ཟླ་9ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ། ཡུལ་སྐོར་བ་41གིས་རང་གི་དངོས་ཟོག་བསྡུ་གསོག་བརྒྱབ་ནས་མགྲོན་ཁང་ནས་ཐོན་ཏེ། ལས་དོན་པའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་ངང་ནད་འགོག་བརྟག་དཔྱད་བྱས་རྗེས། གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་བཀོད་སྒྲིག་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་ནས་ཁྱིམ་དུ་ལོག་པའི་ལམ་བུར་ཆས།
གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཏང་ཙུའི་ཁོངས་མི། ཅུས་ཀྲང་གཞོན་པ་ཡོན་ཉིང་གིས།
ལྷ་སར་ལུས་པའི་ཡུལ་སྐོར་བས་རང་རང་གི་ཕ་ཡུལ་ལ་ལོག་མ་ཐུབ་པར་དངངས་འཚབ་བྱེད་པར་ང་ཚོས་བསམ་ཤེས་ཐུབ་ཀྱི་འདུག གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་ལྟར། ང་ཚོས་ཡུལ་སྐོར་ཞབས་ཞུའི་ཆེད་དོན་ཚོགས་ཆུང་བཙུགས་ནས། འདི་གར་ལུས་པའི་ཡུལ་སྐོར་བ་བོད་ནས་ལོག་སྐབས་ཀྱི་བརྒྱུད་རིམ་ཧྲིལ་པོར་རོགས་རམ་བྱེད་ཀྱི་ཡོད་ལ། ཉེ་དུས་ཁྱོན་མི་200ལྷག་ཙམ་ལ་སྤ་སེ་ཉོ་རོགས་བྱས་པ་ཡིན་ཞེས་བཤད་བྱུང་།
ཡུལ་སྐོར་བ་ཧན་ཏུང་ཆིང་གིས། རིམས་ནད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་ལས་དོན་པ་ཚོ་དཀའ་ལས་ཧ་ཅང་ཁག་པོ་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་བྱུང་ལ། ཁོ་ཚོས་ང་ཚོར་ཡང་ལྟ་རྟོག་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ཁོ་ཚོ་རྟག་ཏུ་ལས་བྲེལ་གྱི་རྐྱེན་པས་ལྟོ་ཆས་ཀྱང་ཟ་ཁོམ་མི་འདུག མ་ཟད། སྲིད་གཞུང་གིས་ང་ཚོར་སྤ་སེ་ཉོ་རོགས་བྱས་ནས་བདེ་འཇགས་ངང་ཁྱིམ་དུ་ལོག་ཐབས་བྱས་པར་ཐུགས་རྗེ་ཆེ་ཞུ་ཞེས་བཤད།
རིམས་ནད་ཐོན་སྐབས་དང་ཐོག་ཁོ་ཚོ་ཁྲེང་ཀོན་ཆུས་སུ་ལུས་པ་དང་། རྗེས་སུ་ད་ལྟའི་མགྲོན་ཁང་འདིར་བསྐྱལ་ཅིང་། དེའི་རིང་གི་ཞག་སྡོད་རིན་པ་བླངས་མེད་ལ་ལྟོ་ཆས་ཀྱང་འགན་ལེན་བྱས་ཡོད་པ་རེད། བོད་ནས་འགྲོ་ཆོག་པའི་ཆ་རྐྱེན་ཚང་རྗེས། ལས་དོན་པས་རང་འགུལ་ངང་ཁོ་ཚོར་མེ་འཁོར་གྱི་སྤ་སེ་ཉོ་རོགས་བྱས་ནས་ཁོང་དང་ཁོང་གི་གྲོགས་པོ་ཚོ་བདེ་བླག་ངང་ཕ་ཡུལ་དུ་ལོག་ཐུབ་པའི་རོགས་རམ་བྱས་པ་རེད།
ཡོན་ཉིང་གིས། སླད་ཕྱིན་ང་ཚོས་ད་དུང་ཡུལ་སྐོར་བ་གཅིག་ཀྱང་བློས་གཏོང་མི་བྱེད་པ་དང་། དགོས་མཁོ་གཅིག་ཀྱང་སྣང་མེད་དུ་མི་གཏོང་བ། ཡིད་ཆེས་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བ་བཅས་གང་ཐུབ་བྱས་ཏེ། ནུས་པས་ལྕོགས་ཚོད་ཀྱིས་ཡུལ་སྐོར་བ་ཚོར་རོགས་རམ་བྱས་ནས། ཁོ་ཚོ་ཚང་མས་ལྷ་སའི་དྲོ་སྐྱིད་དང་དོ་ཁུར་ཚོར་བར་བྱེད་ཀྱི་ཡིན་ཞེས་བཤད།
ཤ་ཚའི་དྲན་སྐུལ། ཡུལ་སྐོར་བློ་འདྲིའི་ཁ་པར་ཨང་གྲངས། 6958808 6288869 6324691