སྣེའུ་ཁུལ་གསར་དུ་གནས་པའི་ཀྲེ་ཅང་ཚོང་པའི་རྒྱལ་སྤྱི་ནི་སྒོ་དབྱེ་རྣམ་པའི་ཁུལ་ཆུང་ཞིག་ཡིན་པ་དང་། ད་ལྟ་ཁྱིམ་ཚང་1200ཙམ་ཡོད། ཉེ་ཆར། གསར་འགོད་པ་དེ་གར་འབྱོར་དུས་རྒྱ་ཁོག་དང་སི་ཁྲོན་ཚལ་རིགས་ཟ་ཁང་སོགས་ཟ་ཁང་མང་པོ་ཞིག་སྒོ་ཕྱེ་ཡོད་པ་མཐོང་བྱུང་།
སྒོ་རྩིས་ཚོང་ཁང་དང་ཚལ་ར། སྐྲ་ཁང་། སྨན་རྫས་ཚོང་ཁང་སོགས་མང་པོ་ཞིག་སྒོ་ཕྱེ་འདུག གྲོང་མི་ཚོས་ཁ་རས་བརྒྱབ་ནས་ཚོང་ཁང་ཁག་ཏུ་བསྐྱོད་དེ་རང་གི་དགོས་མཁོ་ལྟར་ཉོ་སྒྲུབ་བྱེད་པའམ་ཡང་ན་སྐྲ་ཁང་དུ་བསྐྱོད་ནས་སྐྲ་བཞར་བ་སོགས་རྒྱུན་གཏན་གྱི་འཚོ་བར་རོལ་བཞིན་འདུག
མིག་སྔར། ཀྲེ་ཚོང་རྒྱལ་སྤྱི་ཕུད། སྣེའུ་ཁུལ་གསར་གྱི་ཉེན་ཁ་ཆུང་བའི་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་ཟ་ཁང་། སྨན་བཅོས་ཁང་། སྨན་རྫས་ཚོང་ཁང་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རིགས་ཁག་གི་གཉེར་སྐྱོང་ཁུལ་རིམས་འགོག་གི་བྱེད་ཐབས་ཁག་ལག་བསྟར་ནན་པོ་བྱེད་པ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་ཡོད་པ་རེད།