དབུ་ཤོག>ཆེད་སྒྲིག
  • ལྷ་ས་ཁྲེང་ཀོན་ཆུས་ཀྱི་ས་ཆ་འདི་དག་ལས་ཐོན་བསྐྱར་ཚུགས་བྱས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-27

    ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

    〔2022〕ཡིག་ཨང་5པ།

     རིམས་ནད་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་བརྟན་གྱི་འགོ་ཁྲིད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་བོད་ལྗོངས་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་ཞིབ་ཕྲ། དེ་བཞིན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། སྤུན་ཟླའི་རྫོང་ཆུས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བརྟན་པོའི་སྒོ་ནས་ཡག་ཏུ་འགྲོ་བཞིན་ཡོད། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས། རིགས་གཅིག་མཁས་པས་རིམས་ནད་ཀྱི་ཉེན་ཁར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཁྲེང་ཀོན་ཆུས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཁྲེན་ཀོན་ཆུས་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)41གི་ཉེན་ཁ་ཆུང་བའི་ཁུལ་གྱི་ཁུལ་ཆུང་དང་ལས་ཁུངས་494ཡི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་པའི་གཏན་འབེབས་བྱས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་པའི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་གཤམ་གསལ།

     གཅིག དེ་སྔོན་ཉེན་ཁ་ཆུང་བའི་ཁུལ་ཁག་གཅིག་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པའི་རྨང་གཞིའི་ཐོག 2022ལོའི་ཟླ་9ཚེས་27ཉིན་གྱི་ཆུ་ཚོད་0ནས་བཟུང་། ཁྲེན་ཀོན་ཆུས་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)41གི་ཉེན་ཁ་ཆུང་བའི་ཁུལ་གྱི་ཁུལ་ཆུང་དང་ལས་ཁུངས་494ཡི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་རྒྱུ་དང་། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་འབྲེལ་ཡོད་གཏན་འབེབས་ལྟར། ཉེན་ཁ་ཆུང་བའི་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་སྟེ། སླར་གསོ་བྱས་ཀྱང་འགོག་ཟོན་མི་གློད་པ་དང་རིམས་འགོག་ལ་ལྷོད་གཡེང་མི་ཤོར་བར་བྱེད་དགོས།

     གཉིས། ཕྱི་ནས་མི་འགོ་བ་དང་། ནང་དུ་བསྐྱར་ལོག་སྔོན་འགོག་གི་སྤྱིའི་བྱ་ཐབས་དང་། སྐབས་བསྟུན་གཙང་བཟོའི་སྤྱིའི་འཐབ་ཇུས་མཐའ་མཁྱོངས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་འདོམས་མ་ལག་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། ཚན་པའི་ལྟ་འདོམས་འགན་འཁྲི། ལས་ཁུངས་ཀྱི་བྱེད་པོའི་འགན་འཁྲི། མི་སྒེར་གྱི་རང་གཅུན་འགན་འཁྲི་བཅས་སྔར་བས་ནན་དུ་བཏང་སྟེ། སྟོབས་ཤུགས་ཀྱི་རྒྱབ་སྐྱོར་དང་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་དགོས། སྐབས་བསྟུན་ལྟ་སྐུལ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ངོས་སུ་གདགས་གཤིས་ནད་པ་ཐོན་མ་ཐག་སྐྱོབ་བཅོས་བྱས་ཏེ། མྱུར་ཚད་མགྱོགས་ཤོས་དང་ཕན་ནུས་ཆེ་ཤོས་ཀྱི་བྱ་ཐབས་སྤྱད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས།

     གསུམ། ཐག་ཉེ་ས་དང་། སྟབས་བདེ་ས། སྡེ་ཁུལ་ལས་མི་བརྒལ་བ་བཅས་མཐའ་འཁྱོངས་བྱས་ནས། དགོས་པ་མེད་ཚེ་སྡེ་ཁུལ་ནས་མི་དོན་པ་དར་སྤེལ་གཏོང་དགོས་པ་དང་། གལ་ཏེ་ངེས་པར་དུ་ཕྱིར་དོན་དགོས་ཚེ། སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག གོ་རིམ་ལྡན་པ་དང་། དུས་བཀག་བཟོ་བ། འཚང་ཁ་ལས་གཡོལ་ནས་ཕྱིར་དོན་དགོས།

     བཞི། དགོངས་སྐོར་སྙན་སེང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག སྒོ་རྩིས་ཚོང་ཁང་དང་། ཚལ་ཚོང་ཁང་། ཟ་ཁང (ས་གཙང་ཀུང་སིས་གཅིག་གཏད་གཅིག་གི་རྒྱུ་ཆ་མཁོ་འདོན་བྱེད་པ་དང་། ཁྱིམ་དུ་འཁྱེར་དགོས་པ་ལས་ཟ་ཁང་དུ་བསྡད་ནས་བཟའ་མི་ཆོག )སྨན་རྫས་ཚོང་ཁང་། སྐྲ་ཁང་སོགས་དམངས་འཚོ་དང་འབྲེལ་བ་ཟབ་མོ་ཡོད་པའི་ལས་གཉེར་ཁང་སྔོན་ལ་སྒོ་འབྱེད་རྒྱུ། ལས་གཉེར་ཁང་ཁག་གིས་ཁ་རས་རྒྱག་པ་དང་། ཉིང་སྐྱུར་བཤེར་རྟགས་བཤེར་བ། ཚ་བ་ལྟ་བ། གནས་ཡུལ་བཤེར་རྟགས་བཤེར་བ། མི་གྲངས་ཚད་བཀག་དང་འཚང་ཁ་ལས་གཡོལ་བ། དུས་བཀག་ལྟར་དུག་སེལ་བྱེད་པ་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ལག་ལེན་མི་སྟར་བའམ་ཡང་ན་ལག་ལེན་ནན་པོ་མི་སྟར་མཁན་ཡོད་པའི་གནས་ཚུལ་ཤེས་ཚེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྒོ་རྒྱག་རྒྱུ།

     ལྔ། སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་། སྤྱི་པའི་རོལ་རྩེད་བྱ་ཡུལ། ཡུལ་སྐོར་མཛེས་ལྗོངས་ཁུལ། དགོན་སྡེ་སོགས་གནས་སྐབས་རིང་སྒོ་རྒྱག་རྒྱུ་དང་། བྱིས་པའི་ཕན་བདེ་ཁང་དང་། རྒན་གསོ་ཁང་། བཙོན་ཁང་སོགས་དམིགས་བསལ་ཁུལ་ལ་མུ་མཐུད་གདུབ་ཟུམ་གྱི་དོ་དམ་བྱེད་རྒྱུ། རྟེན་འབྲེལ་ཕྱི་འགྱངས་དང་། རྗེས་མཇུག་སྟབས་བདེ། གསོལ་སྟོན་མི་གཤོམ་པ་བཅས་ལག་ལེན་བསྟར་བ་དང་། ཚོགས་ཆེན་དང་བྱེད་སྒོ་ཆེ་གྲས་སྣ་ཚོགས་གནས་སྐབས་རིང་སྤེལ་མི་ཆོག སློབ་གྲྭ་ཁག་གི་སློབ་འགོ་ཚུགས་པའི་དུས་ཚོད་སློབ་གསོ་སྡེ་ཚན་གྱི་བརྡ་ཐོ་བཞིན་ལག་ལེན་བསྟར་རྒྱུ།

     དྲུག གྲོང་མི་མང་ཚོགས་ཚོས་རང་ཉིད་ཀྱི་འགོག་སྲུང་ཡག་པོ་བྱས་ནས། ལག་པ་ཡང་སེ་འཁྲུད་པ་དང་། རྟག་ཏུ་རླུང་འགྲོ་ཡག་པོ། ཁ་རས་རྒྱག་པ་བཅས་བྱེད་དགོས་ཤིང་། ཚ་བ་རྒྱས་པ་དང་། སྐམ་གློ་གོག་པ། གཟུགས་པོར་ཤུགས་མེད་པ། མིད་པ་ན་བ། སྣ་ཚོར(ལྕེ་ཚོར)ཉམས་པ་སོགས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་འདྲ་བ་ཐོན་ཚེ། དུས་ཚོད་ཨང་དང་པོར་སྡེ་ཁུལ་ལ་སྙན་སེང་ཞུས་ནས། དམིགས་བཙུགས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས།

     བཀག་སྡོམ་གློད་ཀྱང་འགོག་ཟོན་མི་ལྷོད་པ་དང་། ལྷུག་ཏུ་བཏང་ཡང་ལྷོད་གཡེང་བྱ་མི་ཉན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གཞིར་བཟུང་། ང་ཚོས་ཉེན་ཁ་ཆུང་བའི་ཁུལ་གྱི་ཁུལ་ཆུང་དང་ལས་ཁུངས་ཀྱི་རྒྱུན་གཏན་འཚོ་བ་རིམ་བཞིན་སླར་གསོ་བྱེད་ཀྱི་ཡིན། ཁྲེང་ཀོན་ཆུས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རིམས་འགོག་གི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཐུན་མོང་ཐོག་བདེ་ཐང་གི་ཁྱིམ་གཞིས་བསྲུངས་ནས། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་འགོག་གི་གྲུབ་འབྲས་བརྟན་དུ་གཏོང་དགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

     ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

    ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།

    2022ལོའི་ཟླ་9ཚེས་26ཉིན།

    ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་12ཀྱི་སྡེ་ཁུལ་41གི་རེའུ་མིག

    640.png

    640 (1).png

    640 (2).png

    ནང་དོན་ཞིབ་ཕྲ་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན་གཟིགས་ཐུབ།

    640 (3).png

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།