དབུ་ཤོག>ཆེད་སྒྲིག
  • གཞིས་རྩེའི་གྲོང་ཁུལ་དུ་ཁྲོམ་ར་སོགས་སླར་གསོ་བྱུང་བའི་ཉིན་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26
         ཟླ་9ཚེས་25ཉིན་གྱི་ཆུ་ཚོད་8པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཁག་བགོས་ལག་བསྟར་དང་ནན་ཞིང་བརྟན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་རྩ་དོན་ལྟར། ཚོང་ལས་དང་ཁྲོམ་ར་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱས་པ་རེད། བསམ་གྲུབ་རྩེ་ཆུས་སུ་དུས་ཁག་དང་པོར་སླར་གསོ་བྱུང་བའི་ཁུལ་ཆུང་21ལ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པ་དང་། ཁག་དང་པོར་ཚོང་ཁང་39དང་། སྨན་རྫས་ཚོང་ཁང་16 མ་བུའི་མཁོ་ཆས་ཚོང་ཁང་6 སྐྲ་ཁང་10བཅས་སྒོ་ཕྱེ་བ་རེད། 

     ཚོང་ལས་དང་ཁྲོམ་ར་སླར་གསོ་བྱུང་བའི་ཉིན་དང་པོར་གསར་འགོད་པར། ཚོང་ཁང་དང་སྐྲ་ཁང་ཁག་གཅིག་གིས་སྐུ་མགྲོན་ཁག་དང་པོ་བསུས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་སླར་གསོ་ཐུབ་ནས་རིམ་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པ་མཐོང་བྱུང་། 

       སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ། གཞིས་རྩེ་གྲོང་ཁྱེར་དབང་ཅ་ཕུའུ་སྒོ་རྩིས་ཚོང་ཁང་དུ་ཉོ་སྒྲུབ་བྱེད་པར་ཡོང་མཁན་གྲོང་མི་ཚོས། ལས་དོན་མི་སྣའི་མཛུབ་ཁྲིད་འོག་ཨང་རྟགས་བཤེར་བ་དང་། ཚ་བ་ལྟ་བ། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྟོན་པ་སོགས་ཀྱི་གོ་རིམ་བརྒྱུད་རྗེས་རེ་རེ་བཞིན་སྒོ་རྩིས་ཚོང་ཁང་དུ་དངོས་ཟོག་ཉོ་བར་འགྲོ་གི་ཡོད། 

    640.jpg

    640 (1).jpg

    640 (2).jpg

    “ལོགས་དགར་སྡོད་རིང་ཟས་གོས་ཐད་སེམས་ཁྲལ་མེད་ཀྱང་། མཁོ་ཆས་མང་པོ་ཞིག་སྤྱིར་ན་རྫོགས་གྲབས་བྱེད་ཀྱི་འདུག་ལ། ཤིང་འབྲས་ཀྱང་དཀོན་ཙམ་འདུག་པས། ཤིང་འབྲས་དང་འཚོ་བའི་མཁོ་ཆས་ཁག་གཅིག་ཉོ་བར་ཡོང་བ་ཡིན”ཞེས་གྲོང་མི་ལིའུ་ཀོང་ཝུན་གྱིས་གསར་འགོད་པར་བཤད། 

      

    640 (3).jpg

     སྐྲ་ཁང་གི་སྐྲ་བཞར་མཁན་ཀྲང་ཅ་ཧུང་གིས་ང་ཚོ་སྒོ་ཕྱེ་ཙམ་ལ་སྐུ་མགྲོན་བདུན་བརྒྱད་ཙམ་སླེབས་བྱུང་། སྡོད་ས་ལོགས་དགར་བཟོས་ཡོད་པས། རུབ་རུབ་བྱས་ནས་སྡོད་དགོས་མེད་ཅེས་བཤད།

      

    640 (4).jpg

     བཀག་སྡོམ་གློད་ཀྱང་ཉེན་ཟོན་ལྷོད་མི་རུང་། ལྷུག་ཏུ་བཏང་ཡང་ལྷོད་གཡེང་བྱེད་མི་ཉན། ཚོང་ལས་དང་ཁྲོམ་ར་སླར་གསོ་བྱུང་བའི་ཉིན་དང་པོར་བསམ་གྲུབ་རྩེ་ཆུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའི་ལས་དོན་མི་སྣས། སྔར་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་དོན་དམ་པོར་བཟུང་ནས། ཚོང་ལས་དང་ཁྲོམ་ར་སླར་གསོ་བྱུང་བའི་ཁྲོམ་རའི་བྱེད་པོ་རེ་རེ་བཞིན་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་མཛུབ་ཁྲིད་བྱས་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཚོང་ལས་དང་ཁྲོམ་ར་སླར་གསོ་བྱུང་བའི་གཉེར་སྐྱོང་འདུ་གནས་ཀྱིས“གནས་ཡུལ་བཤེར་རྟགས”སྦྱར་བ་དང་། ཚ་བ་ལྟ་ཆས་དང་། དེ་བཞིན་ཉིན་བདུན་གྱི་སྤྱོད་ཚད་ལས་མི་ཉུང་བའི་དུག་སེལ་སྨན་ཆུ་དང་། སྨན་སྤྱོད་ཁ་རས། དུག་སེལ་ལག་ཆུ་སོགས་དགོས་ངེས་ཀྱི་རིམས་འགོག་དངོས་ཟོག་གྲ་སྒྲིག་བྱེད་དགོས་པ་མ་ཟད། ཆེད་མིས“བཤེར་གཅིག་ལྟ་གཅིག་དཔྱད་གསུམ”(གནས་ཡུལ་བཤེར་རྟགས་བཤེར་བ་དང་། ཚ་བ་ལྟ་བ། གནས་སྐབས་ཕྱིར་སྐྱོད་ཆོག་པའི་ལག་ཁྱེར་ཞིབ་དཔྱད། བོད་ལྗོངས་ཤར་བགྲོད་ཀྱི་ལྗང་མདོག་བཤེར་རྟགས་ཞིབ་དཔྱད། ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་སྲིབ་གཤིས་དཔང་ཡིག་འབྲས་བུ)གྱི་བྱེད་ཐབས་དོན་འཁྱོལ་བྱེད་ཀྱི་ཡོད་པ་རེད།

    640 (5).jpg

    ཕྱིར་འགྲོ་བའི་ཆ་རྐྱེན་དང་མཐུན་པའི་ཁུལ་ཆུང་ལ་དྲ་ཐོག་ནས་མངགས་ཉོ་བྱེད་པ་དང་དྲ་ཕྱིར་སྡེབ་སྐྱེལ་བྱེད་པ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། “དགོས་པ་མེད་ཚེ་ཁུལ་ཆུང་ནས་མི་དོན་པ”དར་སྤེལ་བཏང་སྟེ། ཁུལ་ཆུང་ནས་དོན་དགོས་པའི་གྲོང་མི་ཁུལ་ཆུང་གི་ཞབས་ཞུའི་ས་ཚིགས་སུ་གནས་སྐབས་ཀྱི་ཕྱིར་སྐྱོད་ལག་ཁྱེར་གཅིག་གྱུར་གཉེར་བ་དང་། དུད་ཚང་རེར་མི་རེ་དང་ཉིན་གཉིས་ལ་ཐེངས་རེ་དོན་ཆོག་པ། ལག་ཁྱེར་ལ་གཞིགས་ནས་ཕྱིར་སྐྱོད་པ་དང་དུས་བཀག་ལྟར་ཕྱིར་སྐྱོད་པ། ཆེད་མིས་སྤྱོད་པ་དང་བེད་སྤྱད་རྗེས་ཕྱིར་སྤྲོད་པ་བཅས་བྱེད་དགོས་ཀྱི་ཡོད། ཕྱིར་སྐྱོད་མཁན་གྲོང་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་གཞིར་བཟུང་། རིམས་འགོག་བྱེད་ཐབས་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བྱེད་དུ་མི་འགྲོ་བ་དང་། དོན་མེད་དུ་ཁྲོམ་བསྐོར་ནས་མི་སྡོད་པ། བསྡུ་རུབ་མི་བྱེད་པ། གཞན་གྱི་ཚབ་ཉོ་མི་བྱེད་པ་བཅས་མཐའ་གཅིག་ཏུ་ཐུབ་པ་བྱས་ནས། དུས་ཚོད་དང་ཁ་ཆད་ལ་བརྩི་སྲུང་ནན་པོ་ཞུ་བ་དང་མགྱོགས་པོ་ཉོས་ནས་འཕྲལ་དུ་ལོག་དགོས་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།