གྲོང་མི་དང་ཁེ་ལས་ཀྱིས་དུག་སེལ་ལས་དོན་ལ་གཞོཌ་འདེཌ་ཡག་པོ་མ་བྱས་ཚེ…
རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།
抗击疫情 —— 法律与道德同行
དོན་བསྟུན་ཁྲིམས་གླེང་།
以事说法
21 རིམས་ནད་ཐོན་རིང་། རྐང་བཙུགས་ནས་ཏོག་གསར་གློ་ཚད་ཀྱི་ནད་གཞིའི་འབྱུང་རྩ་མཆེད་དུ་བཅུག་སྟེ། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།
ལན།གལ་སྲིད་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་མིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དང་ལེན་མ་བྱས་པ་དང་། རྐང་བཙུགས་ནས་ཏོག་དབྱིབས་ནད་དུག་གསར་པའི་ནད་གཞིའི་འབྱུང་རྩ་མཆེད་དུ་བཅུག་སྟེ། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པ་དང་། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གཏན་འཁེལ་ནད་དཔེ་དང་ནད་ཁུངས་ལྡན་པའི་མིས་ལོགས་དགར་སྨན་བཅོས་སམ་ཡང་ན་ལོགས་དགར་འཇོག་པའི་དུས་མཇུག་ཏུ་ལོགས་བཀར་སྨན་བཅོས་དང་ལེན་མ་བྱས་པ་མ་ཟད། སྤྱི་པའི་འདུ་རའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས་ཏོག་དབྱིབས་ནད་དུག་གསར་པ་མཆེད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།
21 在疫情期间,故意传播新冠肺炎病原体,危害公共安全的,涉嫌违反哪些法律,需要承担哪些后果?
答:如感染新型冠状病毒者抗拒疫情防控措施,故意传播新型冠状病毒感染肺炎病原体危害公共安全,已经确诊的新型冠状病毒感染肺炎病人、病原携带者,拒绝隔离治疗或者隔离期未自脱离隔离治疗,并进入公共场所或者乘坐公共交通工具的满擅;新型冠状病毒感染肺炎疑似病人拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌违反《刑法》第一百一十四条、第一百一十五条,构成以危险方法危害公共安全罪。
22 གྲོང་མི་དང་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་དུག་སེལ་བྱེད་པའི་ལས་དོན་ལ་གཞོགས་འདེགས་མ་བྱས་པ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་མ་ཉན་པའི་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།
ལན།བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་200མན་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས། ཉིན་5ཡན་ནས་10མན་བར་གྱི་བཀག་ཉར་བྱེད་དགོས་པ་ཆབས་ཅིག དངུལ་ཆད་སྒོར་500མན་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པའི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་ཡོད། གཏུམ་སྤྱོད་དང་འཇིགས་སྣང་བསྐུལ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས(རྒྱལ་ཁབ་ལས་ཁུངས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཞུང་དོན་སྒྲུབ་མཁན་ཚུད་པ)ཁྲིམས་ལྟར་རིམས་ནད་བརྟག་དཔྱད་ཀྱི་ལས་དོན་སྤེལ་བར་བཀག་འགོག་བྱས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་ལས་འགལ་བའི་དོགས་གཞི་ཡོད་པས། གཞུང་དོན་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།
22 居民和企业不配合开展疫情防控相关的消毒工作,经劝阻无效的,涉嫌违反哪些法律,需要承担哪些后果?
答:违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,可能涉嫌违反《刑法》第二百七十七条,构成妨害公务罪。
ཁྲིམས་ལུགས་རྒྱུན་ཤེས།
法律常识
13 ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་ལ་གནོད་འཚེ་གཏོང་བ་དང་། སྲིད་གཞུང་གི་གཏན་འབེབས་དང་། བཀའ་རྒྱ། བྱ་ཐབས་བཅས་ལ་བརྩི་སྲུང་མི་ཞུ་བ་དང་གཞོགས་འདེགས་མི་བྱེད་པའམ་ཡང་ན་ལག་བསྟར་མི་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་གང་དག་ཡོད་དམ།
ལན། 《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་དྲུག་པར། “ཚན་པའམ་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ནས། ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱར་བརྩི་སྲུང་མི་ཞུ་བའམ་ཡང་ན་དེས་ཁྲིམས་ལྟར་ལག་ལེན་བསྟར་བའི་བྱ་ཐབས་ལ་གཞོགས་འདེགས་མ་བྱས་པར་བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་གྲུབ་རིགས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས”པའི་གཏན་འབེབས་བྱས་ཡོད།
《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར། “གཤམ་གསལ་གྱི་བྱེད་སྤྱོད་ལས་གཅིག་ཡོད་རིགས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཏོང་དགོས་པ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་ནས་བཅུ་མན་གྱི་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཏང་ཆོག་པ་སྟེ། (གཅིག)མི་དམངས་སྲིད་གཞུང་གིས་གནས་ཚུལ་ཛ་དྲག་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མི་བྱེད་པའི་རིགས་དང་། (གཉིས)རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་ལྟར་འགན་ནུས་སྒྲུབ་སྐབས་འགོག་རྐྱེན་བཟོ་རིགས་ལ་སོགས”པའི་གཏན་འབེབས་བྱས་ཡོད།
《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གསེས་དང་པོར། དྲག་ཤུགས་དང་འཇིགས་སྣང་བསྐུལ་བར་བརྟེན་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་ལྟར་འགན་ནུས་སྒྲུབ་སྐབས་འགོག་རྐྱེན་བཟོས་རིགས། དུས་བཙོན་ལོ་གསུམ་མན་དང་། བཙན་ཉར་ལས་སྐུལ། བཀག་སྡོམ་མམ་དངུལ་ཆད་གཏོང་དགོས་ཞེས་དང་། ནང་གསེས་གསུམ་པར། རང་བྱུང་གི་གནོད་འཚེ་དང་ཐོལ་བྱུང་གི་དོན་རྐྱེན་ཐོན་རིང་། དྲག་ཤུགས་དང་འཇིགས་སྣང་བསྐུལ་བར་བརྟེན་ནས། རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་པས་ཁྲིམས་ལྟར་འགན་ནུས་སྒྲུབ་སྐབས་འགོག་རྐྱེན་བཟོས་རིགས། གོང་གསལ་ནང་གསེས་དང་པོའི་གཏན་འབེབས་ལྟར་ཆད་པ་གཅོད་དགོས་ཞེས་གཏན་འབེབས་བྱས་ཡོད།
《ཉེས་ཁྲིམས》ཀྱི་དོན་ཚན་གསུམ་བརྒྱ་སུམ་ཅུའི་ནང་གསེས་དང་པོར། འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ཏེ། གཤམ་གསལ་གྱི་གནས་ཚུལ་ལས་གཅིག་ཡོད་ཅིང་། འགོ་ནད་ཀྱི་རིགས་ཀ་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། དུས་བཙོན་ལོ་གསུམ་མན་ནམ་ཡང་ན་བཙན་ཉར་ལས་སྐུལ་བྱ་ཆོག་པ་དང་། མཇུག་འབྲས་ཚབས་ཧ་ཅང་ཆེ་རིགས་། དུས་བཙོན་ལོ་གསུམ་ཡན་ནས་བདུན་མན་ཆོག་པ་སྟེ། ……(བཞི)འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས་འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་མི་བྱེད་པ་ཞེས་གཏན་འབེབས་བྱས་ཡོད།
13 对妨害新型冠状病毒感染肺炎防控,不服从、不配合或者拒绝执行有关政府决定、命令或者措施等行为,有哪些法律责任?
答: 《突发事件应对法》第六十六条规定:“单位或者个人违反本法规定,不服从所在地人民政府及其有关部门发布的决定、命令或者不配合其依法采取的措施,构成违反治安管理行为的,由公安机关依法给予处罚。”
《治安管理处罚法》第五十条规定:“有下列行为之一的,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款:(一)拒不执行人民政府在紧急状态情况下依法发布的决定、命令的;(二)阻碍国家机关工作人员依法执行职务的;……”
《刑法》第二百七十七条第一款规定:“以暴力、威胁方法阻碍国家机关工作人员依法执行职务的,处三年以下有期徒刑、拘役、管制或者罚金。”第三款规定:“在自然灾害和突发事件中,以暴力、威胁方法阻碍红十字会工作人员依法履行职责的,依照第一款的规定处罚。”
《刑法》第三百三十条第一款规定:“违反传染病防治法的规定,有下列情形之一,引起甲类传染病传播或者有传播严重危险的,处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑:……(四)拒绝执行卫生防疫机构依照传染病防治法提出的预防、控制措施的。”
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣