དབུ་ཤོག>ཆེད་སྒྲིག
  • རིམས་ནད་རིང་ནང་དུ་སྦག་ཁང་བཙུགས་པ་དང་ཆམ་པའི་སྨན་གང་བྱུང་བཙོངས་ན……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-18

    རིམས་ནད་ལ་འགོག་རྒོལ་བྱེད། —— བཅའ་ཁྲིམས་དང་ཀུན་སྤྱོད་མཉམ་དུ་སྐྱོད།

    抗击疫情 —— 法律与道德同行

    1.png

    དོན་བསྟུན་ཁྲིམས་གླེང་།

    以事说法

    2.png

    13.རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཁྱིམ་ཚང་གི་སྡོད་གནས་སུ་མིག་མངས་དང་ཏག་སེ་སོགས་རྩེད་ར་དང་སྦག་ཁང་བཙུགས་པ་དང་། ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་སོགས་སྒྲིག་ཁྲིམས་ལས་འགལ་ནས་བཙོངས་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས་ཕལ་ཆེར《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་ལས་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་10མན་བར་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅད་ཆོག་པ་དང་། ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་འཛིན་ཆད་པ་གཞན་དག་གཅོད་དགོས། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་དང་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད།

    13.疫情防控期间,在家庭住所开设棋牌档、麻将室,违规售卖感冒发热药品等的,涉嫌违反哪些法律,需要承担哪些后果?

    答:此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款;或者由有关部门予以其他行政处罚。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

    14.རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། གྲོང་མིས་གཏན་འབེབས་ལས་འགལ་ཏེ། ཕྱི་ལ་བསྐྱོད་ནས་སྦག་རྒྱག་པ་དང་། ཟ་འཐུང་བྱེད་པ། རོལ་རྩེད་རྩེ་བ་སོགས་འདུ་འཛོམས་ཀྱི་བྱེད་སྒོར་ཞུགས་ཤིང་། ཁ་ཏ་བསླབ་བྱ་བྱས་ཀྱང་ཁ་ལ་མ་ཉན་པའི་རིགས། བཅའ་ཁྲིམས་གང་དག་ལས་འགལ་བའི་དོགས་གཞི་ཡོད་པ་དང་། མཇུག་འབྲས་གང་ཞིག་འཁུར་དགོས་སམ།

    ལན། བྱེད་སྤྱོད་འདི་རིགས《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་པ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་5ཡན་ནས་10མན་བར་གྱི་བཀག་ཉར་བྱེད་དགོས་པ་དང་ཆབས་ཅིག སྒོར་500མན་གྱི་དངུལ་ཆད་གཅད་ཆོག ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་ལས་འགལ་བའི་དོགས་གཞི་ཡོད་པས། འགོ་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ཉེས་པ་བསགས་པ་རེད། གཏན་འཁེལ་ནད་པ་དང་ནད་ཁུངས་ལྡན་པའི་མིས་ནད་གཞི་སྦ་གསང་བྱས་པ་དང་གང་དུ་བསྐྱོད་པའི་ཆ་འཕྲིན་སྦ་གསང་བྱས་ནས། སྤྱི་པའི་དོ་རར་བསྐྱོད་པའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་བསྡད་དེ་ཏོག་དབྱིབས་ནད་དུག་གསར་པ་མཆེད་རིགས། ཕལ་ཆེར《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་པས། ཉེན་ཁའི་བྱ་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་རེད།

    14.疫情防控期间,居民违反规定外出参加打牌、餐饮、娱乐等聚集活动,经劝阻无效的,涉嫌违反哪些法律,需要承担哪些后果?

    答: 此种行为违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌违反《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

    ཁྲིམས་ལུགས་རྒྱུན་ཤེས།

    法律常识

    3.png

    9.འགོ་ནད་དོན་པ་དང་མཆེད་པའི་སྐབས་སུ་རིམ་ཁག་སྲིད་གཞུང་གིས་མི་སྐོང་བ་དང་དངོས་ཟོག་བཀོད་སྒྲིག་བྱེད་ཐབས་གང་དག་སྤྱོད་དགོས་སམ།

    ལན། 《འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པར། “འགོ་ནད་དོན་པ་དང་མཆེད་སྐབས། འགོ་ནད་ཀྱི་རིམས་ནད་ཚོད་འཛིན་གྱི་དགོས་མཁོར་གཞིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ལས་སྒྲོལ་བའི་ཁྱབ་ཁོངས་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ལ་སྲིད་འཛིན་ཁྱབ་ཁོངས་དེ་རང་གི་མི་ཛ་དྲག་ངང་སྐོང་བའམ་ཡང་ན་གྲབས་གསོག་དངོས་ཟོག་བཀོད་སྒྲིག་བེད་སྤྱོད་གཏོང་བ་དང་། སྡོད་ཁང་ངམ། འགྲིམ་འགྲུལ་ཡོ་ཆས། དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་སོགས་གནས་སྐབས་བསྡུས་ནས་བེད་སྤྱོད་བྱེད་དབང་ཡོད།

    མི་ཛ་དྲག་ངང་བསྐོངས་རིགས། གཏན་འབེབས་གཞིར་བཟུང་ལུགས་དང་མཐུན་པའི་ཐོབ་ཆ་སྤྲོད་དགོས་ངེས་རེད། སྡོད་ཁང་དང་། འགྲིམ་འགྲུལ་ཡོ་ཆས། དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་སོགས་གནས་སྐབས་བསྡུས་ནས་སྤྱོད་རིགས། ཁྲིམས་ལྟར་ཁ་གསབ་སྤྲོད་དགོས་པ་དང་། ཕྱིར་སློག་ཐུབ་རིགས་དུས་ཐོག་ཏུ་ཕྱིར་སློག་དགོས་ངེས་ཡིན”པའི་བཏག་འབེབས་བྱས་འདུག

    《ཐོལ་བྱུང་དོན་རྐྱེན་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པར། “གཅིག་གྱུར་འགོ་འཁྲིད་པའི་འགན་འཁྲི་སྒྲུབ་མཁན་ནམ་ཡང་ན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྒྲིག་འཛུགས་བྱེད་མཁན་མི་དམངས་སྲིད་གཞུང་གིས། དགོས་ངེས་ཀྱི་སྐབས་སུ་ཚན་པ་དང་མི་སྒེར་གྱི་ས་ནས་འཕྲལ་སྡོམ་རོགས་སྐྱོབ་ལ་མཁོ་བའི་སྒྲིག་ཆས་དང་། སྒྲིག་བཀོད། ས་ཆ། འགྲིམ་འགྲུལ་ཡོ་ཆས། དངོས་ཟོག་གཞན་དག་བཅས་བསྡུས་ཏེ་སྤྱད་ཆོག་པ་དང་། ས་གནས་མི་དམངས་སྲིད་གཞུང་གཞན་དག་ལ། མི་རྒྱུ་དངུལ་གསུམ་མམ་ཡང་ན་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་དགོས་པའི་སྐྱབས་འཇུག་ཞུ་བ་དང་། འཚོ་བའི་མཁོ་ཆས་དང་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་མཁན་ཁེ་ལས་ལ། ཐོན་སྐྱེད་སྒྲིག་འཛུགས་དང་མཁོ་སྤྲོད་འགན་ལེན་བྱེད་དགོས་པའི་རེ་བ་འདོན་པ། སྨན་བཅོས་དང་འགྲིམ་འགྲུལ་སོགས་སྤྱི་པའི་ཞབས་འདེགས་མཁོ་འདོན་བྱེད་མཁན་ལ། དེ་མཚུངས་ཀྱི་ཞབས་འདེགས་མཁོ་འདོན་སྒྲིག་འཛུགས་བྱེད་དགོས་པའི་བླང་བྱ་འདོན་དགོས།

    གཅིག་གྱུར་འགོ་འཁྲིད་པའི་འགན་འཁྲི་སྒྲུབ་མཁན་ནམ་ཡང་ན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སྒྲིག་འཛུགས་བྱེད་མཁན་མི་དམངས་སྲིད་གཞུང་གིས། སྐྱེལ་འདྲེན་གཉེར་སྐྱོང་ཚན་པར་མཐུན་སྦྱོར་དང་སྒྲིག་འཛུགས་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་ལ་མཁོ་བའི་དངོས་ཟོག་དང་། སྒྲིག་ཆས། ལག་ཆ། འཕྲལ་སྡོམ་རོགས་སྐྱོབ་པ། ཐོལ་བྱུང་དོན་རྐྱེན་གྱི་གནོད་འཚེ་ཕོག་པའི་མི་བཅས་སྔོན་ལ་དབོར་དགོས་ངེས་ཡིན”པའི་གཏན་འབེབས་བྱས་འདུག

    9.传染病暴发、流行时,各级政府可以采取哪些人员、物资的征调措施?

    答: 《传染病防治法》第四十五条规定:“传染病暴发、流行时,根据传染病疫情控制的需要,国务院有权在全国范围或者跨省、自治区、直辖市范围内,县级以上地方人民政府有权在本行政区域内紧急调集人员或者调用储备物资,临时征用房屋、交通工具以及相关设施、设备。

    紧急调集人员的,应当按照规定给予合理报酬。临时征用房屋、交通工具以及相关设施、设备的,应当依法给予补偿;能返还的,应当及时返还。”

    《突发事件应对法》第五十二条规定:“履行统一领导职责或者组织处置突发事件的人民政府,必要时可以向单位和个人征用应急救援所需设备、设施、场地、交通工具和其他物资,请求其他地方人民政府提供人力、物力、财力或者技术支援,要求生产、供应生活必需品和应急救援物资的企业组织生产、保证供给,要求提供医疗、交通等公共服务的组织提供相应的服务。

    履行统一领导职责或者组织处置突发事件的人民政府,应当组织协调运输经营单位,优先运送处置突发事件所需物资、设备、工具、应急救援人员和受到突发事件危害的人员。”

    4.png

    5.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།