རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།
抗击疫情 —— 法律与道德同行
དོན་བསྟུན་ཁྲིམས་གླེང་།
以事说法
19 སྨན་བཅོས་ལས་ཁུངས་ཀྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཀྱི་དཔང་ཡིག་རྫུན་མ་བཟོས་པ་དང་བཟོ་བཅོས་བརྒྱབ་པ་དང་། མི་གཞན་གྱི་བདེ་ཐང་བཤེར་རྟགས་དང་འགྲོ་འོང་བཤེར་རྟགས་བེད་སྤྱད་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་གང་དུ་ཕྱིན་མིན་གསངས་ནས། འབྲེལ་ཡོད་མི་སྣ་ཡིད་ཆེས་སུ་བཅུག་སྟེ། ཕྱི་འགྲོ་དང་སྤྱི་པའི་དོ་རར་བསྐྱོད་དེ། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།
ལན།བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་དགོས་པ་དང་། ཉེས་ཚབས་ཆེ་རིགས། ཉིན་5ཡན་ནས་10མན་གྱི་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག་པའམ། ཡང་ན་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་འཛིན་གྱི་ཆད་པ་གཞན་དག་གཅོད་དགོས། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།
19 伪造、变造医疗机构核酸检测阴性证明,使用他人健康码、行程码或采取其他方式隐瞒行程、活动轨迹,骗取有关人员信任,出行出访、进入公共场所,引起新型冠状病毒传播或者有传播严重危险的,涉嫌违反哪些法律,需要承担哪些后果?
答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款;或者由有关部门予以其他行政处罚。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。
20 མི་གཞན་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་བྱེད་ཐབས་ལས་གཡོལ་རོགས་བྱས་རིགས། བཅའ་ཁྲིམས་གང་དག་དང་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།
ལན།བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་200མན་གྱི་དངུལ་ཆད་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས། ཉིན་5ཡན་ནས་10མན་བར་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།
20 协助他人逃避疫情防控检查措施的,涉嫌违反哪些法律,需要承担哪些后果?
答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。
ཁྲིམས་ལུགས་རྒྱུན་ཤེས།
法律常识
12 རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་མ་བཟོས་པའམ་ཡང་ན་རྐང་བཙུགས་ནས་བརྒྱུད་བསྐུར་བྱེད་མཁན་མིས། བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་འཁུར་དགོས་སམ།
ལན། 《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པར། “བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ནས། ཐོལ་བྱུང་དོན་རྐྱེན་གྱི་འཕེལ་ཕྱོགས་སམ་ཡང་ན་འཕྲལ་སྡོམ་ཐག་གཅོད་ལས་དོན་གྱི་འབྲེལ་ཡོད་ཆ་འཕྲིན་རྫུན་མ་བཟོས་པ་མ་ཟད་སྤེལ་བའམ། ཡང་ན་ཐོལ་བྱུང་དོན་རྐྱེན་གྱི་འཕེལ་ཕྱོགས་སམ་ཡང་ན་འཕྲལ་སྡོམ་ཐག་གཅོད་ལས་དོན་གྱི་འབྲེལ་ཡོད་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་སྤེལ་རིགས། དག་བཅོས་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། ཐ་ཚིག་སྒྲོག་དགོས། མཇུག་འབྲས་ཚབས་ཆེན་བཟོས་རིགས། ཁྲིམས་ལྟར་དེའི་ལས་སྒོ་གནས་སྐབས་སྤེལ་མཚམས་འཇོག་པའམ་ཡང་ན་ལས་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་གཏོང་དགོས། ཐད་ཀར་འགན་འཁུར་མཁན་རྒྱལ་ཁབ་ཀྱི་ལས་དོན་པ་ཡིན་རིགས། ད་དུང་དེར་ཁྲིམས་ལྟར་ཆད་པ་གཅོད་དགོས། བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་གྲུབ་རིགས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས”པའི་གཏན་འབེབས་བྱས་འདུག
《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པར། “གཤམ་གསལ་བྱེད་སྤྱོད་ལས་གཅིག་ཡོད་རིགས། ཉིན་ལྔ་ཡན་ནས་བཅུ་མན་གྱི་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅད་ཆོག་པ་དང་། མཇུག་འབྲས་ཅུང་ཡང་རིགས། ཉིན་ལྔ་མན་གྱི་བཀག་ཉར་རམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས་པ་སྟེ། དཀྲོག་གཏམ་སྤེལ་བ་དང་། ཉེན་ཁའི་གནས་ཚུལ་དང་། རིམས་ནད་ཀྱི་གནས་ཚུལ། ཉེན་ཟོན་གྱི་གནས་ཚུལ་བཅས་སྙན་སེང་རྫུན་མ་ཞུ་བའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་སྤྱི་པའི་སྒྲིག་ལམ་ལ་རྐང་བཙུགས་ཏེ་གཏོར་བཤིག་གཏོང་བའི་རིགས་སོགས”གཏན་འབེབས་བྱས་ཡོད།
《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་གྲས་ནང་གསེས་གཉིས་པར། “ཉེན་ཁའི་གནས་ཚུལ་དང་། རིམས་ནད་ཀྱི་གནས་ཚུལ། གནོད་འཚེའི་གནས་ཚུལ། ཉེན་ཟོན་གྱི་གནས་ཚུལ་བཅས་རྫུན་མ་བཟོས་ནས་ཆ་འཕྲིན་དྲ་རྒྱའམ་སྨྱན་སྦྱོར་གཞན་དག་ཏུ་སྤེལ་བའམ་ཡང་ན་གོང་གསལ་གྱི་ཆ་འཕྲིན་འདི་དག་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱའམ་ཡང་ན་སྨྱན་སྦྱོར་གཞན་དག་ཏུ་རྐང་བཙུགས་ནས་སྤེལ་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཟོས་རིགས། དུས་བཀག་བཙོན་འཇུག་ལོ་གསུམ་མན་དང་། བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་བཅས་ཀྱི་ཆད་པ་གཅོད་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་རིགས། དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་བར་བྱེད་དགོས”པའི་གཏན་འབེབས་བྱས་ཡོད།
12 编造、故意传播虚假疫情信息的人,要承担什么法律责任?
答: 《突发事件应对法》第六十五条规定:“违反本法规定,编造并传播有关突发事件事态发展或者应急处置工作的虚假信息,或者明知是有关突发事件事态发展或者应急处置工作的虚假信息而进行传播的,责令改正,给予警告;造成严重后果的,依法暂停其业务活动或者吊销其执业许可证;负有直接责任的人员是国家工作人员的,还应当对其依法给予处分;构成违反治安管理行为的,由公安机关依法给予处罚。”
《治安管理处罚法》第二十五条规定:“有下列行为之一的,处五日以上十日以下拘留,可以并处五百元以下罚款;情节较轻的,处五日以下拘留或者五百元以下罚款:散布谣言,谎报险情、疫情、警情或者以其他方法故意扰乱公共秩序的;……”
《刑法》第二百九十一条之一第二款规定:“编造虚假的险情、疫情、灾情、警情,在信息网络或者其他媒体上传播,或者明知是上述虚假信息,故意在信息网络或者其他媒体上传播,严重扰乱社会秩序的,处三年以下有期徒刑、拘役或者管制;造成严重后果的,处三年以上七年以下有期徒刑。”