དབུ་ཤོག>ཆེད་སྒྲིག
  • ལྷ་སའི་རིག་བསམ་གླིང་དུ་རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-20

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནི་ཚེ་སྲོག་དང་འབྲེལ་བ་ཡོད་པ་དང་། ལས་འགོ་ཡང་བསྐྱར་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱེད་པ་ནི་འཚོ་བ་དང་འབྲེལ་བ་ཡོད།  ཟླ་9ཚེས་8ཉིན་གྱི་ཆུ་ཚོད་0ནས་བཟུང་། རིག་གནས་བསམ་བཀོད་གླིང་གི་ཉེན་ཁ་ཆུང་བའི་ཁུལ་ཚང་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་གཞིར་བྱས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་ནས། ཁྲོམ་གཞུང་གི་ཚོང་ཁང་ཁག་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་བ་རེད།

    ཉེ་ཆར། གསར་འགོད་པ་ལས་འགོ་ཡང་བསྐྱར་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱས་པའི་རིག་གནས་བསམ་བཀོད་གླིང་དུ་བསྐྱོད་ནས་བཅར་འདྲི་བྱས་པ་ཡིན།

    རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱུང་བའི་རིག་གནས་བསམ་བཀོད་གླིང་།

    640 (3).png

    640 (4).png

    གསར་འགོད་པས་རིག་གནས་བསམ་བཀོད་གླིང་གི་ཟ་ཁང་ཞིག་ནས་ཚོང་ཁང་གི་སྒོ་འགྲམ་དུ་བཞག་པའི་སྒྲོག་ཙེའི་སྟེང་དུ་བོད་ལྗོངས་ཤར་བགྲོད་ཀྱི་རྩ་གཉིས་ཨང་རྟགས་སྦྱར་བ་དང་། སྐམ་འཁྲུད་དུག་སེལ་ལག་ཆུ་དང་ཚོང་ཁང་དུ་འཛུལ་བའི་ཐོ་འགོད་རེའུ་མིག་བཞག་ཡོད་པ་མཐོང་བྱུང་།

    རིག་གནས་བསམ་ངཀོད་གླིང་གི་ཚོང་གཉེར་བ། ཏེང་པོ།

    ལས་འགོ་ཡང་བསྐྱར་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱས་པར། གྲོང་མི་ཏེང་པོར་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། རིམས་འགོག་སྲིད་ཇུས་ལ་བརྩི་སྲུང་ཞུས་ནས་ཚད་དང་ལྡན་པའི་ངང་ཚོང་ཁང་གཉེར་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད།

    རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱུང་བའི་རིག་གནས་བསམ་བཀོད་གླིང་།

        

    640 (5).png

    640 (6).png

         རིག་གནས་བསམ་བཀོད་གླིང་གི་ཚེ་མཆོག་གླིང་གྲོང་ཚོར་གནས་པའི་ལྷ་ས་ས་གཙང་སོས་པ་ནན་འདེམས་སྒོ་རྩིས་ཚོང་ཁང་ནི་གླིང་ཁུལ་དུ་ཡོད་པའི་སྒོ་རྩིས་ཚོང་ཁང་ཆེ་ཤོས་དེ་རེད།  ཟླ་9ཚེས་16ཉིན་གྱི་ཕྱི་དྲོ་གསར་འགོད་པས་འདི་གར་གྲོང་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་རྗེས། སྒོ་རྩིས་ཚོང་ཁང་དུ་ཚོང་ཟོག་སྣ་ཚོགས་འདེམས་བཞིན་པ་མཐོང་བྱུང་། གླིང་ཁུལ་གྱི་ལས་འགོ་ཡང་བསྐྱར་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་ཁག་དང་པོ་ལྷ་ས་ས་གཙང་སོས་པ་ནན་འདེམས་སྒོ་རྩིས་ཚོང་ཁང་དུ་མིག་སྔར་ལས་མི་40ལྷག་ཙམ་གྱིས་ལས་ཀ་བྱེད་བཞིན་ཡོད།

    རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱུང་བའི་རིག་གནས་བསམ་བཀོད་གླིང་།

        

    640 (7).png

    640 (8).png

         སྒོ་རྩིས་ཚོང་ཁང་དང་། ཚོང་ཁང་། སྨན་རྫས་ཚོང་ཁང་། ཟ་ཁང་། སྐྲ་ཁང་སོགས་སྒོ་ཕྱེ་ཡོད་ཅིང་། ཁྲོམ་གཞུང་དུ་རྒྱུན་གཏན་གྱི་འཚོ་བ་རིམ་བཞིན་སླར་གསོ་བྱུང་བཞིན་ཡོད་པ་ལས། རིག་གནས་བསམ་བཀོད་གླིང་གི་དེ་སྔའི་གསོན་ཤུགས་རིམ་གྱིས་མངོན་བཞིན་ཡོད་པ་དང་། རིག་གནས་བསམ་བཀོད་གླིང་དུ་སྐྱོད་སྐབས། ཁ་རས་བརྒྱབ་པའི་གྲོང་མི་ཁག་གཅིག་ཚོང་ཁང་ཁག་ཏུ་འཚོ་བའི་དངོས་རྫས་ཉོ་བཞིན་པ་ཡང་སེ་མཐོང་རྒྱུ་འདུག

    རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱུང་བའི་རིག་གནས་བསམ་བཀོད་གླིང་།

    640 (9).png

    640 (10).png

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།