དབུ་ཤོག>ཆེད་སྒྲིག
  • སྨར་ཁམས་ཀྱི་ཉེན་རྟོག་པ་ཞིག་རིམས་འགོག་གི་འཐབ་ས་དང་པོར་གྲོངས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-25

    རིམས་འགོག་གི་འཐབ་ས་དང་པོར་ཟོལ་མེད་ཀྱི་སྙིང་སྟོབས་བཏོད་པ། 

    —སྨར་ཁམས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་དེ་སྔའི་ཀྲུའུ་རེན་ཀྲོའུ་ཧྲི་ཅུན་གྱི་སྐོར་བཀོད་པ། 

    640.png

       བོད་ཤར་རྒྱུད་ཀྱི་རིམས་འགོག་འཐབ་ས་མདུན་མར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དང་ལས་འགན་ལག་ལེན་བསྟར་མཁན་གདོང་ལེན་པ་འདི་འདྲ་ཞིག་ཡོད་ཅིང་། ཁོང་གིས་ལང་ཚོ་དང་ཟུང་ཁྲག་ལ་བརྟེན་ནས་མི་དམངས་ཉེན་རྟོག་པའི་འགྱུར་མེད་དམ་བཅའ་གསལ་འགྲེལ་གནང་ཡོད།

    640 (3).jpg

        ཁོང་ནི་སྨར་ཁམས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་དེ་སྔའི་ཀྲུའུ་རེན་ཀྲོའུ་ཧྲི་ཅུན་རེད། 

        2022ལོའི་ཟླ་9ཚེས་16ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་37ཙམ་ལ། ཀྲོའུ་ཧྲི་ཅུན་གྱིས་བཀོད་འདོམས་ལྟེ་གནས་གཞུང་དོན་ཁང་དུ་ལུས་པའི་རླངས་འཁོར་དང་མིའི་གནས་ཚུལ་ལ་བསྡོམས་རྩིས་བརྒྱབ་པ་དང་འབྲེལ། སི་ཁྲོན་དང་ཡུན་ནན་དུ་སྐྱོད་སར་ལུས་པའི་མི་བོད་ནས་སྐྱེལ་བའི་གནས་ཚུལ་ཞིབ་ཕྲར་གྲོས་བསྡུར་བྱེད་སྐབས། གློ་བུར་དུ་བྲང་ཁར་ན་ཟུག་དྲག་པོ་བཏང་བས། ལས་རོགས་ཝང་ཡན་གྱིས་འཕྲལ་མར་ཁོང་སྨན་ཁང་དུ་བསྐྱལ་བ་རེད། སྨན་པས་བརྟག་དཔྱད་བྱས་རྗེས་དོད་དྲག་རང་བཞིན་གྱི་སྙིང་རྩ་འགགས་པའི་ནད་གཞི་ཡིན་པར་གཏན་འཁེལ་བྱས། ཐོ་རེངས་ཀྱི་ཆུ་ཚོད་4དང་སྐར་མ་37ཙམ་ལ་ཀྲོའུ་ཧྲི་ཅུན་ལ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ལོ་38ལས་མ་ཟིན་པའི་ཁོང་ཚེ་ལས་འདས། 

    640 (4).jpg

      “རིམས་ནད་མཇུག་འགྲིལ་རྗེས། ངས་ཁོམ་པ་བཙལ་ནས་ངལ་གསོ་ཡག་པོ་ཞིག་རྒྱག་གི་ཡིན”

         སྨན་ཁང་གི་མྱུར་སྐྱོབ་ཁང་དུ་ཝང་ཡན་གྱིས་ཀྲོའུ་ཧྲི་ཅུན་གྱི་ལག་ནས་འཇུས་ཏེ། ཀྲོའུ་ཧྲི་ཅུན། ཀྲོའུ་ཧྲི་ཅུན། སྡུག་རུས་གནང་དང་། སྣང་དག་ཡོང་གི་མ་རེད་ཅེས་ཡང་ཡང་བཤད། 

        འོན་ཀྱང་། དོན་དེ་རེ་བ་ཙམ་དུ་ཟད། ཆུ་ཚོད་གཉིས་ལྷག་ཙམ་མྱུར་སྐྱོབ་ཛ་དྲག་བྱས་ཀྱང་། ཀྲོའུ་ཧྲི་ཅུན་ང་ཚོ་དང་ནམ་ཡང་བྲལ། ཡིད་སྐྱོ་བའི་གནས་ཚུལ་འདི་ལས་སྨར་ཁམས་རྫོང་གི་སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པ་ཚང་མ་འཐབ་གྲོགས་གྲོངས་པའི་སྡུག་བསྔལ་གྱི་གནས་སུ་ ལྷུང་། 

    640 (5).jpg

      དེ་ཉིན་ཕྱི་དྲོར་ངས་ད་དུང་ཁོང་ལ‘ཀྲོའུ་ཧྲི་ཅུན། ངལ་གསོ་ཡག་པོ་རྒྱོབས་ཞེས་བཤད་པར། ཁོང་གིས་གཅེན་པོ་ཀྲང་ལགས། ང་སྣང་དག་མེད། ད་ཆ་ཆབ་མདོར་སྐབས་བསྟུན་གཙང་བཟོ་བྱུང་བས། ལྷ་སར་ཡང་མགྱོགས་པོ་རེད། རིམས་ནད་མཇུག་འགྲིལ་རྗེས། ངས་ཁོམ་པ་བཙལ་ནས་ངལ་གསོ་ཡག་པོ་ཞིག་རྒྱག་གི་ཡིན་ཞེས་བཤད་བྱུང་ཞེས་སྨར་ཁམས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་ཁྲིམས་ལུགས་རུ་ཆེན་གྱི་རིམ་གསུམ་མཐོ་རིམ་ཉེན་རྟོག་དཔོན་ཀྲང་ཁྲའོ་ཅུན་གྱིས་གསར་འགོད་པར་སྙིང་ཉེ་བའི་འཐབ་གྲོགས་དེ་དང་གླེང་མོལ་བྱས་པའི་སྐད་ཆ་མཇུག་ཤོས་ལ་ཕྱིར་དྲན་བྱེད་བཞིན་དུ་བཤད་པ་དང་། ཀྲོའུ་ཧྲི་ཅུན་གྱིས་བཤད་པའི་སྐད་ཆ་དེ་ཁོང་གི་སྐད་ཆ་མཇུག་ཤོས་རེད་སྙམ་པ་བྱུང་མེད། 

    640 (6).jpg

        ད་ལོའི་ཟླ་8པའི་ཟླ་འགོར།  གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གངས་ལྗོངས་ས་མཐོའི་རྒྱུན་གཏན་གྱི་འཚོ་བའི་གོ་རིམ་ལ་འགོག་རྐྱེན་བཟོས། G318དང་G214ནི་བོད་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་གྱི་འགག་གནད་ཡིན་པས། སྨར་ཁམས་རྫོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་ཡོད་པ་སྨོས་ཅིི་མི། 

         རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཉིན་40ལྷག་ཙམ་རིང་། ཀྲོའུ་ཧྲི་ཅུན་གྱིས་ཐོག་མཐའ་བར་གསུམ་དུ་བློ་སྟོབས་ཆེན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱས་པ་དང་། རིམས་འགོག་གི་ལས་དོན་ཡག་པོ་བསྒྲུབ་ཆེད་རང་ཁྱིམ་དང་བར་ཐག་སྨི་བདུན་ཅུ་བརྒྱད་ཅུ་ཙམ་ལས་མེད་པའི་གཞུང་ལས་ཁང་དུ་སྡོད་པ་ལས་ཁྱིམ་དུ་ཐེངས་གཅིག་ཀྱང་ལོག་མྱོང་མེད། དེའི་རིང་ཁོང་གིས་བོད་ནས་འགྲོ་འོང་བྱེད་པའི་རླངས་འཁོར་39591དང་མི་97965ལ་བཀོད་གཏོང་བྱས་པ་རེད། 

    640 (7).jpg

        ཐོག་སོ་བཞི་པའི་བཀོད་འདོམས་ལྟེ་གནས་ཀྱི་གློག་སྤར་ཡོད་ཚེ། ཀྲོའུ་ཧྲི་ཅུན་ཡིན་པ་ལས་རོགས་ཚང་མས་ཤེས་ཀྱི་ཡོད། ཐང་ཤ་དོད་པའི་ཕོ་གཞོན་འདི་གློ་བུར་དུ་འགྱེལ་ནས་ཚེ་ལས་འདས་པ་ཚང་མའི་བསམ་པའི་ཡུལ་ལས་འདས།    

         ཁོང་ནི་སྔ་ཕྱི་བར་གསུམ་དུ་ལས་ཀ་གང་ཡིན་རུང་དུས་རྟག་ཏུ་མདུན་ཤོས་སུ་སྐྱོད་མཁན་དེ་ཡིན་པ་དང་། དཀའ་ངལ་གང་དུ་ཆེ་ན་དེ་གར་ཁོང་མཐོང་རྒྱུ་ཡོད་ཅེས་ལས་རོགས་ཚོས་ཀྲོའུ་ཧྲི་ཅུན་ལ་གདེང་འཇོག་དེ་ལྟར་བྱེད་ཀྱི་ཡོད། 

        དུས་རྒྱུན་ཀྲོའུ་ཧྲི་ཅུན་གྱིས་ཚང་མར། མང་ཚོགས་ལ་དཀའ་གནད་ཕྲད་ཚེ། ང་ཚོ་འཚོལ་བར་ཡོང་གི་ཡོད་པས། ང་ཚོས་ཁོ་ཚོའི་གནད་དོན་ཐག་གཅོད་གང་ཐུབ་ཅི་ཐུབ་བྱས་ཏེ། ཁོ་ཚོ་བློ་ཕམ་དུ་འཇུག་མི་རུང་ཞེས་ཤོད་ཀྱི་ཡོད། 

    640 (8).jpg

         ལྟོ་ཆས་ཟ་སྐབས་ཁོང་ཕྱི་ཤོས་རེད་ལ། ལས་ཀ་གྲོལ་སྐབས་ཁོང་ཕྱི་ཤོས་རེད་ཅེས་ཚན་ཁག་གཅིག་པའི་ལས་རོགས་ཉེན་རྟོག་པ་སྒྲོལ་མ་དབང་མོས་ཀྲོའུ་ཧྲི་ཅུན་གྱི་སྐོར་གླེང་སྐབས་མིག་ཆུ་དབང་མེད་དུ་ཤོར་བཞིན་དེ་ལྟར་བཤད། ཀྲོའུ་ཧྲི་ཅུན་ལ་གནས་ཚུལ་ཐོན་པའི་ཉིན་དེར་སྒྲོལ་མ་དབང་མོ་ཏག་ཏག་ལས་རེས་རེད། ཁོ་མོས་ཀྲུའུ་རེན་ཀྲོའུ་ལགས་གྲངས་གཞིའི་རེའུ་མིག་རྒྱོང་བར་མགོ་འཁོར་ནས་དགུང་ཟས་ཀྱང་ཟ་ཁོམ་མ་བྱུང་བ་མཐོང་། ཀྲོའུ་ཧྲི་ཅུན་གྱིས་དགོང་ཟས་ཅའོ་ཙེ་ཟ་འདོད་འདུག་ཅེས་བཤད་བྱུང་། དེ་ནི་ང་ཚོ་མཉམ་དུ་བཟས་པའི་ལྟོ་ཆས་མཇུག་ཤོས་དེ་རེད་བསམས་བསམས་མ་བྱུང་།

    640 (9).jpg

      “རྒྱལ་ཁབ་ལ་ལེགས་སྐྱེས་མང་ཙམ་ཕུལ་ན་ང་ཚོའི་བུ་བཟང་པོ་རེད” 

        མི་དམངས་ཀྱི་བུ་ཕྲུག་དམག་གི་ངོས་ནས་ཀྲོའུ་ཧྲི་ཅུན་གྱིས་རང་ཉིད་ཀྱི་འཚོ་བར་གྲོན་ཆུང་བསྲི་ཚགས་བྱེད་ཀྱི་ཡོད་མོད། འོན་ཀྱང་སྤྱི་ཚོགས་དང་མི་གཞན་ལ་གཏོང་ཕོད་ཆེན་པོ་ཡོད། 2008ལོར་དབུན་ཁྲོན་དུ་ས་ཡོམ་རྒྱག་སྐབས། ཁོང་གིས་ནང་མིར་གསངས་ནས་སྒོར་500ཞལ་འདེབས་ཕུལ་བ་དང་། 2020ལོར་ཕ་ཡུལ་དུ་ལམ་བཟོ་སྐབས། ཁོང་གིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་ལ་སྒོར་800ཞལ་འདེབས་བརྒྱབ་པ། དུས་རྒྱུན་རྩ་འཛུགས་ལ་ཁྲག་སྦྱིན་པ་དང་སློབ་སྐྱོར་ཞལ་འདེབས་འབུལ་བ་སོགས་ཀྱི་ལས་ཀ་མང་པོ་བསྒྲུབས་ཡོད། 

    640 (10).jpg

        ལས་ཞོར་དུ་ཀྲོའུ་ཧྲི་ཅུན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད། 2018ལོར་ཀྲོའུ་ཧྲི་ཅུན་གྱིས་རང་འགུལ་ངང་སྨར་ཁམས་རྫོང་སློབ་ཆུང་དང་པོའི་དགེ་རྒན་ལེའོ་ལི་བཙལ་ནས། དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་དགོས་མིན་དྲིས། རྒན་ལིའོ་ལི་ཡིས་དཀའ་ངལ་ཡོད་པའི་སློབ་མ་ཡོད་ཅེས་བཤད་པར། ཀྲོའུ་ཧྲི་ཅུན་གྱིས་ལས་རོགས་ཚོ་དང་མཉམ་དུ་དཀའ་ངལ་ཡོད་པའི་སློབ་མ་གཉིས་ལ་སྒོར་2000ཞལ་འདེབས་བརྒྱབ་པ་རེད།  

    640 (1).png

        གསར་འགོད་པས་བཅར་འདྲི་བྱེད་སྐབས། ཀྲོའུ་ཧྲི་ཅུན་གྱིས། ཨ་མ་སུང་ཁྲང་ཀྲེན་གྱིས“བུས་སོ་སོར་གྱོན་གོས་གསར་པ་ཉོ་བ་དཀོན་པོ་རེད། འོན་ཀྱང་ཁྱིམ་དུ་ལོག་རིམ་བཞིན་ངེད་རྒན་རྒོན་གཉིས་ལ་གྱོན་གོས་གསར་པ་ཉོས་ནས། ཞབས་ཏོག་སྒྲུབ་ཀྱི་ཡོད་ཅེས་ངུ་ཤུབ་ཤུབ་དུ་བཤད། 

         མྱ་ངན་ཚོགས་འདུར་ཀྲོའུ་ཧྲི་ཅུན་གྱི་ནང་མི་སེམས་སྡུག་ཆེན་པོས་ངུ་བ་དང་། སྐྱོ་གདུང་ཆེ་བའི་ལས་རོགས་དང་གྲོགས་པོ་ཚོས་རང་ཉིད་ཀྱིས་བཟོས་པའི་མེ་ཏོག་དཀར་པོ་དཔའ་བོ་ཁོང་ལ་ཕུལ་ཏེ་བྲལ་མི་ཕོད་པར་ལུས། 

        ཀྲོའུ་ཧྲི་ཅུན་གྱིས་ཚེ་སྲོག་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་སྤྱི་བདེའི་བྱ་གཞག་དང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་འཐབ་རྩོད་རླབས་ཆེེའི་ལ་ཕུལ་བར་སྨར་ཁམས་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།