དབུ་ཤོག>ཆེད་སྒྲིག
  • རིམས་འགོག་གི་གྲུབ་འབྲས་བརྟན་དུ་བཏང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-19

    ཉིན་ཤས་བསྟུད་མར། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། མིག་སྔའི་བར་མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ(དང་བླངས་པ)རུ་ཁག་100ལྷག་ཙམ་ལ་གཞོགས་འདེགས་བྱས་ནས་བཙུགས་པ་དང་། རིམས་འགོག་ས་ཚིགས་188བཙུགས་པ། མང་ཚོགས་ལ་ལོ་ཏོག་མུའུ་6700ལྷག་ཙམ་བསྡུ་རོགས་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་1800ལྷག་ཙམ་ཐག་གཅོད་བྱས་པ་དང་མང་ཚོགས་ཁྲི་3.36ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་བ་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་རིམས་འགོག་དངོས་ཟོག་དང་སྨན་ཁྱེར་ཏེ་འབྲོག་པ་དང་མཉམ་དུ་སྟོན་དུས་འབྲོག་རར་སྐྱས་སྤོ་བའི་ལས་དོན་ཁག་དང་པོ་སྤེལ་བ་མ་ཟད། མང་ཚོགས་ལ་སྨན་དང་སྨན་སྤྱོད་ཁ་རས་ཀྱང་སྤྲད་པ་རེད། རྫོང་ཞོལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཁོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་དང་རྒྱང་བསྒྲགས་ཆུང་ངུ་སོགས་ཁོངས་གཏོགས་ནང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དྲིལ་བསྒྲགས་བྱས་པ་དང་། གྲོང་མི་དང་ཉེ་འཁོར་གྱི་ལས་ཡུལ་བཟོ་པར་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ། གུང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་མི་སྣར་གྲལ་བཤེར་དང་བཀག་སྡོམ་ནན་པོ་བྱས་ཏེ“ཕྱི་ནས་འགོ་རྒྱུ་སྔོན་འགོག་བྱེད་པའི”འགག་སྒོ་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།