དབུ་ཤོག>ཆེད་སྒྲིག
  • རིམས་འགོག་དངོས་རྫས་ཞིབ་བཟོར་ཁ་གཡར་ནས་ཞལ་འདེབས་ཁ་བསླུས་བརྒྱབ་ན……

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-24

    རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    དོན་བསྟུན་ཁྲིམས་གླེང་།

    以事说法

    25 རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། རིམས་འགོག་དངོས་རྫས་ཞིབ་འཇུག་གསར་བཟོ་དང་ཐོན་སྐྱེད་དམ་ཡང་འཚོང་བར་ཁ་གཡར་ནས། གཞུང་དང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའམ་ཡང་ན་དོན་དངོས་རྫུན་མ་བཟོས་ནས་སྤྱི་དམངས་ཀྱི་ཞལ་འདེབས་རྒྱུ་དངུལ་ཁ་བསླུས་བརྒྱབ་ནས་གྲངས་འབོར་ཅུང་ཆེ་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པ་ལས་འགལ་བས། ཁ་བསླུས་ཀྱི་ཉེས་པ་བསགས་པར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་དགོས།

    25 在疫情防控期间,假借研制、生产或者销售用于疫情防控的物品的名义骗取公私财物,或者捏造事实骗取公众捐赠款物,数额较大的,涉嫌违反哪些法律,需要承担哪些后果?

    答:此种行为可能涉嫌违反《刑法》第二百六十六条,以诈骗罪定罪处罚。

    26 རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། རྐང་བཙུགས་ནས་སྨན་དོན་པར་གནོད་འཚེ་བཏང་སྟེ་རྨས་སྐྱོན་ཆུང་ངུ་ཡན་གྱི་མཇུག་འབྲས་ཚབས་ཆེན་བཟོས་པའམ། ཡང་ན་སྨན་དོན་པའི་འགོག་སྲུང་གྱོན་ཆས་དབྲལ་བ་དང་ཁོ་ཚོར་ཐུ་ལུད་འདེབས་པ་སོགས་ཀྱི་བྱེད་སྤྱོད་སྤེལ་ནས། སྨན་དོན་པར་ཏོག་དབྱིབས་ནད་དུག་གསར་པ་འགོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། རྐང་བཙུགས་ནས་གནོད་འཚེ་གཏོང་བའི་ཉེས་པ་བསགས་པ་རེད། རང་དགར་སྨན་དོན་པར་ཉེས་རྡུང་བཏང་བའི་ཉེས་པ་ཚབས་ཆེ་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གསུམ་པ་ལས་འགལ་བའི་དོགས་གཞི་ཡོད་པས། བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པ་རེད། གཏུམ་སྤྱོད་དམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་སྨན་དོན་པར་བརྙས་བཅོས་དང་འཇིགས་སྐུལ་བྱས་པའི་ཉེས་པ་ཚབས་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ཞེ་དྲུག་པ་དང་དོན་ཚན་ཉིས་བརྒྱ་གོ་གསུམ་པ་ལས་འགལ་བའི་དོགས་གཞི་ཡོད་པས། བརྙས་བཅོས་ཀྱི་ཉེས་པའམ་ཡང་ན་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པ་རེད།

    26 疫情防控期间,故意伤害医务人员造成轻伤以上的严重后果,或者对医务人员实施撕扯防护装备、吐口水等行为,致使医务人员感染新型冠状病毒的,涉嫌违反哪些法律,需要承担哪些后果?

    答:此种行为可能涉嫌违反《刑法》第二百三十四条,构成故意伤害罪;随意殴打医务人员,情节恶劣的,可能涉嫌违反《刑法》第二百九十三条,构成寻衅滋事罪;采取暴力或其他方法公然侮辱、恐吓医务人员,情节严重或情节恶劣的,可能涉嫌违反《刑法》第二百四十六条、第二百九十三条,构成侮辱罪或者寻衅滋事罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识


    15 ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བརྒྱུད་རིམ་དུ་ཚོང་གཉེར་བྱེད་མཁན་གྱི་བྱེད་སྤྱོད་གང་དག་རིན་གོང་བཅའ་ཁྲིམས་ལས་འགལ་བའི་ཁོངས་སུ་གཏོགས་པ་ཡིན་ནམ།

    ལན། 《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པར། “ཚོང་གཉེར་བྱེད་མཁན་གྱིས་ཚོང་ཟོག་ཕྱིར་ཚོང་དང་ཉོ་སྒྲུབ་བྱེད་པ་དང་ཞབས་འདེགས་ཞུ་སྐབས། སྲིད་གཞུང་གི་རིན་གོང་གཙོ་གཉེར་སྡེ་ཚན་གྱི་གཏན་འབེབས་ལྟར་རིན་གོང་གསལ་པོར་འགོད་དགོས་པ་དང་། ཚོང་ཟོག་གི་མིང་དང་། ཐོན་ཡུལ། ཚད་གཞི། རིམ་པ། རིན་རྩིས་རྩིས་གཞི། རིན་གོང་ངམ་ཞབས་འདེགས་རྣམ་གྲངས་དང་རིན་གོང་བསྡུ་བའི་ཚད་གཞི་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གསལ་པོར་འགོད་དགོས། གཉེར་སྐྱོང་བྱེད་མཁན་གྱིས་གསལ་པོར་བཀོད་པའི་རིན་གོང་ལས་མཐོ་བའི་གོང་ཚད་བླངས་ནས་ཚོང་ཟོག་བཙོང་མི་ཆོག་པ་དང་། གསལ་པོར་བཀོད་མེད་པའི་གྲོན་དངུལ་གང་ཡང་བླང་མི་ཆོག”པའི་གཏན་འབེབས་བྱས་ཡོད།

       《རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བཞི་པར། “ཚོང་གཉེར་བྱེད་མཁན་གྱིས་གཤམ་གསལ་ཚུལ་མིན་བྱེད་སྤྱོད་སྤེལ་མི་ཆོག་པ་སྟེ།

    (གཅིག) ཕན་ཚུན་ལྐོག་འབྲེལ་བྱས་ནས་ཁྲོམ་རའི་རིན་གོང་གི་ཁ་ལོ་བསྒྱུར་ཏེ། གཉེར་སྐྱོང་བྱེད་མཁན་གཞན་དག་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་།

    (གཉིས།) ཚོང་ཟོག་སོས་པ་དང་། དུས་ཚིགས་རང་བཞིན་གྱི་ཚོང་ཟོག ཕུང་གསོག་ཐེབས་པའི་ཚོང་ཟོག་སོགས་བཅའ་ཁྲིམས་ལྟར་གོང་བཅག་ནས་བཙོང་ཆོག་པ་ཕུད། འགྲན་ཡ་ཟུར་འབུད་བྱེད་པའམ་ཡང་ན་ཁྲོམ་ར་སྒེར་བཟུང་བྱ་ཆེད། མ་གནས་ལས་དམའ་བའི་རིན་གོང་གིས་ཕམ་འཚོང་བརྒྱབ་སྟེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་ཚོང་གཉེར་གྱི་སྒྲིག་ལམ་དཀྲུགས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་གཉེར་སྐྱོང་བྱེད་མཁན་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་གཏོང་བ།

    (གསུམ།) རིན་གོང་སྤོར་བའི་ཆ་འཕྲིན་རྫུན་མ་བཟོ་བ་དང་ཁྱབ་བསྒྲགས་བྱས་ནས། རིན་གོང་ཧམ་ཤེད་ཀྱིས་སྤར་ཏེ་ཚོང་ཟོག་གི་རིན་གོང་འཕར་བར་སྐུལ་འདེད་གཏོང་བ།

    (བཞི།) རྫུན་མ་བཟོ་བའམ་ཡང་ན་གོ་ནོར་ཐེབས་སྲིད་པའི་རིན་གོང་ལ་བརྟེན་ནས། འཛད་སྤྱོད་པའམ་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་མགོ་སྐོར་བཏང་ནས་རང་ཉིད་དང་ཉོ་ཚོང་བྱེད་དུ་འཇུག་པ།

    (ལྔ།) ཚོང་ཟོག་གམ་ཞབས་འདེགས་འདྲ་མཚུངས་མཁོ་འདོན་བྱེད་སྐབས། ཉོ་ཚོང་གི་ཆ་རྐྱེན་འདྲ་མཚུངས་ལྡན་པའི་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་རིན་གོང་ནས་མཐོང་ཆུང་བྱེད་པ།

    (དྲུག) རིམ་པ་སྤོར་བའམ་ཡང་ན་རིམ་པ་གཅོག་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། ཚོང་ཟོག་ཉོ་སྒྲུབ་དང་ཕྱིར་ཚོང་བྱེད་པའམ་ཡང་ན་ཞབས་འདེགས་ཞུས་ཏེ། ངོ་བོ་བསྒྱུར་ནས་རིན་གོང་སྤོར་བའམ་ཡང་ན་གཅོག་པ།

    (བདུན།) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་ཚུལ་མིན་ཁེ་ཆེན་ཧམ་ཤེས་ཀྱིས་ལེན་པ།

    (བརྒྱད།) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་བཀག་སྡོམ་བྱས་པའི་རིན་གོང་གི་ཚུལ་མིན་བྱེད་སྤྱོད་གཞན་དག”ཅེས་གཏན་འབེབས་བྱས་ཡོད།

       གཞན་ཡང《རིན་གོང་སྐོར་གྱི་བཅའ་ཁྲིམས》དང《རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་སྐོར་གྱི་གཏན་འབེབས》ཀྱི་གཏན་འབེབས་ལ་གཞིགས་ན། གཉེར་སྐྱོང་བྱེད་མཁན་གྱི་རིན་གོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ད་དུང་གཉེར་སྐྱོང་བྱེད་མཁན་གྱིས་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དང་། སྲིད་གཞུང་གི་གཏན་འབེབས་རིན་གོང་། ཁྲིམས་གཏན་འཁེལ་བའི་རིན་གོང་། རིན་གོང་ལ་ཐེ་ཇུས་བྱ་ཐབས། འཕྲལ་སྡོམ་བྱ་ཐབས་བཅས་ལག་བསྟར་མི་བྱེད་པའི་བྱེད་སྤྱོད་དང་། དེ་བཞིན་རིན་གོང་གསལ་འགོད་ཀྱི་གཏན་འབེབས་ལས་འགལ་བ་སོགས་ཀྱི་བྱེད་སྤྱོད་ཚུད་ཡོད།

    15 在防控新型冠状病毒感染肺炎过程中,经营者的哪些行为属于价格违法行为?

    答: 《价格法》第十三条规定:“经营者销售、收购商品和提供服务,应当按照政府价格主管部门的规定明码标价,注明商品的品名、产地、规格、等级、计价单位、价格或者服务的项目、收费标准等有关情况。

    经营者不得在标价之外加价出售商品,不得收取任何未予标明的费用。”
       《价格法》第十四条规定:“经营者不得有下列不正当价格行为:
       (一)相互串通,操纵市场价格,损害其他经营者或者消费者的合法权益;
       (二)在依法降价处理鲜活商品、季节性商品、积压商品等商品外,为了排挤竞争对手或者独占市场,以低于成本的价格倾销,扰乱正常的生产经营秩序,损害国家利益或者其他经营者的合法权益;
       (三)捏造、散布涨价信息,哄抬价格,推动商品价格过高上涨的;
       (四)利用虚假的或者使人误解的价格手段,诱骗消费者或者其他经营者与其进行交易;
       (五)提供相同商品或者服务,对具有同等交易条件的其他经营者实行价格歧视;
       (六)采取抬高等级或者压低等级等手段收购、销售商品或者提供服务,变相提高或者压低价格;
       (七)违反法律、法规的规定牟取暴利;
       (八)法律、行政法规禁止的其他不正当价格行为。”
       此外,根据《价格法》和《价格违法行为行政处罚规定》的规定,经营者的价格违法行为,还包括经营者不执行政府指导价、政府定价以及法定的价格干预措施、紧急措施的行为,以及违反明码标价的规定等行为。

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།