སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མིས་ཁྱིམ་དུ་ལོག་སྐབས་ཡིད་གཟབ་ག་རེ་བྱེད་དགོས་སམ། དང་པོ། ཁྱིམ་དུ(སྡོད་གནས)ལོག་པའི་ལམ་བར་དུ། སྨན་བཅོས་ཕྱི་ནད་ཀྱི་ཁ་རས་རྒྱག་དགོས་པ་དང་། མཉམ་དུ་ལོག་མཁན་དང་ཁ་བརྡ་མི་གློད་པ། རླངས་འཁོར་ལས་བབས་རྗེས་དུས་ཐོག་ཏུ་ལག་པར་གཙང་སྦྲ་ཡག་པོ་བྱེད་དགོས། ཁུལ་ཆུང་གི་སྒོ་ཁར་སླེབས་རྗེས། ལས་དོན་པས་ལམ་ཆས་ཀྱི་ཕྱི་ངོས་ལ་དུག་སེལ་བྱེད་པར་གཞོགས་འདེགས་བྱེད་དགོས། སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མི་ཁྱིམ་ལ་ལོག་པའི་ལམ་བར་དང་། ཁུལ་ཆུང་གི་སྒོ་རྩ། སྡོད་གནས་བཅས་སུ་སླེབ་པའི་བརྒྱུད་རིམ་འདི་དག་ལ་གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་དགོས་པ་དང་། མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་དགོས། གཉིས་པ། སྡོད་གནས་སུ་སླེབས་རྗེས་ལུས་ལ་འཁྱེར་བའི་དངོས་རྫས་དང་། གྱོན་གོས་བརྗེ་ལེན། ལྷམ་བཅས་ཉི་གཡབ་ཀྱི་རླུང་འགྲོ་ཡག་སར་འཇོག་པ་དང་། དུས་ཐོག་ཏུ་འདག་རྫས་སམ་ཡང་ན་ལག་འཁྲུད་གཤེར་ཁུ། རྒྱུག་ཆུ་བཅས་ཀྱིས་ལག་པ་འཁྲུད་པ་དང་ཆབས་ཅིག གཟུགས་པོ་བཀྲུས་ནས་གྱོན་གོས་བརྗེ་དགོས། སྟོད་ཐུང་དང་། ལྷམ། བརྗེ་ལེན་བྱེད་རྒྱུའི་གྱོན་གོས་བཅས་ཧའོ་ཁེའམ་ཧྲེང་250ཡོད་པའི་དབྱང་གཉིས་ཁིལ་དང་། ཡང་ན་ཧའོ་ཁེའམ་ཧྲེང་500ཡོད་པའི་ཁིལ་དུག་སེལ་གཤེར་ཁུར་སྐར་མ་30སྦངས་ནས་ཡང་བསྐྱར་ཆུ་བཤལ་གཏོང་དགོས། ལམ་ཆས་ལ་དགོས་མཁོ་མེད་ཚེ་ཉིན་14བཞག་རྗེས་གཞི་ནས་ཁ་འབྱེད་དགོས། གསུམ་པ། སྨན་ཁང་དང་སྒྲོམ་ཚང་ནས་དོན་རྗེས། བླང་བྱ་ལྟར་མུ་མཐུད་ཉིན་7རིང་ཁྱིམ་དུ་བསྡད་དེ་བདེ་ཐང་བརྟག་དཔྱད་བྱེད་དགོས་པ་དང་། ཁ་རས་རྒྱག་པ། རླུང་འགྲོ་ཡག་པའི་ཁང་པའི་ནང་དུ་མི་གཅིག་ཁེར་སྡོད་བྱེད་དགོས། ནང་མི་དང་བར་ཐག་རིང་ཙམ་འཇོག་པ་དང་། བཟའ་བཏུང་གི་རིགས་དབྱེ་བ། ལག་པར་གཙང་སྦྲ་ཡག་པོ་བཅས་བྱས་ཏེ་ཕྱི་ལ་ཉུང་ཙམ་འགྲོ་དགོས། མཇུག་མཐར། ང་ཚོས་ཀྱང་སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མི་ལ་ཞེད་སྣང་དང་མཐོང་ཆུང་བྱ་མི་རུང་། ལོ་གཉིས་ལྷག་གི་རིང་ལ་རྒྱུན་མཐུད་རྗེས་འདེད་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་ཆ་རྐྱེན་དང་མཐུན་པའི་མི་ལ་འགོ་ནད་གྱི་རང་བཞིན་ལྡན་མེད་པ་མ་ཟད། རིམས་ནད་འདིའི་འགོག་ནུས་ཀྱང་ཐོབ་ཡོད། སྨན་ཁང་དང་སྒྲོམ་ཚང་ནས་དོན་པའི་མི་ལ་ཉིན་7རིང་ཁྱིམ་དུ་བསྡད་ནས་བདེ་ཐང་ལ་ལྟ་རྟོག་བྱེད་དགོས་པའི་བླང་བྱ་འདོན་པ་ནི་མ་བྱུང་སྔོན་འགོག་གི་བྱེད་ཐབས་ཙམ་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺