དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་བསྟར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་ཟོག་གོང་བརྟན་པོ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-24

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཐོན་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཁྲོམ་ར་ལྟ་འདོམས་ལས་དོན་ལ་སྤྱི་འདོམས་དང་། རིན་གོང་ལ་ལྟ་འདོམས་བྱ་རྒྱུར་དམིགས་པ། བཀའ་འབྱོར་མ་ཐག་འཕྲལ་དུ་སྒྲུབ་པ། འགན་འཁྲི་ལག་བསྟར་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་བསྒྲུབས་ནས། རང་ལྗོངས་ཀྱི་དམངས་འཚོའི་ཚོང་ཟོག་གལ་ཆེན་དང་རིམས་འགོག་དངོས་རྫས་ཀྱི་རིན་གོང་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དུས་ཐོག་ཏུ་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིན་གོང་ལྟ་འདོམས་ཚོགས་ཆུང་བཙུགས་ཏེ། གཙོ་གནད་ས་ཁོངས་དང་གཙོ་གནད་ཚོང་ཟོག་ལ་དམིགས་ནས་ཁྲོམ་རའི་འཐབ་ཕྱོགས་དང་པོར་བསྐྱོད་དེ་རིན་གོང་གི་ཆེད་དོན་ཁྲིམས་བསྟར་ཞིབ་བཤེར་བྱས་པ་དང་། ལས་དོན་མ་སྒྲུབ་གོང་སྔོན་འགོག་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབེལ་ཉོ་དཀོན་འཚོང་དང་རིན་གོང་ཧམ་སྤོར་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུ་ཁྱབ་གདལ་བཏང་བ། “12315”ཐེར་འདོན་ཞུ་གཏུག་ཁ་པར་ཉིན་མཚན་དབྱེར་མེད་ཤར་གཏོང་ཐུབ་པར་བྱེད་པ་དང“དྲ་ཐོག་ཏུ་བདག་སྤྲོད་དང་དྲ་ཕྱི་ནས་ཞིབ་བཤེར་ཐག་གཅོད”བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་ཐབས་ལ་བརྟེན་ནས། རིན་གོང་ཐད་མང་ཚོགས་ཀྱིས་བྱས་པའི་ཞུ་གཏུག་ཐེར་འདོན་དང་དྲ་རྒྱའི་གླེང་ཕྱོགས་ཁྲིམས་ལྟར་ཐག་གཅོད་བྱས་ཏེ། འཛད་སྤྱོད་པའི་རེ་ཞུ་ཚང་མ་སྒྲུབ་པ་དང་ལན་བརྒྱབ་པ། སྔོ་ཚལ་གྱི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོ་ཚལ་ཚོང་གཉེར་དང་ཕྱིར་ཚོང་ཁེ་ལས་དང་རང་འགུལ་ངང་འབྲེལ་མཐུད་ཀྱིས་དམིགས་བསལ་དུས་སུ་ཚལ་རིགས་གཙོ་བོ་ཕྱིར་ཚོང་གི་མཛུབ་ཁྲིད་རིན་གོང་གི་དཀར་ཆག་གསལ་ཐོ་བཟོས་ནས་ཡོངས་བསྒྲགས་བྱས་ཏེ“སྲིད་གཞུང་གིས་གཙོ་ཁྲིད་དང་། ལས་རིགས་ཀྱིས་མཛུབ་ཁྲིད། ཁེ་ལས་ཀྱིས་རང་འདོམས། སྤྱི་ཚོགས་ཀྱིས་ལྟ་སྐུལ”བཅས་ཀྱི་སྔོ་ཚལ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་མཉམ་བཅོས་ཀྱི་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་པ། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སྨྱན་སྦྱོར་ལས་སྟེགས་བརྒྱུད་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་མཚོན་གྱོད་དཔེ་དམར་རྗེན་དུ་བཏོན་པ་དང་། རིན་གོང་ལྟ་འདོམས་བྱས་རིགས་ཡོངས་བསྒྲགས་བྱས་པ། ཁྲོམ་རའི་བྱེད་པོས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་མིན་ལ་ལྟ་སྐུལ་བྱས་པ། སྒོ་རྩིས་ཚོང་ཁང་དང་། ཞིང་ཟོག་ཁྲོམ་ར། མཁོ་སྤྲོད་འགན་ལེན་ཚན་པ་སོགས་ཁེ་ལས་ཀྱིས་རང་འགུལ་ངང་སྤྱི་ཚོགས་ལ་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཁྲོམ་རའི་རིན་གོང་གི་དྲན་སྐུལ་བསླབ་སྡོམ་ཡི་གེ་1300ལྷག་ཙམ་སྤྲད་པ་དང་། རིན་གོང་ཐད་སྐོང་འདྲི་དང་དྲན་སྐུལ་ཐེངས་7བྱས་པ། ཚོང་གཉེར་ཚོང་དུད་855ལ་སྐོང་འདྲི་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།