དབུ་ཤོག>ཆེད་སྒྲིག
  • ལས་ཞུགས་བོད་སྐྱོར་ལས་གནས་1143ལ་ལས་མི་བསྡུ་ཡི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-25
    2022ལོའི་པེ་ཅིང་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་ལས་གནས་སུ་ལས་མི་བསྡུ་བའི་སྔོན་བརྡ།
        ཐེམ་ཐོ་ལྷ་ས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་ལས་དོན་ཏན་ཏིག་བསྒྲུབ་ཆེད། པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མཐུན་སྦྱོར་བྱས་པ་བརྒྱུད། ད་ལྟ་2022ལོའི་པེ་ཅིང་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་ལས་གནས་སུ་ལས་མི་བསྡུ་བའི་ལས་དོན་སྔོན་བརྡ་གཏོང་རྒྱུ་གཤམ་གསལ།
    གཅིག འཆར་གཞི།
        པེ་ཅིང་གྲོང་ཁྱེར་གྱིས་ལས་ཞུགས་བོད་སྐྱོར་ལས་གནས་1143མཁོ་འདོན་བྱས་པར་བྱ་གཞག་ཚན་པའི་ལས་གནས་41དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་507 དམངས་གཉེར་ཁེ་ལས་ཀྱི་ལས་གནས་595བཅས་ཡོད། ཞིབ་ཕྲའི་ལས་མི་བསྡུ་མཁན་ཚན་པ་དང་། ལས་གནས་ཀྱི་བླང་བྱ། ཚན་པའི་ངོ་སྤྲོད་བཅས་ཞིབ་ཕྲ་ཟུར་བཀོད་ཡིག་ཆ་དང་པོ་དང་གཉིས་པར་གཟིགས་རོགས། 
    གཉིས། ལས་མི་བསྡུ་ཡུལ།
        གཙོ་བོ་ཐེམ་ཐོ་ལྷ་ས་ནས་ཡིན་པའི(མཐོ་རྒྱུགས་གཏོང་སྐབས་ཐེམ་ཐོ་ལྷ་སར་ཡོད་པ)མཐོ་སློབ་སློབ་ཐོན་སློབ་མ་ཡིན་པ། ཆ་རྐྱེན་ཞིབ་ཕྲ་ལས་མི་བསྡུ་མཁན་ཚན་པའི་བླང་བྱ་གཞིར་འཛིན་དགོས། 
    གསུམ། ལས་མི་བསྡུ་བའི་དུས་ཚོད་དང་བསྡུ་སྟངས།
        ལས་མི་བསྡུ་བའི་དུས་ཚོད་དང་བསྡུ་སྟངས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན། 
    བཞི། དྲིལ་བསྒྲགས་དང་ངོ་སྤྲོད།
        ཟླ་9ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16:00ལ་ཐེང་ཤུན་ནས་ཚོགས་འདུ་འཚོག་པའི་རྣམ་པར(ཐེང་ཤུན་ཚོགས་འདུའི་APPཡི་ཁང་པའི་ཨང་གྲངས་130 752 644)བརྟེན་ནས་པེ་ཅིང་གྲོང་ཁྱེར་གྱི་ལས་ཞུགས་ཁོར་ཡུག་དང་། ལས་ཞུགས་བོད་སྐྱོར་ཚན་པ་དང་ལས་གནས་ཁག་གཅིག་ངོ་སྤྲོད། ལྗོངས་ཕྱིར་ལས་ཞུགས་ཀྱི་དཔེ་མཚོན། ལྗོངས་ཕྱིར་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། ཆུས་དང་རྫོང་ཁག་གི་མི་སྤྱི་ཅུས་ཀྱི་ལས་ཞུགས་ལས་དོན་གྱི་འགན་འཁུར་བློ་མཐུན་དང་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ཧུར་ཐག་ཞུགས་རོགས།(ཐེང་ཤུན་ཚོགས་འདུར་ཞུགས་མཁན་མི་གྲངས་ལ་ཚད་ཡོད་པས། ཚེས་27ཉིན་ཚོགས་འདུར་ཞུགས་མ་ཐུབ་པའི་སློབ་མས་ཚོགས་འདུ་གྲོལ་རྗེས་ཐེང་ཤུན་ཚོགས་འདུའི་APPནས་བརྙན་ལམ་ལ་ཡང་བསྐྱར་བལྟ་ཆོག) 
    ལྔ། དོ་སྣང་བྱེད་དགོས་པའི་དོན་ཚན།
    ཐེམ་ཐོ་ལྷ་ས་ནས་ཡིན་པའི་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་སྔ་སྣུར་ནས་གྲ་སྒྲིག་བྱེད་དགོས་པ་དང་འབྲེལ“ལྷ་སའི་མི་སྤྱི”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ནས་ཉེ་དུས་ཀྱི་སྤྱི་བསྒྲགས་ལ་དོ་སྣང་བྱེད་དགོས། 
    ཟུར་བཀོད་ཡིག་ཆ།
    1.2022ལོའི་པེ་ཅིང་གི་ལས་ཞུགས་བོད་སྐྱོར་ལས་གནས་ཀྱི་རེའུ་མིག(བྱ་གཞག་ཚན་པ)

    640.jpg

    2.2022ལོའི་པེ་ཅིང་གི་ལས་ཞུགས་བོད་སྐྱོར་ལས་གནས་ཀྱི་རེའུ་མིག(ཁེ་ལས)

    640 (1).jpg

    3.རྩ་གཉིས་ཨང་རྟགས་བཤེར་ནས་ཐེང་ཤུན་ཚོགས་འདུར་ཞུགས་ཆོག 

    640 (2).jpg

    ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས། 
    2022ལོའི་ཟླ་9ཚེས་23ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།