བུ་བཅོལ་ཁང་སློབ་འགོ་ཚུགས་པའི་དུས་ཚོད་གནས་སྐབས་ཟླ་10ཚེས་20ཉིན་གྱི་རྗེས་སུ་གཏན་འཁེལ་བ་དང་དུས་ཚོད་ཞིབ་ཕྲ་ལོགས་སུ་བརྡ་ཐོ་གཏོང་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།