དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-24

    ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་ལྔ་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ལས་ཀ་བསྐྱར་གསོ་དང་། ཐོན་སྐྱེད་བསྐྱར་གསོ། དེ་བཞིན་ཚོང་ཁྲོམ་བསྐྱར་གསོ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ། རིམས་ནད་ཐོན་རིང་རླུང་འགྲོ་དང་དུག་སེལ་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ལ་ལན་བརྒྱབ་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་21ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་13(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་143(ལྷ་ས་གྲོང་ཁྱེར་ལ་134དང་། གཞིས་རྩེ་གྲོང་ཁྱེར་ལ་6 ནག་ཆུ་གྲོང་ཁྱེར་ལ་3)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་22ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་5(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་59(ལྷ་ས་གྲོང་ཁྱེར་ལ་58དང་གཞིས་རྩེ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་21ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་14དང་ཉེན་ཁ་འབྲིང་བའི་ཁུལ་97ཡོད་པ་རེད།

    ཟླ་9ཚེས་21ཉིན་ཏོག་གསར་ནད་དུག་འགོས་པ་156མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

    ཟླ་9ཚེས་21ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་2881དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་60240ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་69596ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་མོའུ་ཡུང་ཝུན་གྱིས། ལྷོ་ཁ་གྲོང་ཁྱེར་ཟླ་9ཚེས་19ཉིན་གྱི་ཆུ་ཚོད་0ནས་བཟུང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་ཆེ་བའི་སྒོ་ནས་སྤྱི་འདོམས་བྱ་རྒྱུ་དང་། རིམས་ནད་ཕྱི་ནས་མི་འགོ་བ་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱེད་པ། རྒྱུན་རྣམ་དང་ཕུགས་ཕན་ངང་ཉིང་སྐྱུར་བརྟག་དཔྱད་ལ་དམ་འཛིན་བྱེད་པ། གཙོ་གནད་ཁུལ་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པ། གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་ལ་དམ་འཛིན་ནུས་ལྡན་བྱེད་པ་བཅས་ཀྱི་སྒོ་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་གི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་ལས་ཐོན་བསྐྱར་ཚུགས་ཀྱི་འབྲེལ་ཡོད་གནས་ཚུལ་ཐད། མོའུ་ཡུང་ཝུན་གྱིས། ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་ལས་ཡུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཚད་ལྡན་དང་ནན་པོའི་ངང་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་ལྷུན་རྩེ་གནམ་ཐང་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་སོགས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་40ལྷག་ཙམ་གྱི་ཨར་སྐྲུན་མི་སྣར་གདུབ་ཟུམ་དོ་དམ་དང་ལས་ཡུལ་དུ་སྒོ་སྡོམ་ཨར་ལས་སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་ཞིང་། རིམས་ནད་ཐོན་རིང་ལས་མཚམས་བཞག་མེད་པ་དང་ཨར་ལས་བྱ་ཡུལ་དུ་ཏོག་གསར་ནད་དུག་འགོས་པ་གཅིག་རྐྱང་ཐོན་མེད་པར་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རིམས་ནད་ཐོན་རིང་། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བ་བྱས་ན་བདེ་འཇགས་ཡོད་མེད་དང་། ཁྱིམ་དུ་84དུག་སེལ་སྨན་ཆུའམ་ཡང་ན་ཅིའུ་ཅིང་གཏོར་ནས་དུག་སེལ་ཡང་དག་ཇི་ལྟར་བྱེད་དགོས་པའི་ཐད། རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོའུ་ཕེ་པིན་གྱིས་ལན་བརྒྱབ་པ་རེད།

    ཧོའུ་ཕེ་པིན་གྱིས་ངོ་སྤྲོད་བྱས་དོན། མིག་སྔར་དབུགས་ལམ་གྱི་མཆིལ་ཟེགས་དང་རེག་ཐུག་ཉེ་པོ་བྱས་ནས་འགོ་བ་ནི་ཏོག་གསར་གློ་ཚད་ཀྱི་འགོ་ལམ་གཙོ་བོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རླུང་འགྲོ་ཡག་པོ་དེ་ཙམ་མེད་པའི་ཁོར་ཡུག་ཏུ་རླངས་རྡུལ་ནས་འགོས་འགྲོ་གི་ཡོད་ལ། ནད་དུག་ཡོད་སྲིད་པའི་དངོས་རྫས་ལ་རེག་ནའང་འགོ་སྲིད། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བ་བྱེད་དོན་ནི་ཁང་པའི་ཕྱི་ནང་གི་མཁའ་རླུང་བརྗེ་རྒྱུག་ཆེ་རུ་བཏང་ནས་རླུང་འགྲོ་ཡག་པོ་མེད་པའི་ཁོར་ཡུག་གི་རླངས་རྡུལ་ནས་འགོ་བའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་དེ་ཡིན། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བ་བྱས་ན་ཁང་པའི་ནང་གི་མཁའ་རླུང་སོས་པ་རྒྱུན་འཁོར་ཐུབ་པས། གཟུགས་པོའི་ནད་འགོག་ནུས་པ་མཐོ་རུ་གཏོང་བར་ཕན་པ་མ་ཟད། ནད་དུག་འགོག་པའི་ནུས་པ་ཇེ་ཆེར་གཏོང་ཐུབ། དེར་བརྟེན། སྤྱིར་བཏང་བྱས་ན། ཚང་མས་གནམ་གཤིས་ཡག་པོ་དང་ཕྱི་རོལ་གྱི་དྲོད་ཚད་རན་པོ་ཡོད་དུས་སྒེའུ་ཁུང་མང་ཙམ་ཕྱེ་ནས་ཁང་པའི་ནང་མཁའ་རླུང་འགྲོ་རྒྱུག་བྱེད་དགོས་པ་དང་། ཉིན་ལྟར་ཐེངས་2ནས་3བར་དང་འབྱེད་ཐེངས་རེར་སྐར་མ་20ནས་30བར་འབྱེད་དགོས། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བ་བྱེད་དུས་མཁའ་རླུང་གྲང་མོས་ལུས་པོ་འཁྱགས་ཏེ་ཆམ་པ་མི་ཕོག་པ་བྱེད་དགོས། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་ཁ་ཤས་ཏེ། དཔེར་ན། སྡེ་ཁུལ་དུ་ཐོན་པའི་གདགས་གཤིས་ནད་པའི་ཁང་པ་རང་ཉིད་དང་བར་ཐག་ཅུང་ཉེ་བའི་སྐབས། ནད་པའི་ཁང་པ་ནས་རང་ཉིད་ཀྱི་ཁང་པར་མཁའ་རླུང་རྒྱུག་སྟེ་ནད་དུག་འགོ་ཉེན་ཆེ་བས། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོང་བར་གཟབ་དགོས།

    ཧོའུ་ཕེ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 84དུག་སེལ་སྨན་ཆུ་ནི་ཁིལ་འདུས་དུག་སེལ་སྨན་རྫས་ཤིག་ཡིན། དེར་རུལ་བསླད་རང་བཞིན་དང་ངར་ཆེ་ཙམ་ཡོད་པས། ངེས་པར་དུ་གསལ་བཤད་ཡི་གེར་ཞིབ་ཕྲ་བལྟས་ཏེ་བེད་སྤྱོད་བྱེད་དགོས་པ་དང་། བེད་སྤྱོད་གཏོང་སྐབས་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས། གསང་སྤྱོད་འདག་རྫས་དང་མཉམ་དུ་སྤྱོད་རྒྱུ་མེད། དེ་ལྟར་བྱས་ཚེ་དུག་རླངས་ཐོན་ནས་བདེ་ཐང་ལ་གནོད་པ་དང་ཐ་ན་ཚེ་སྲོག་ལ་ཉེན་ཁ་བཟོ་གི་ཡོད། སྤྱིར་ན། སྔོན་འགོག་རང་བཞིན་གྱི་དུག་སེལ་ལ་500mg/Lཡོད་པའི་84དུག་སེལ་སྨན་ཆུ་བྱུང་ན་འགྲིག ཅིའུ་ཅིང་དུག་སེལ་གྱི་གར་ཚད་60%ནས་90%བར་ཡིན་དགོས་ཤིང་། 75%ནི་རྒྱུན་དུ་སྤྱོད་མང་ཤོས་ཡིན། ཡང་དག་པའི་བེད་སྤྱོད་བྱེད་སྟངས་ནི་ལག་གཉིས་དང་དངོས་པོ་ཆུང་གྲས་ཀྱི་ཕྱི་ངོས་ལ་དུག་སེལ་དང་འཕྱིས་བདར་བྱས་ན་རེག་ཐུག་ལས་འགོ་བའི་ཉེན་ཁ་འགོག་ཐུབ། འོན་ཀྱང་། ཁྱིམ་དུ་གང་སར་ཅིའུ་ཅིང་གཏོར་བ་དང་ཐབ་ཚང་དུ་ཅིའུ་ཅིང་གཏོར་ནས་དུག་སེལ་བྱ་རྒྱུ་མེད། ཅིའུ་ཅིང་ཉར་ཚགས་བྱེད་སྐབས་མེ་ཡོད་ས་དང་ཚ་བ་ཆེ་སར་བཞག་ན་མེ་ཤོར་བའི་ཉེན་ཁ་ཡོད། དེ་དང་ཆབས་ཅིག་ཅིའུ་ཅིང་ལ་མི་འཕྲོད་མཁན་གྱིས་བེད་སྤྱོད་བྱ་རྒྱུ་མེད།

    “དུག་སེལ་སྨན་རྫས་ཀྱིས་མཁའ་རླུང་ལ་དུག་སེལ་བྱེད་སྐབས་ཡིན་གཅིག་མི་མེད་སར་བྱེད་དགོས་པ་དང་། དུག་སེལ་སྨན་རྫས་མིའི་གཟུགས་པོར་ཐད་ཀར་གཏོར་རྒྱུ་མེད”ཅེས་ཧོའུ་ཕེ་པིན་གྱིས་གསལ་འདེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།