དབུ་ཤོག>ཆེད་སྒྲིག
  • དེ་རིང་གི་ཆུ་ཚོད་0—14བར། བོད་དུ་ནད་པ་4+66མང་དུ་ཕྱིན་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

      2022ལོའི་ཟླ་9ཚེས་26ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་དགུ་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་གསར་འགྱུར་ཡོངས་བསྒྲགས་བྱས་པ་རེད།

      ཟླ་9ཚེས་25ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་9(ལྷ་ས་གྲོང་ཁྱེར་ལ་9)མང་དུ་ཕྱིན་ཡོད། ནད་རྟགས་མེད་པའི་ནད་པ་89མང་དུ་ཕྱིན་པ་ལས། ལྷ་ས་གྲོང་ཁྱེར་ལ་83དང་། གཞིས་རྩེ་གྲོང་ཁྱེར་ལ་1 ཉིང་ཁྲི་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་ལ་4བཅས་ཡོད། 

      ཟླ་9ཚེས་26ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་4(ལྷ་ས་གྲོང་ཁྱེར་ལ་4)མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་66(ལྷ་ས་གྲོང་ཁྱེར་ལ་64དང་གཞིས་རྩེ་གྲོང་ཁྱེར་ལ་1 མངའ་རིས་ས་ཁུལ་ལ་1)མང་དུ་ཕྱིན་ཡོད། 

      ཟླ་9ཚེས་25ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་8དང་ཉེན་ཁ་འབྲིང་བའི་ཁུལ་65ཡོད།

      ཟླ་9ཚེས་25ཉིན་མང་དུ་ཕྱིན་པའི་ནད་པ་98ཚང་མ་ལོགས་དགར་དོ་དམ་ཚོད་འཛིན་བྱ་ཡུལ་ནས་ཤེས་རྟོགས་བྱུང་བ་རེད།

      ཟླ་9ཚེས་25ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་མི་3465དང་། འབྲེལ་འདྲིས་དམ་ཟབ་བྱུང་བའི་མི་80787ལ་གཅིག་སྡུད་ལོགས་དགར་གྱི་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར་མི་52556གིས་གཅིག་སྡུད་ལོགས་དགར་གྱི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།