དབུ་ཤོག>ཆེད་སྒྲིག
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཧྲང་ཧྭ།   |     སྤེལ་དུས།  2022-09-28

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྒོ་དབྱེ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འདུ་ཤེས་མཐའ་འཁྱོངས་བརྟན་པོ་བྱེད་པ། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་དང་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་གྲུབ་འབྲས་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་བསྣན་ཡོད།

    འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ།

    སི་ཁྲོན་དང་། ཡུན་ནན། བོད་ལྗོངས། ཀུའེ་ཀྲོའུ། ཁྲུང་ཆིང་སོགས་ལྷོ་ནུབ་ཀྱི་ཞིང་ཆེན་ལྔའི་སྲིད་དོན་ཞབས་ཞུ“ཞིང་ཆེན་སྒྲོལ་ནས་ཀུན་སྒྲུབ”འཁོར་སྐྱོད་བྱས་པ་དང་། ཐེམ་ཐོ་སྒྱུར་བ་དང་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་སྲུང་སོགས་སྲིད་དོན་ཞབས་ཞུའི་ལས་དོན་མང་པོར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བས་མང་ཚོགས་ཀྱི“དགོས་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་ཐུབ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བར་མགྱོགས་མྱུར་སྐུལ་འདེད་བཏང་བ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་ཚོང་དོན་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། “སྲིད་དོན་ཞབས་ཞུ་དྲ་གཅིག་ཀུན་སྒྲུབ”དང“མང་ཤོས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པ”སོགས་ཀྱི་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཚོང་གཉེར་ཁོར་ཡུག་དེ་བས་ཡག་པོ་མུ་མཐུད་བཏོད་ནས་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་ཁོར་ཡུག་ཁྲོད་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་ཁྲི་36.5ཟིན་པ་དང་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་1051མང་དུ་ཕྱིན་ནས། སྲིད་ཇུས་ཀྱིས་ཟམ་མི་ཆད་པར་རོགས་སྐྱོར་དང་། ཁྲལ་བསྡུའི་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཁྲོམ་རའི་བྱེད་པོའི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་བཏང་བ་དང་ནང་ངོས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས། གོ་སྐབས་དམ་བཟུང་གིས་གསར་གཏོད་འཕེལ་རྒྱས་གཏོང་བ་དང་། ལེགས་ཆ་འདོན་སྤེལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་དང་ཉེ་བཅར་གྱིས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་བཅས་བྱས་པས། ཐོན་ལས་ཀྱི་རིམ་པ་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་ཕྱིན་པ། སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཐུབ་པ་བཅས་བྱུང་ཡོད།

    སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། ནང་ངོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ནི་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕར་བའི་གཞི་རྩའི་ཉམས་མྱོང་ཞིག་རེད་ལ། རང་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།

    སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་གཞིར་བཟུང་། བརྟན་ལྷིང་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྲུང་སྟོབས་ཆེར་གཏོང་བ་བཅས་བྱས་པས། མི་དམངས་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།

    ད་ཆ། རང་ལྗོངས་ཀྱིས་རང་རྟོགས་ངང་ས་ཁོངས་རང་བཞིན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་ནང་ཁུལ་དུ་སྦྲེལ་མཐུད་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤྱི་ཡོངས་ཀྱི་བཀོད་ཇུས་ནང་བཅུག་པ་དང་། ལྷ་ས་མཁའ་འགྲུལ་གྱི་འགག་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ལེགས་རྩེ་དང་། འདྲེན་ཐང་། རི་འོག་སོགས་འགག་སྒོ་དབྱེ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། ནེ་པ་ལ་སོགས་ཉེ་འཁོར་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།