དབུ་ཤོག>ཆེད་སྒྲིག
  • རིམས་ནད་ཞིབ་བཤེར་བྱེད་དགོས་རིགས་ལས་འགལ་ཏེ་འགོ་ནད་མཆེད་པར……

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

    རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    དོན་བསྟུན་ཁྲིམས་གླེང་།

    以事说法

    29 རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་གྱི་གཏན་འབེབས་ལས་འགལ་ནས། རྒྱལ་མཚམས་ནས་འགྲོ་འོང་བྱེད་སྐབས་གཡོལ་ཐབས་དང་གཡོ་འཕྲུལ་ལམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ། རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་བཤེར་སྒྲིག་གཞིས་མིའི་གཟུགས་པོ་དང་དངོས་རྫས་ལ་གསོ་རིག་གི་ཞིབ་བཤེར་དང་། འཕྲོད་བསྟེན་གྱི་ཞིབ་བཤེར། དགོས་ངེས་ཀྱི་འཕྲོད་བསྟེན་ཐག་གཅོད་དང་ལེན་མི་བྱེད་པ་དང་། དེ་བཞིན་རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་བཤེར་གྱི་འོས་འགན་དང་ལེན་བྱེད་དགོས་རིགས་ལས་འགལ་ཏེ། རིམས་བཤེར་འགོ་ནད་མཆེད་པར་བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་གཉིས་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་བཤེར་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།

    29 违反国境卫生检疫规定,在出入境时采取逃避、蒙混或者其他手段,不接受国境卫生检疫机关对人身或者物品的医学检查、卫生检查和必要的卫生处理,以及其他违反应当接受国境卫生检疫义务,引起检疫传染病传播的,涉嫌违反哪些法律,需要承担哪些后果?

    答:此种行为可能涉嫌违反《刑法》第三百三十二条,构成妨害国境卫生检疫罪。

    30 《རྒྱལ་མཚམས་འཛུལ་སྒྲོལ་གྱི་སྲོག་ཆགས་རྩི་ཤིང་གི་རིམས་བཤེར་སྐོར་གྱི་བཅའ་ཁྲིམས》སུ་གཏན་འབེབས་བྱས་པའི་ནང་འདྲེན་བྱ་མི་ཆོག་པའི་དངོས་པོ་དབོར་སྐབས། རིམས་བཤེར་ལས་གཡོལ་ཐབས་བྱེད་པའམ། ཡང་ན་ནང་འདྲེན་བྱེད་པར་དམིགས་བསལ་ཆོག་མཆན་སྤྲད་པའི་མངའ་ཁོངས་སུ་ནང་འདྲེན་བྱ་མི་ཆོག་པའི་དངོས་པོར་ཚོད་འཛིན་དང་ཐག་གཅོད་ནུས་ལྡན་མ་བྱས་པའི་རྐྱེན་གྱིས། དེ་བྲོས་པའམ་མཆེད་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་བདུན་པ་ལས་འགལ་བའི་དོགས་གཞི་ཡོད་པས། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་དང་རིམས་བཤེར་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།

    30 对输入《进出境动植物检疫法》规定的禁止进境物逃避检疫,或者对特许进境的禁止进境物未有效控制与处置,导致其逃逸、扩散的,涉嫌违反哪些法律,需要承担哪些后果?

    答:此种行为可能涉嫌违反《刑法》第三百三十七条,构成妨害动植物防疫、检疫罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识


    17 ཏོག་དབྱིབས་ནད་དུག་གསར་པའི་ནད་ཀྱི་འབྱུང་རྩས་སྦགས་བཙོག་ཐེབས་པའི་བཙོག་ཆུ་དང་། བཙོག་དངོས། གནས་ཡུལ། དངོས་རྫས་སོགས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བདུན་པར།  “འགོ་ནད་ཀྱི་ནད་ཀྱི་འབྱུང་རྩས་སྦགས་བཙོག་ཐེབས་པའི་བཙོག་ཆུ་དང་། བཙོག་དངོས། གནས་ཡུལ། དངོས་རྫས་སོགས་ལ་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཁུངས་ཀྱི་མཛུབ་སྟོན་འོག་གམ། ཡང་ན་དེས་བཏོན་པའི་འཕྲོད་བསྟེན་བླང་བྱ་ལྟར་དུག་སེལ་ནན་པོ་བྱེད་དགོས། དུག་སེལ་དང་ལེན་མི་བྱེད་པའི་རིགས་ལ་ས་གནས་དེ་གའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་ནམ་ཡང་ན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཁུངས་ནས་བཙན་ཤེད་ཀྱིས་དུག་སེལ་བྱེད་དུ་འཇུག་དགོས”པའི་གཏན་འབེབས་བྱས་ཡོད།

        དོན་ཚན་ཞེ་བདུན་པར། “རིམས་ནད་མཆེད་ཁུལ་དུ་འགོ་ནད་ཀྱི་ནད་ཀྱི་འབྱུང་རྩས་སྦགས་བཙོག་ཐེབས་པའམ་ཡང་ན་འགོ་ནད་ཀྱི་ནད་ཀྱི་འབྱུང་རྩས་སྦགས་བཙོག་ཐེབས་ཉེན་ཆེ་བའི་དངོས་རྫས་ལ་དུག་སེལ་བྱས་ནས་བེད་སྤྱོད་བྱ་ཆོག་རིགས། ས་གནས་དེ་གའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལས་ཁུངས་ཀྱི་མཛུབ་ཁྲིད་འོག་དུག་སེལ་བྱས་རྗེས། གཞི་ནས་བེད་སྤྱོད་དང་། ཕྱིར་ཚོང་། སྐྱེལ་འདྲེན་བཅས་བྱ་ཆོག”པའི་གཏན་འབེབས་བྱས་ཡོད།

    17 被新型冠状病毒病原体污染的污水、污物、场所和物品,需如何处理?

    答:《传染病防治法》第二十七条规定:“对被传染病病原体污染的污水、污物、场所和物品,有关单位和个人必须在疾病预防控制机构的指导下或者按照其提出的卫生要求,进行严格消毒处理;拒绝消毒处理的,由当地卫生行政部门或者疾病预防控制机构进行强制消毒处理。”

        第四十七条规定:“疫区中被传染病病原体污染或者可能被传染病病原体污染的物品,经消毒可以使用的,应当在当地疾病预防控制机构的指导下,进行消毒处理后,方可使用、出售和运输。”

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།