དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ས་ཆ་ཁག་གི་རིམས་ནད་སྐོར་གྱི་གནས་ཚུལ་གསར་ཤོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-23

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་62པ། 

        ཟླ་9ཚེས་22ཉིན་གྱི་ཆུ་ཚོད་0ནས་24བར། ལྷ་ས་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་འགོས་པའི་ཡུལ་དེ་རང་གི་ནད་པ་129མང་དུ་ཕྱིན་པ་ལས། གཏན་འཁེལ་ནད་པ་9དང་ནད་རྟགས་མེད་པའི་ནད་པ་120ཡོད་པ་རེད། མང་དུ་ཕྱིན་པའི་གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་ཚང་མ་གདུབ་ཟུམ་ལོགས་དགར་དོ་དམ་ཚོད་འཛིན་བྱ་ཡུལ་ནས་དོན་པ་རེད། དེའི་ནང་།

    (གཅིག)ཁྲེང་ཀོན་ཆུས། ཉིན་དེ་རང་ལ་ནད་པ་126མང་དུ་ཕྱིན་པ། (གཏན་འཁེལ་ནད་པ་6དང་ནད་རྟགས་མེད་པའི་ནད་པ་120)

    (གཉིས)སྟོད་ལུང་བདེ་ཆེན་ཆུས། (སྣེའུ་ཁུལ་གསར་ཚུད)ཉིན་དེ་རང་ལ་ནད་པ་3མང་དུ་ཕྱིན་པ། (གཏན་འཁེལ་ནད་པ་3)

    གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བརྡ། 

    【2022】ཡིག་ཨང་46པ། 

        ཟླ་9ཚེས་22ཉིན་གྱི་ཆུ་ཚོད་0ནས་24བར། གཞིས་རྩེ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་འགོས་པའི་ཡུལ་དེ་རང་གི་ནད་པ་4མང་དུ་ཕྱིན་པ་ཚང་མ་ནད་རྟགས་མེད་པའི་ནད་པ་ཡིན་པ་དང་བསམ་གྲུབ་རྩེ་ཆུས་ཀྱི་ལོགས་དགར་དོ་དམ་ཚོད་འཛིན་བྱ་ཡུལ་ནས་ཤེས་རྟོགས་བྱུང་བ་རེད།

    ལྷོ་ཁ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།

    (2022)ཡིག་ཨང་57པ།

    2022ལོའི་ཟླ་9ཚེས་22ཉིན་གྱི་ཆུ་ཚོད་0ནས་24བར། ལྷོ་ཁ་གྲོང་ཁྱེར་དུ་གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་མང་དུ་ཕྱིན་མེད། ཟླ་9ཚེས་22ཉིན་གྱི་ཆུ་ཚོད་24བར། ལྷོ་ཁ་གྲོང་ཁྱེར་དུ་རིམས་བརྩིས་བྱས་ན་གཏན་འཁེལ་ནད་པ་12དང་ནད་རྟགས་མེད་པའི་ནད་པ་593ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    (2022)ཡིག་ཨང་44པ། 

    2022ལོའི་ཟླ་9ཚེས་21ཉིན་གྱི་ཆུ་ཚོད་0ནས་24བར། གྲོང་ཁྱེར་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་3མང་དུ་(ནད་རྟགས་མེད་པའི་ནད་པ་3)ཕྱིན་ཡོད་པ་ལས། དེའི་ནང་།

    (གཅིག)ཨ་མདོ་རྫོང་། ཉིན་དེ་རང་ལ་ནད་པ་2མང་དུ་ཕྱིན་པ། (ནད་རྟགས་མེད་པའི་ནད་པ་2ཡིན་པ། གཉིས་ཀ་ལོགས་དགར་དོ་དམ་ཚོད་འཛིན་བྱ་ཡུལ་དུ་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་ཁྲོད་ཤེས་རྟོགས་བྱུང་བ་རེད)

        (གཉིས)སྦྲ་ཆེན་རྫོང་། ཉིན་དེ་རང་ལ་ནད་པ་1མང་དུ་ཕྱིན་པ། (ནད་རྟགས་མེད་པའི་ནད་པ་1དེ་ཡུལ་གཞན་ནས་སླེབས་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་པ)

        མིག་སྔར། གོང་གི་ནད་པ་3པོར་གནས་གཏན་འཁེལ་དུ་ལོགས་དགར་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ནད་པ་འདི་དག་དང་འབྲེལ་འདྲིས་དམ་ཟབ་འབྱུང་མཁན་དང་བརྒྱུད་འབྲེལ་འབྱུང་མཁན་ལའང་ལོགས་དགར་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་52པ)

        2022ལོའི་ཟླ་9ཚེས་21ཉིན་གྱི་ཆུ་ཚོད་0ནས་24བར། ཆབ་མདོ་གྲོང་ཁྱེར་དུ་གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་མང་དུ་ཕྱིན་མེད་པ་རེད། ཟླ་9ཚེས་21ཉིན་གྱི་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་པ་216དང་། ནད་རྟགས་མེད་པའི་ནད་པ་173 ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་370(གཏན་འཁེལ་ནད་པ་209དང་ནད་རྟགས་མེད་པའི་ནད་པ་161) ཡོད་པ་རེད།

     རིག་གཅིག་མཁས་ཅན་ཙུའུ་ཡིས་ཞིབ་གྲོས་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་སུ་ཉེན་ཁའི་ཁུལ་མང་དུ་ཕྱིན་མེད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་70པ)

    2022ལོའི་ཟླ་9ཚེས་21ཉིན་གྱི་ཆུ་ཚོད་0ནས་24བར། ཉིང་ཁྲི་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་མང་དུ་ཕྱིན་མེད་པ་དང་། གཏན་འཁེལ་ནད་པ་ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་1དང་གསོ་རིག་གི་ལོག་དགར་ལྟ་ཞིབ་བྱེད་མཚམས་བཞག་པའི་ནད་རྟགས་མེད་པའི་ནད་པ་2མང་དུ་ཕྱིན་ཡོད། ཟླ་9ཚེས་21ཉིན་གྱི་ཆུ་ཚོད་24བར། རིམ་རྩིས་བྱས་ན་གཏན་འཁེལ་ནད་པ་109དང་ནད་རྟགས་མེད་པའི་ནད་པ་238ཡོད་པ། ཁྱོན་ནད་པ་347ཡོད་པ་དང་། རིམ་རྩིས་བྱས་ན་གཏན་འཁེལ་ནད་པ་ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་108དང་ནད་རྟགས་མེད་པའི་ནད་པར་གསོ་རིག་གི་ལོག་དགར་ལྟ་ཞིབ་བྱེད་མཚམས་བཞག་པ་236ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།