དབུ་ཤོག>ཆེད་སྒྲིག
  • རྐང་བཙུགས་ནས་ནད་པའི་གསང་བའི་ཆ་འཕྲིན་ཕྱིར་གྱར་བྱས་ན་ཉེས་ཁྲིམས་ལས…

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-21

    རིམས་ནད་ལ་འགོག་རྒོལ་བྱེད། ——བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    དོན་བསྟུན་ཁྲིམས་གླེང་།

    以事说法

    17 རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས་བརྒྱུད་ནས་འགྲོ་མཁན་གྱི་རླངས་འཁོར་དང་མིས་ས་ཚིགས་ཀྱི་ལས་དོན་ལ་སྣང་མེད་གཏོང་བའམ་ཡང་ན་བྱེད་ཐབས་གཞན་དག་བརྟེན་ནས་ས་ཚིགས་ཀྱི་ལས་དོན་པས་བརྟག་དཔྱད་བྱེད་པར་གཞོགས་འདེགས་མི་བྱེད་པའམ་དང་ལེན་མི་བྱེད་པའི་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་བས་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་200མན་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས། ཉིན་5ཡན་ནས་10མན་གྱི་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག དངུལ་ཆད་སྒོར་500མན་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེ་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།

    17 经过疫情防控卡点的车辆和人员,以冲卡或者其他方法,拒不配合、接受卡点工作人员检查的,涉嫌违反哪些法律,需要承担哪些后果?

    答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,处5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

    18 འགོ་ནད་འགོས་པའི་ནད་པ་དང་། ནད་ཁུངས་ལྡན་པའི་མི། འགོ་ནད་འགོས་པར་དོགས་གཞི་ཡོད་པའི་ནད་པ། འབྲེལ་བ་དམ་ཟབ་བྱུང་བའི་མི་བཅས་ཀྱི་མི་སྒེར་གྱི་འབྲེལ་ཡོད་གསང་འཕྲིན་དང་དཔྱད་གཞིའི་ཡིག་རིགས་རྐང་བཙུགས་ནས་ཕྱིར་གྱར་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་དག་འཁུར་དགོས་སམ།

    ལན།བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པ་ལས་འགལ་བས། ཉིན་5མན་གྱི་བཀག་ཉར་བྱེད་དགོས་པའམ་ཡང་ན་དངུལ་ཆད་སྒོར་500མན་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས། ཉིན་5ཡན་ནས་10མན་གྱི་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག དངུལ་ཆད་སྒོར་500མན་གཅད་ཆོག རྒྱལ་ཁབ་ལས་ཁུངས་སམ་ཡང་ན་སློབ་གསོ་དང་སྨན་བཅོས་སོགས་ཚན་པས་འགན་འཁྲིའི་ཞབས་འདེགས་ཞུ་རིང་ཤེས་པའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་འཚོང་བའམ་ཡང་ན་ཁྲིམས་ལས་འགལ་ནས་མི་གཞན་ལ་མཁོ་འདོན་བྱས་པའི་གནས་ཚུལ་ཚབས་ཆེ་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ང་གསུམ་པ་ལས་འགལ་བའི་དོགས་གཞི་ཡོད་པས། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།

    18 故意泄露传染病人、病原携带者、疑似传染病人、密切接触者涉及个人隐私的有关信息、资料的,涉嫌违反哪些法律,需要承担哪些后果?

    答:此种行为违反《治安管理处罚法》第四十二条,将处以5日以下拘留或者500元以下罚款;情节较重的,将处以5日以上10日以下拘留,可并处500元以下罚款。国家机关或者教育、医疗等单位在履行职责服务过程中获得的公民个人信息,出售或者非法提供给他人,情节严重的,可能涉嫌违反《刑法》第二百五十三条,构成侵犯公民个人信息罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    11 རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གྱིས་རིམས་བཤེར་དང་ལེན་མི་བྱེད་པའམ་ཡང་ན་འཕྲོད་བསྟེན་གྱི་ལྟ་སྐུལ་དང་ལེན་མི་བྱེད་པ་དང་། འཕྲོད་བསྟེན་གྱི་ཐག་གཅོད་དང་ལེན་མི་བྱེད་པའི་རིགས་ལ། བཅའ་ཁྲིམས་ཀྱི་མཇུག་འབྲས་གང་དག་ཡོད་དམ།

    ལན། 《རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་བཤེར་སྐོར་གྱི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་དོན་ཚན་བརྒྱ་དང་བཅུ་མེད་དགུ་པའི་གསེས་གསུམ་པ་དང་དོན་ཚན་བརྒྱ་དང་བཅུ་པའི་ནང་གསེས་དང་པོར། རིམས་བཤེར་དང་ལེན་མི་བྱེད་པའམ་ཡང་ན་འཕྲོད་བསྟེན་གྱི་ལྟ་སྐུལ་དང་ལེན་མི་བྱེད་པ་དང་། འཕྲོད་བསྟེན་ཐད་ཀྱི་ཐག་གཅོད་དང་ལེན་མི་བྱེད་པའི་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་100ཡན་ནས་5000མན་གྱི་དངུལ་ཆད་གཅོད་དགོས་པའི་གཏན་འབེབས་བྱས་ཡོད།

    11 出入境人员拒绝接受检疫或者抵制卫生监督,拒不接受卫生处理的,其法律后果有哪些?

    答: 《国境卫生检疫法实施细则》第一百零九条第三项、第一百一十条第一款规定,对拒绝接受检疫或者抵制卫生监督,拒不接受卫生处理的,处以警告或者100元以上5000元以下的罚款。

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།