དབུ་ཤོག>ཆེད་སྒྲིག
  • ལྷོ་ཁས་ཉིང་སྐྱུར་བརྟག་དཔྱད་སྐོར་གྱི་བརྡ་ཐོ་གལ་ཆེན་ཞིག་བཏང་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-21

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བརྡ།

    〔2022〕ཡིག་ཨང7པ།

        “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལས་སླ་པོར་འབྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བཅས་བྱ་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་སྣེ་གདོང་ཆུས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་དོན་ཚན་གསལ་བརྡ་བྱེད་རྒྱུ་གཤམ་གསལ།

    བརྟག་དཔྱད་ཀྱི་དུས་ཚོད་དང་ཁྱབ་ཁོངས།

    (གཅིག) སྣེ་གདོང་ཆུས་སུ་འབྱོར་མ་ཐག་ཉིང་སྐྱུར་བརྟག་དཔྱད(འབྱོར་བཤེར)བྱེད་དགོས། འདིར་མེ་འཁོར་འབབ་ཚུགས་དང་། རླངས་འཁོར་འབབ་ཚུགས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགོག་ས་སོགས་ནས་སྣེ་གདོང་ཆུས་སུ་ལོག་མཁན་ཚུད་ཡོད།

    (གཉིས) གཙོ་གནད་མི་ཚོགས་ལ་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས། འདིར་གཅིག་སྡུད་ལོགས་དགར་ས་ཚིགས་དང་ཁྱིམ་དུ་ལོགས་དགར་སྡོད་མཁན། སྨན་དོན་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་པ། མེ་འཁོར་འབབ་ཚུགས་དང་། རླངས་འཁོར་འབབ་ཚུགས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགོག་ས་སོགས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དང་བླངས་པ། མྱུར་སྐྱེལ་མངག་སྐྱེལ་དང་གྲང་ཕྲེང་ཟོག་འགྲེམས་ལས་རིགས་ཀྱི་ལས་གཉེར་བ། ཁོར་ཡུག་འཕྲོད་བསྟེན་བ་དང་། འཚོ་བའི་གད་སྙིགས་དང་སྨན་བཅོས་ཟོག་རོ་དབོར་མཁན། གསོལ་མགྲོན་ཁང་དང་། དམངས་སྲོལ་གནས་ཚང་། མགྲོན་ཁང་། བཟའ་བཏུང་། རོལ་རྩེད་བཅས་ལས་རིགས་ཀྱི་ལས་གཉེར་བ། དགོན་སྡེའི་གྲྭ་བཙུན་དང་དེ་བཞིན་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་གཉེར་བ། ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ལས་གཉེར་བ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་བ། རྒན་གསོ་དང་། བུ་བཅོལ། དབང་པོ་སྐྱོན་ཅན་བཅས་ཀྱི་ཞབས་ཞུ་བ་སོགས་གཙོ་གནད་མི་ཚོགས་ཚུད་ཡོད།

    (གསུམ) རྩེད་ཐང་གྲོང་ཁུལ་དུ་ཉིན་གཉིས་ལ་ཉིང་སྐྱུར་བརྟག་དཔྱད(ཟླ་རེའི་ཆ་གྲངས་ཉིན)ཐེངས་རེ་བྱེད་དགོས། འདིར་རྩེད་ཐང་ཁྲོམ་གཞུང་གི་ནོར་བུ་གླིང་ག་དང་། གསེར་དཀར་སྟེང་། ཁྱུང་དཀར་སྟེང་། ཀརྨ་ཆེན། རྩེད་ཐང་། ཀླུ་ཆུང་། བྱ་ས། སྣེ་གདོང་བཅས་གྲོང་ཁུལ་གཙོ་བོའི་སྡེ་ཁུལ་8དང་། ཁྲ་འབྲུག་གྲོང་རྡལ་ཁྲ་འབྲུག་སྡེ་ཁུལ་གྱི་གྲོང་མི་ཡོངས་དང་དེ་གའི་རྒྱུན་སྡོད་མི་འབོར། གནས་སྡོད་མི་འབོར། ཕྱོགས་མིའི་མི་འབོར། གླ་པ་སོགས་ཚུད་ཡོད།

    (བཞི) ཤང(གྲོང་རྡལ)ཁག་ལ་ཉིན་གསུམ་ལ་ཉིང་སྐྱུར་བརྟག་དཔྱད(ཟླ་རེའི་ཆ་གྲངས་ཉིན་གྱི་ཕྱི་ཉིན)ཐེངས་རེ་བྱེད་དགོས། འདིར་རྩེད་ཐང་ཁྲོམ་གཞུང་བཙན་ཐང་དང་། རྒོད་གསར། སྦྱིན་ཀླུ་བཅས་སྡེ་ཁུལ་གསུམ་དང་ཁྲ་འབྲུག་གྲོང་རྡལ(ཁྲ་འབྲུག་སྡེ་ཁུལ་ཚུད་མེད) ཕོ་བྲང་ཤང་། ཡར་སྟོད་ཤང་། སྐྱེད་པ་ཤང་། སོ་དྲུག་ཤང་། རྡོ་ཕོ་བྲང་ཤང་བཅས་ཀྱི་གྲོང་མི་ཡོངས་དང་དེ་གའི་རྒྱུན་སྡོད་མི་འབོར། གནས་སྡོད་མི་འབོར། ཕྱོགས་མིའི་མི་འབོར། གླ་པ་སོགས་ཚུད་ཡོད།

    (ལྔ།) ཉིང་སྐྱུར་མ་དཔེ་ལེན་པའི་བཀོད་སྒྲིག་གཞན་དག  སློབ་གྲྭར་ལོག་མཁན་སློབ་མར་ཉིན་ལྔ་བསྟུད་མར་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས། འཛིན་གྲྭའི་མི་གྲངས་ཀྱི་20%ལ་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ། “གཟའ་འཁོར་རེར་རེས་སྐོར་རེ”དང་། སྒྲོམ་ཚང་སྨན་ཁང་ནས་དོན་མཁན་རྣམས་ལ་སྨན་ཁང་ནས་དོན་རྗེས་ཟླ་བ་གསུམ་གྱི་ནང་ཚུན་དུ་ཁྱིམ་གྱི་སྒོ་རྩར་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་དང་།  “གཟའ་འཁོར་གཉིས་རེར་བརྟག་དཔྱད་ཐེངས་གཉིས་རེ”བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།