རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།
抗击疫情 —— 法律与道德同行
དོན་བསྟུན་ཁྲིམས་གླེང་།
以事说法
23 རིམས་ནད་ཐོན་རིང་། རྐང་བཙུགས་ནས་དངོས་ཟོག་ཉར་གསོག་བྱེད་པ་དང་། ཧམ་ཤེད་ཀྱིས་ཟོག་གོང་སྤོར་བ། ཚུལ་མིན་ཁེ་བཟང་རག་ཐབས་བྱེད་པའི་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།
ལན།བྱེད་སྤྱོད་འདི་རིགས་ལ་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་མང་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་ཅིང་། ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཟོས་རིགས། རྒྱལ་ཁབ་ནས་འགོ་ནད་ཀྱི་ཐོལ་བྱུང་རིམས་ནད་ལ་སོགས་པའི་གནོད་འཚེར་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཁྲོམ་རའི་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། ཧམ་ཤེད་ཀྱིས་ཟོག་གོང་སྤོར་བ་དང་། ཚུལ་མིན་ཁེ་བཟང་རག་ཐབས་ཀྱིས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ནས། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་མང་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཁྲིམས་དང་མ་མཐུན་པར་གཉེར་སྐྱོང་བྱས་པའི་ཉེས་པ་བསགས་པ་རེད།
23 疫情期间,恶意囤积、哄抬物价、牟取暴利的,涉嫌违反哪些法律,需要承担哪些后果?
答:此种行为将由市场监督管理部门依法依规予以处理。对于违法所得数额较大或者有其他严重情节,严重扰乱市场秩序的,涉嫌违反国家在预防、控制突发传染病疫情等灾害期间有关市场经营、价格管理等规定,哄抬物价、牟取暴利,严重扰乱市场秩序,违法所得数额较大或者有其他严重情节的,可能涉嫌违反《刑法》第二百二十五条,构成非法经营罪。
24 མིའི་གཟུགས་པོའི་བདེ་ཐང་ལ་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཁ་རས་དང་། མིག་སྲུང་མིག་ཤེལ། འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་ཡོ་ཆས་ཐོན་སྐྱེད་བྱས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།
ལན།ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྲིད་འཛིན་གྱི་ཆད་པ་གཅོད་དགོས། ཉེས་ཚབས་ཆེ་རིགས་ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་ཆས་ཐོན་སྐྱེད་དང་བཙོངས་པའི་ཉེས་པར་གཏན་འཁེལ་བྱས་ནས། ཁྲིམས་ལྟར་ཉེས་ཆད་ལྕི་པོ་གཅོད་དགོས།
24 生产不符合保障人体健康的国家标准、行业标准的医用口罩、护目镜、防护服等医用器材的,涉嫌违反哪些法律,需要承担哪些后果?
答:由市场监督管理部门予以行政处罚。情节严重的可能涉嫌违反《刑法》第一百四十五条,将以生产、销售不符合标准的医用器材罪定罪,依法从重处罚。
ཁྲིམས་ལུགས་རྒྱུན་ཤེས།
法律常识
14 ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས་ལ་ཉེས་དོན་འགན་འཁྲི་འཁུར་དགོས་སམ།
ལན། 《རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཉིས་པར། “བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ནས། རིམས་བཤེར་འགོ་ནད་མཆེད་པའམ་ཡང་ན་རིམས་བཤེར་འགོ་ནད་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས”པའི་གཏན་འབེབས་བྱས་ཡོད།
《ཉེས་ཁྲིམས》ཀྱི་དོན་ཚན་གསུམ་བརྒྱ་སོ་གཉིས་པར། “རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་གྱི་གཏན་འབེབས་ལས་འགལ་ནས། རིམས་བཤེར་འགོ་ནད་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། དུས་བཙོན་ལོ་གསུམ་མམ་ཡང་ན་བཙན་ཉར་ལས་སྐུལ་བྱེད་དགོས་པ་དང་ཆགས་ཅིག་ཏུ་དངུལ་ཆད་གཏང་ཆོག་པའམ་ཡང་དངུལ་ཆད་ཁམས་གཙང་གཅད་ཆོག ཚན་པས་གོང་གསལ་ནང་གསེས་ཀྱི་ཉེས་པ་བསགས་རིགས། ཚན་པ་དེར་དངུལ་ཆད་གཏོང་དགོས་པ་དང་ཆབས་ཅིག་ཏུ་དེའི་ཐད་ཀར་འགན་འཁུར་མཁན་གཙོ་གཉེར་བ་དང་ཐད་ཀར་འགན་འཁུར་མཁན་གཞན་དག་ལ་གོང་གསལ་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅད་ཆོག”པའི་གཏན་འབེབས་བྱས་ཡོད།
14 引起新型冠状病毒感染肺炎传播或者有引起传播严重危险的,需要承担刑事责任吗?
答: 《国境卫生检疫法》第二十二条规定:“违反本法规定,引起检疫传染病传播或者有引起检疫传染病传播严重危险的,依照刑法有关规定追究刑事责任。”
《刑法》第三百三十二条规定:“违反国境卫生检疫规定,引起检疫传染病传播或者有传播严重危险的,处三年以下有期徒刑或者拘役,并处或者单处罚金。单位犯前款罪的,对单位判处罚金,并对其直接负责的主管人员和其他直接责任人员,依照前款的规定处罚。”