དབུ་ཤོག>ཆེད་སྒྲིག
  • རིམས་འགོག་རིང་ཚོང་རའི་རིན་གོང་གི་སྒྲིག་ལམ་དཀྲུག་རིགས་སོགས་ལ་……

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-25

    རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    དོན་བསྟུན་ཁྲིམས་གླེང་།

    以事说法

    27 གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་ལས་འགལ་ནས། རང་མཚམས་ངང་ཚ་བ་རྒྱས་པའི་ནད་པར་བརྟག་དཔྱད་བྱས་ཏེ་མཇུག་འབྲས་ཚབས་ཆེན་བཟོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན།གལ་སྲིད་བྱེད་སྤྱོད་འདི་རིགས་ཡོད་ཚེ། ཁྲིམས་ལྟར་གནས་སྐབས་ལས་སྒོ་སྤེལ་མཚམས་འཇོག་པའམ་ཡང་ན་ལས་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་གཏོང་དགོས། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།

    27 基层医疗卫生机构违反首诊负责制,擅自接诊发热病人,造成严重后果的,涉嫌违反哪些法律,需要承担哪些后果?

    答:如有此种行为,将依法暂停业务活动或者吊销执业许可证。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

    28 འགོ་ནད་ཀྱི་འབུ་ཕྲའི་རིགས་དང་དུག་རིགས་ཚོད་ལྟ་དང་། ཉར་ཚགས། འཁྱེར་བ། སྐྱེལ་འདྲེན་བཅས་བྱེད་མཁན་གྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། འགོ་ནད་ཀྱི་འབུ་ཕྲའི་རིགས་དང་དུག་རིགས་མཆེད་པའི་མཇུག་འབྲས་ཚབས་ཆེན་བཟོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་གཅིག་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་ཀྱི་འབུ་ཕྲའི་རིགས་དང་དུག་རིགས་མཆེད་པའི་ཉེས་པ་བསགས་པ་རེད།

    28 从事实验、保藏、携带、运输传染病菌种、毒种的人员,违反国务院卫生行政部门的有关规定,造成传染病菌种、毒种扩散,后果严重的,涉嫌违反哪些法律,需要承担哪些后果?

    答:此种行为可能涉嫌违反《刑法》第三百三十一条,构成传染病菌种、毒种扩散罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    16 ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཚོང་གཉེར་བའི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་ཇི་ལྟར་གཅོད་དགོས་སམ།

    ལན། 《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་ལེའུ་དྲུག་པ་དང་། 《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་སྐོར་གྱི་གཏན་འབེབས》ཀྱི་དོན་ཚན་བཞི་པ་ནས་བཅོ་ལྔ་པའི་བར། རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཀྱི་ཆད་པ་གཅོད་ཐབས་ཞིབ་ཕྲ་གཏན་འབེབས་བྱས་ཡོད།

       དཔེར་ན། “རིན་གོང་འཕར་བའི་ཆ་འཕྲིན་རྫུན་མ་བཟོས་པ་དང་སྤེལ་ནས་རིན་གོང་ཧམ་ཤེད་ཀྱིས་སྤར་ཏེ། ཚོང་ཟོག་གི་རིན་གོང་འཕར་བར་སྐུལ་འདེད་གཏོང་བའི”བྱེད་སྤྱོད་ཀྱི་ཐད།  《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བཅུ་པར། “ཚོང་གཉེར་བར་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་པར་འཁོད་པའི་བྱེད་སྤྱོད་ཀྱི་རིགས་ལས་གཅིག་ཡོད་ན། དག་བཅོས་བྱེད་དགོས་པའི་བཀའ་འབེབས་དགོས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་དགོས་པ་དང་ཆབས་ཅིག ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་ལྔ་མན་གྱི་དངུལ་ཆད་གཏང་ཆོག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་མེད་རིགས་ལ་ཐ་ཚིག་སྒྲོག་པ་དང་ཆབས་ཅིག་དངུལ་ཆད་གཏང་ཆོག་ཅིང་། ཉེས་ཚབས་ཆེ་རིགས་ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་འབེབས་པའམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ལས་གཉེར་ལག་ཁྱེར་མེད་པར་བཟོ་དགོས། འབྲེལ་ཡོད་བཅའ་ཁྲིམས་སུ་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་པར་འཁོད་པའི་བྱེད་སྤྱོད་ལ་ཆད་པ་གཅོད་པ་དང་ཆད་པ་གཅོད་པའི་ལས་ཁུངས་ལ་ལོགས་སུ་གཏན་འབེབས་བྱས་ཡོད་རིགས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་ཆོག”པའི་གཏན་འབེབས་བྱས་ཡོད།

       《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་སྐོར་གྱི་གཏན་འབེབས》ཀྱི་དོན་ཚན་དྲུག་པར། “ཚོང་གཉེར་བས་རིན་གོང་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལས་འགལ་ཏེ། ཚོང་ཟོག་གི་རིན་གོང་འཕར་ཚད་མགྱོགས་དྲགས་པ་དང་མཐོ་དྲགས་པར་སྐུལ་འདེད་གཏོང་བའི་གཤམ་གསལ་བྱེད་སྤྱོད་ཀྱི་རིགས་ལས་གཅིག་ཡོད་རིགས། དག་བཅོས་བྱེད་དགོས་པའི་བཀའ་འབེབས་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་དགོས་པ་ཆབས་ཅིག ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་ལྔ་མན་གྱི་དངུལ་ཆད་གཏང་ཆོག ཁྲིམས་འགལ་གྱི་ཐོབ་ཆ་མེད་རིགས་ལ་སྒོར་ཁྲི་5ཡན་ནས་ཁྲི་50མན་གྱི་དངུལ་ཆད་གཏོང་དགོས། ཉེས་ཚབས་ཅུང་ཆེ་རིགས་ལ་སྒོར་ཁྲི་50ཡན་ནས་ཁྲི་300མན་གྱི་དངུལ་ཆད་གཏོང་དགོས་པ་དང་། ཉེས་ཚབས་ཆེ་རིགས་ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་འབེབས་དགོས་པའམ། ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ལས་གཉེར་ལག་ཁྱེར་མེད་པར་བཟོ་དགོས་པ་སྟེ།

    (གཅིག) རིན་གོང་འཕར་བའི་ཆ་འཕྲིན་རྫུན་མ་བཟོས་པ་དང་སྤེལ་ནས་ཚོང་རའི་རིན་གོང་གི་སྒྲིག་ལམ་དཀྲུག་རིགས་དང་།

    (གཉིས།) རང་བཟོ་རང་སྤྱོད་ཕུད། རྒྱུན་གཏན་གྱི་གསོག་ཉར་གྲངས་འབོར་རམ་ཡང་ན་གསོག་ཉར་དུས་འཁོར་ལས་བརྒལ་ནས། ཁྲོམ་རར་མཁོ་འདོན་ཛ་དྲག་པ་དང་རིན་གོང་ལ་རྒྱུན་གཏན་མིན་པའི་འཕར་ཆག་འགྲོ་བའི་ཚོང་ཟོག་འབོར་ཆེན་ཉར་གསོག་བྱས་ཤིང་། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་བསླབ་བྱ་བྱས་ཀྱང་སྔར་བཞིན་མུ་མཐུད་ཉར་གསོག་བྱེད་རིགས།

    (གསུམ།) བྱ་ཐབས་གཞན་དག་སྤྱད་དེ་རིན་གོང་ཧམ་ཤེད་ཀྱིས་སྤར་ནས་ཚོང་ཟོག་གི་རིན་གོང་འཕར་ཚད་མགྱོགས་དྲགས་པ་དང་མཐོ་དྲགས་པར་སྐུལ་འདེད་གཏོང་རིགས།

       ལས་རིགས་མཐུན་ཚོགས་སམ་ཡང་ན་ཚོང་ཟོག་ཉོ་ཚོང་ལ་ཞབས་འདེགས་ཞུ་བའི་སྡེ་ཚན་ལ་གོང་འཁོད་ནང་གསེས་དོན་ཚན་གཏན་འབེབས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་རིགས། སྒོར་ཁྲི་50མན་གྱི་དངུལ་ཆད་གཏང་ཆོག་པ་དང་། ཉེས་ཚབས་ཆེ་རིགས་ལ་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐོ་འགོད་ཕྱིར་འཐེན་དང་ལག་ཁྱེར་མེད་པར་བཟོ་དགོས།

       གོང་འཁོད་ནང་གསེས་ཀྱི་དོན་ཚན་གཉིས་པོར་གཏན་འབེབས་བྱས་པ་ཕུད། སྡེ་ཚན་གཞན་དག་གིས་རིན་གོང་འཕར་བའི་ཆ་འཕྲིན་རྫུན་མ་བཟོས་པ་དང་སྤེལ་ནས་ཚོང་རའི་རིན་གོང་གི་སྒྲིག་ལམ་དཀྲུགས་པར་ཁྲིམས་ལྟར་གཙོ་སྐྱོང་ལས་ཁུངས་གཞན་དག་གིས་ཞིབ་བཤེར་ཐག་གཅོད་བྱེད་དགོས་རིགས། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་གྲོས་འགོ་འདོན་ཆོག་ཅིང་། འབྲེལ་ཡོད་གཙོ་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས”པའི་གཏན་འབེབས་བྱས་ཡོད།

    16 在防控新型冠状病毒感染肺炎过程中,对经营者的价格违法行为如何处罚?

    答:《价格法》第六章、《价格违法行为行政处罚规定》第四条至第十五条详细规定了各项价格违法行为的处罚措施。

       例如,对“捏造、散布涨价信息,哄抬价格,推动商品价格过高上涨的”行为,《价格法》第四十条规定:“经营者有本法第十四条所列行为之一的,责令改正,没收违法所得,可以并处违法所得五倍以下的罚款;没有违法所得的,予以警告,可以并处罚款;情节严重的,责令停业整顿,或者由工商行政管理机关吊销营业执照。有关法律对本法第十四条所列行为的处罚及处罚机关另有规定的,可以依照有关法律的规定执行。”

       《价格违法行为行政处罚规定》第六条规定:“经营者违反价格法第十四条的规定,有下列推动商品价格过快、过高上涨行为之一的,责令改正,没收违法所得,并处违法所得5倍以下的罚款;没有违法所得的,处5万元以上50万元以下的罚款,情节较重的处50万元以上300万元以下的罚款;情节严重的,责令停业整顿,或者由工商行政管理机关吊销营业执照:

       (一)捏造、散布涨价信息,扰乱市场价格秩序的;

       (二)除生产自用外,超出正常的存储数量或者存储周期,大量囤积市场供应紧张、价格发生异常波动的商品,经价格主管部门告诫仍继续囤积的;

       (三)利用其他手段哄抬价格,推动商品价格过快、过高上涨的。

       行业协会或者为商品交易提供服务的单位有前款规定的违法行为的,可以处50万元以下的罚款;情节严重的,由登记管理机关依法撤销登记、吊销执照。

       前两款规定以外的其他单位散布虚假涨价信息,扰乱市场价格秩序,依法应当由其他主管机关查处的,价格主管部门可以提出依法处罚的建议,有关主管机关应当依法处罚。”

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།